【ཚོགས་ཆེན་གཉིས·ང་ནི་གཞི་རིམ་ནས་ཡོང】 སྔར་ལས་མང་བའི་མང་ཚོགས་ལ་བདེ་ཐང་དབུལ་སྐྱོར་ཐོབ་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། རང་ཉིད་ཀྱིས་སྲིད་གཞུང་གི་བྱ་བའི་སྙན་ཞུར་སློབ་སྦྱོང་བྱེད་པའི་མྱོང་ཚོར་སྐོར་བཤད་ན། “མི་སེམས་ལ་སྐུལ་མ་ཐེབས་པ་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པར་སྐུལ་མ་ཐེབས་པ་རེད།”ཅེས་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་མི་དམངས་སྨན་ཁང་གི་སྨན་དོན་ཁོའོ་ཡི་ཁོའོ་ཀྲང་འབྲུག་མོ་ཡིས་བཤད།

སྔོན་ཆད། སྨན་བཅོས་བྱེད་པའི་སྒོར་མོ་མེད་ལ་ཐག་རིང་དུ་ནད་ལྗིད་མོར་བལྟ་རུ་འགྲོ་འདོད་མེད། ད་ཆ་སྒོ་འགྲམ་དུ་ལུས་ཕུང་བརྟག་དཔྱད་བྱ་ཆོག་པ་དང་། ཐག་ཉེ་ས་ནས་རྫོང་དང་ཁུལ་ནས་སྨན་བཅོས་བྱེད་ཆོག་པའམ་ཡང་ན་ཐད་ཀར་ཞིང་ཆེན་དུ་སྨན་བཅོས་བྱེད་པར་སྐྱོད་ཆོག་པ། ཐག་ཉེ་ས་ནས་སྨན་བཅོས་བྱེད་པ། ས་ཁོངས་བརྒལ་ནས་སྨན་བཅོས་བྱེད་པ་བཅས་ཀྱི་སྨན་རིན་རྩིས་རྒྱག་རྒྱུ་དེ་དཀའ་མོ་ཞིག་མིན། འབྲུག་མོས་ལོ་དེ་དག་རིང་ཁྱིམ་ཚང་གི་དཔལ་འབྱོར་ཆུ་ཚད་མཐོ་རུ་ཕྱིན་པ་དང་བསྟུན་ནས་མི་སེར་གྱི་ལུས་ཕུང་བདེ་ཐང་ལ་སྔར་ལས་མཐོང་ཆེན་བྱེད་ཀྱིན་ཡོད་ཅེས་བཤད།

ན་ནིང་། མདོ་ལ་རྫོང་མི་དམངས་སྨན་ཁང་གིས་སྣེ་ཁྲིད་དེ་རྫོང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་དང་། མ་བུ་བདེ་སྲུང་ལྟེ་གནས། རྫོང་སྨན་རྩིས་ཁང་བཅས་གཞོགས་འདེགས་ཚན་པར་བྱས་ནས་ཤང་གྲོང་འཕྲོད་བསྟེན་ཁང་གི་ཐོན་ཁུངས་དང་དེ་བཞིན་གྲོང་ཚོ་རིམ་པའི་འཕྲོད་བསྟེན་ཁང་བསྡུ་སྒྲིལ་བྱས་ཏེ། སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་དམ་ཟབ་བཙུགས་ནས་བདེ་ཐང་དབུལ་སྐྱོར་ལག་བསྟར་བྱེད་འགོ་ཚུགས་པ་རེད། མདོ་ལ་རྫོང་གིས་རྫོང་རིམ་པ་དང་མཚོ་སྐྱོར་སྨན་བཅོས་ཐོན་ཁུངས་གྲོང་གསེབ་ཏུ་བསྡུ་སྒྲིལ་བྱས་པ་དང་། སྨན་བཅོས་རྐང་འཛིན་པ20ལྷག་གསོ་སྦྱོང་བྱས་པ། འོས་འགན་སྨན་བཅོས་དང་གཞི་རིམ་དུ་སྐྱོད་པའི་ལས་སྒོའི་མཛུབ་ཁྲིད་ཐེངས30ལྷག་སྒྲིག་འཛུགས་བྱས་པ། ཚད་གཞི་ཅན་གྱི་གྲོང་ཚོ་རིམ་པའི་འཕྲོད་བསྟེན་ཁང45བསྐྲུན་པ། སྤུས་ལེགས་སྨན་བཅོས་བདེ་ཐང་ཐོན་ཁུངས་འབོར་ཆེན་མི་སེར་གྱི་ཉེ་འགྲམ་དུ་བསྐྱལ་བ་བཅས་རེད།

འབྲུག་མོས་གཞི་རིམ་དུ་བརྟག་ཞིབ་བྱེད་སྐབས་ས་གནས་ཁག་གཅིག་ཏུ“ནད་གཞིས་རྐྱེན་པས་སླར་ཡང་དབུལ་པོར་གྱུར་པ”དང“ནད་གཞིས་རྐྱེན་པས་དབུལ་པོར་གྱུར་པའི”གནས་ཚུལ་ཡོད་པ་ཤེས་རྟོགས་བྱུང་ཡང་། ཞིང་ཆེན་དེ་ཡོངས་ཀྱི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་ཆབས་ཅིགའཕྲོད་བསྟེན་ཁང་ཁྱོན་ཡོངས་ལ་ཁྱབ་པ་དང་། ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟགས་ཁུའི་ནད་དང་སྒོ་བསྟེན་སྨན་ཁང་གི་སྨན་རྩིས་ནང་འཇུག་པ་སོགས་དམངས་ཕན་བྱེད་ཐབས་རབ་དང་རིམ་པ་ལག་ལེན་བསྟར་བས་མི་སེར་ཚོར་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད་ཅེས་བཤད།

འབྲུག་མོས་སྲིད་གཞུང་གི་བྱ་བའི་སྙན་ཞུའི་ནང་ད་ལོ་བདེ་ཐང་མཚོ་སྔོན་གྱི་ལོ་གསུམ་བྱ་སྤྱོད་ལག་བསྟར་བྱས་ནས་ས་ཁོངས་ནད་རིགས་ཀྱི་ཆེད་དོན་འགོག་བཅོས་འགག་སྒྲོལ་ལག་ལེན་ལ་སྐུལ་འདེད་དང་། གཞི་རིམ་གྱི་ནད་ཡམས་ཚོད་འཛིན་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་པ། ཐུམ་འབུའི་ནད་པར་སྨན་བཅོས་ཁྱོན་ཡོངས་ལ་ཁྱབ་པ་བཅས་བྱས་ནས་ལྷན་སྐྱེས་སྙིང་ནད་ཀྱི་སྤྱི་ཚོགས་སྐྱོབ་བཅོས་ལ་སྐུལ་འདེད་ཧུར་ཐག་གཏང་རྒྱུ་དང་། སྨན་བཅོས་འགན་སྲུང་གི་འབྲེལ་བ་སྤོ་སྒྱུར་དང་། ཡུལ་གཞན་དུ་རྩིས་རྒྱག ནད་ཆེན་འགན་བཅོལ། སྨན་བཅོས་རོགས་སྐྱོབ་བཅས་ཀྱི་ལམ་ལུགས་འཐུས་སྒོ་ཇེ་ཚང་དུ་བཏང་སྟེ་གྲོང་མིའི་སྨན་བཅོས་འགན་སྲུང་གི་མི་རེའི་ཆ་སྙོམས་ནོར་སྲིད་ཁ་གསབ་ཚད་གཞི་མཐོ་རུ་གཏང་རྒྱུ་སོགས་མང་ཚོགས་དཀྱུས་མའི་ངོས་ནས་བརྗོད་ན། དེ་དག་ཚང་མ་གཏམ་བཟང་ཞིང་ཡིན་པ་དང་སྲིད་ཇུས་ཚང་མ་མི་སེར་གྱི་ངོས་ནས་བཤད་ན་དངོས་གནས་དྲང་གནས་ཀྱི་བདེ་ཐང་ཐུགས་ཁུར་ཞིག་རེད་ཅེས་བཤད་པ་རེད།

ལོ་ཙཱ་བ། གཡང་སྐྱིད།