བ་ཡན་རྫོང་གིས་རྒྱུན་མཐུད་ངང་འཐེན་ཐུག་དཔལ་འབྱོར་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་བ།

རང་རེའི་དྲ་བའི་འཕྲིན་ལྟར་ན། གལ་སྲིད་ཐོན་ལས་གང་ཞིག་ནི་མཚོ་ཤར་དབུལ་སྐྱོར་གྱི་རྐང་འཛིན་སྟོབས་ཤུགས་རེད་ཟེར་བས་ཚེ།མི་རྣམས་སྣང་ངོར་ཐོག་མར་འཐེན་ཐུག་དྲན་ངེས་རེད། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཧན་ཅིན་ལུའུ་ཡིས་འཐེན་ཐུག་ཐོན་ལས་རིམ་སྤོར་དང་ཕྱོགས་སྒྱུར་འཕེལ་རྒྱས་ཐད་སེམས་ནུས་ཡོད་རྒུ་བཏོན་པ་དེས་ཐོག་ནས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ཞིག་གི་འགན་འཁྲི་དང་འགན་འཁྲི་འཁུར་སེམས་མཚོན་ཡོད། 

བ་ཡན་རྫོང་དེ་ཞིང་ཆེན་ཡོངས་ཀྱི་འཐེན་ཐུག་ཐོན་ལས་ཕྱིར་གཏོང་བྱ་ཡུལ་ཆེ་ཤོས་ཡིན་པའི་ངོས་ནས། ད་ཆར་འཐེན་ཐུག་ཚོང་ཁང་དེ་རྒྱལ་ཡོངས་ཀྱི་ཞིང་ཆེན27དང་། ཐད་གཏོགས་གྲོང་ཁྱེར4རྫོང་དང་ཆུས1696། རྒྱལ་ཁབ11བཅས་སུ་ཁྱབ་ནས་ལས་ཞུགས་མི་སྣ་ཁྲི11.1ཟིན་ཡོད་ལ། ཕ་ཡུལ་དུ་ལོག་ནས་ལས་གཏོད་ཐོ་འགོད་བྱེད་མཁན་ཀུང་སིའམ་ཡང་ན་ཁེ་ལས348ཟིན་པ་དང་འཐེན་ཐུག་ཚོང་ཁང་ཞིག་གི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི50ཡས་མས་ཟིན་པ(ཉིན་གཅིག་གི་ལས་གཉེར་ཡོང་འབབ་སྒོར1400ཡས་མས་ཡིན་པ)ཟིན་པ་དང་འཐེན་ཐུག་ཚོང་ཁང་ཁྲི1.7གྱི་ལོ་གཅིག་གི་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར100ཙམ་ཟིན་པ་དང་། (ལོའི་ཁེ་སྤོགས་སྒོར་དུང་ཕྱུར37ཟིན་པ)ལས་ཞུགས་མི་སྣའི་ལོའི་གླ་ཕོགས་རང་བཞིན་གྱི་ཡོང་འབབ་སྒོར་དུང་ཕྱུར52ཟིན་ཡོད། དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་བརྒྱབ་རྗེས་མཚོ་ཤར་གྲོང་ཁྱེར་གྱིས་དངུལ་རྩའི་རོགས་སྐྱོར་དང་། རྩལ་ནུས་གསོ་སྦྱོང་། རྗེས་འདེད་ཞབས་ཞུ་སོགས་ཀྱི་བྱ་ཐབས་རབ་དང་རིམ་པ་བཏོན་ནས“འཐེན་ཐུག་དབུལ་སྐྱོར”གྱིས་སྣེ་ཁྲིད་བྱེད་པའི་ངལ་ནུས་དབུལ་སྐྱོར་གྱི་རྣམ་པ་གསར་པ་བཏོད་ཡོད་པ་རེད། 

འཐེན་ཐུག་ཐོན་ལས་གཉེར་མཁན་གྱི་འཐུས་མི་ཞིག་ཡིན་པའི་ཧན་ཅིན་ལུའུ་ཡིས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་འཐུས་མིའི་ནུས་པ་མུ་མཐུད་འདོན་སྤེལ་དང་། བ་ཡན་བཟོ་ཚོང་ལས་རིགས་ཀྱི་མི་སྣ་དང་མཉམ་འབྲེལ་བྱེད་པ། དབུལ་ཐར་འགག་སྒྲོལ་ལ་དམ་པོར་དམིགས་པ། ཀྲུང་གོའི་འཐེན་ཐུག་ཁྱད་ལྡན་གྲོང་རྡལ་ཆུང་ངུ་གོ་སྐབས་སུ་བྱས་ཏེ། 《མཚོ་སྔོན་གྱི་འཐེན་ཐུག་དཔལ་འབྱོར་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་བཏང་ནས་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཞིང་ཆེན་སྲིད་གཞུང་གི་ལག་བསྟར་བསམ་འཆར》དང་། 《མཚོ་ཤར་གྲོང་ཁྱེར་གྱིས་འཐེན་ཐུག་ཐོན་ལས་སྤུས་ཚད་མཐོ་པོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་ཇུས་གཞི》ནུས་ཤུགས་ཡོད་རྒུས་དོན་འཁྱོལ་བྱས་ནས་བཟོ་ཚོང་ལས་རིགས་ཀྱི་ཕྱོགས་ཁག་གི་ཐོན་ཁུངས་དང་འབྲེལ་གཏུག་ཧུར་ཐག་བྱས་ཏེ་བ་ཡན་འཐེན་ཐུག་དཔལ་འབྱོར་ལ་མུ་མཐུད་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད། 

ལོ་ཙཱ་བ། ཀླུ་མོ།