སྐྱེ་ཁམས་སྲུང་སྐྱོབ་ཐེབས་རྩས་རང་ཞིང་གི་སྐྱེ་ཁམས་འཛུགས་སྐྲུན་ལ་གཞོགས་འདེགས་བྱས་པ།

རང་རེའི་དྲ་བའི་འཕྲིན་ལྟར་ན།གསར་འགོད་པས་ཉེ་ཆར་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་ཐེབས་རྩ་ལྷན་ཚོགས་ཀྱི་སྐབས་གཉིས་པའི་ལས་འཛིན་ལྷན་ཚོགས་དང་ལྟ་ཞིབ་པའི་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་གསུམ་པའི་ཐོག་ནས་ཤེས་རྟོགས་བྱུང་བ་ལྟར་ན། ལོ་ངོ་འདི་དག་གི་རིང་། གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་ཐེབས་རྩ་ལྷན་ཚོགས་ཀྱིས་ལག་ལེན་དང་འཚོལ་ཞིབ་བྱས་པ་བརྒྱུད། མཚོ་སྔོན་ཞིང་ཆེན་གྱི་སྣོད་བཅུད་འཛུགས་སྐྱོང་ལ་ཕན་འབྲས་དངོས་ཐོན་རྒྱུར་རོགས་རམ་བྱས་ཡོད།

2019ལོར་ཐེབས་རྩ་ལྷན་ཚོགས་དེས་སྤུས་རྟགས་ལས་གཞི་ཆེན་པོ་བཞི་དང་། སྤྱི་ཕན་བྱེད་སྒོ་ཆེ་གྲས་བཞི། རྟེན་གཞི་གཉིས་འཛུགས་སྐྲུན། ལས་སྟེགས་གཉིས་འཛུགས་སྐྲུན། དེ་བཞིན་སྣོད་བཅུད་འཛིན་གྲྭ་དང་སྣོད་བཅུད་ཉམས་ལེན་ཀུང་སི་བཅས་ཀྱི“442211”འཐབ་ཇུས་བཀོད་སྒྲིག་བཏོན་པ་རེད། སྣོད་བཅུད་ཁུལ་ཆུང་འཛུགས་སྐྲུན་ལས་གཞི་དང་། སྣོད་བཅུད་གྲོང་ཚོའི་འཛུགས་སྐྲུན་ལས་གཞི། གཙང་གསུམ་ཆུ་འགོའི་བུད་མེད་ཀྱི་བདེ་ཐང་ལ་གཅེས་སྐྱོང་བྱེད་པའི་བྱ་སྤྱོད། སྲོལ་རྒྱུན་རིག་གནས་སྲུང་སྐྱོང་ལས་གཞི་བཅས་ལག་བསྟར་བྱས་ཡོད། འཆར་འགོད་བྱས་ནས་སྤེལ་བའི“འཐུང་ཆུའི་ཆུ་འགོ་ནས་གཙང་གསུམ་ཆུ་འགོ་འཚོལ་ཞིབ་བྱེད་པའི”ལས་སྒོ་དང་། མཚོ་བོད་ས་མཐོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གླེང་སྟེགས། འབྲི་ཆུའི་ཆུ་འགོའི་ཚན་རིག་རྟོག་ཞིབ་བྱེད་སྒོ། སྣོད་བཅུད་ཉམས་ལེན་བྱེད་སྒོ་སོགས་སྤྱི་ཕན་བྱེད་སྒོར་སྤྱི་ཚོགས་ལས་རིགས་ཁག་གི་གདེང་འཇོག་ཡག་པོ་དང་ཁས་ལེན་ཐོབ་ཡོད། 

《གཙང་གསུམ་ཆུ་འགོའི་སྣོད་བཅུད》དུས་དེབ་དང་ཐེབས་རྩ་ལྷན་ཚོགས་དྲ་ཚིགས་ཀྱི་དྲིལ་སྒྲོག་སྟེགས་བུ་གཉིས་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་པའི་རྨང་གཞིའི་ཐོག ཞིང་ཆེན་དང་སྨྱན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་གི་དྲིལ་སྒྲོག་རྒྱ་ཆེར་གཏོང་བ་དང་། གཙང་གསུམ་ཆུ་འགོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་རྟེན་གཞི་འཛུགས་སྐྲུན་དང་སྨར་ཁོག་ཆུ་བོའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལྟ་ཞིབ་ཚད་ལེན་དང་འཛུགས་སྐྲུན་ལ་བརྟེན་ནས་སྣོད་བཅུད་ཚན་ཞིབ་ཀྱི་རྨང་གཞི་བརྟན་དུ་གཏོང་བ། སྣོད་བཅུད་འཛིན་གྲྭ་ཐོག་མ་དེ་སྣོད་བཅུད་སྲུང་སྐྱོང་གསོག་འཇོག་ཤེས་ལྡན་མི་སྣ་གཏོད་པ། སྣོད་བཅུད་མྱོང་རོལ་ཚད་ཡོད་ཀུང་སི་ཧུར་ཐག་གཉེར་ནས་ཐེབས་རྩ་ལྷན་ཚོགས་ཀྱི་འཕེལ་རྒྱས་ལ་སླར་ཡང་སྒུལ་ཤུགས་བསྣན་ནས་ལོ་ཧྲིལ་པོར་སྤྱི་ཕན་ལས་གཞི་ལ་མ་དངུལ་སྒོར་ཁྲི600ཙམ་བཏང་ཡོད་པ་རེད། 

དེ་དང་ཆབས་ཅིག མ་དངུལ་རྒྱ་ཁྱབ་ངང་བསྡུས་ནས་སྣོད་བཅུད་སྲུང་སྐྱོང་འཛུགས་སྐྲུན་བྱ་གཞག་ལ་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་ཧྭའི་ཆུ་གསོག་མཐོ་སྣེའི་ས་ཁུལ་དྲིལ་སྒྲོག་དང་སྲུང་སྐྱོང་བྱེད་པ། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་རམ་འདེགས་བྱེད་པ། ཞིང་འབྲོག་ཁུལ་གྱི་ཞི་མཐུན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྣོད་བཅུད་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ཕན་འབྲས་དངོས་ཐོན་ནས་ལོ་ཧྲིལ་པོར་མ་དངུལ་སྒོར་ཁྲི3000ཙམ་བསྡུ་རུབ་བྱས་ནས་ཐེབས་རྩ་ལྷན་ཚོགས་ཀྱི་ལོ་འཁོར་གྱི་ཞལ་འདེབས་མ་དངུལ་གྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད། 

ལོ་ཙཱ་བ། ཀླུ་མོ།