ཞིང་ཆེན་ཏང་ཨུ་དྲིལ་སྒྲོག་པུའུ་ཡིས་ལོ་སར་དུས་ཆེན་གྱི་དབུལ་སྐྱོར་འཚམས་འདྲིའི་བྱེད་སྒོ་སྤེལ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུ་ལྟར་ན།སྤྱི་ཟླ1པོའི་ཚེས16ཉིན་ཞིང་ཆེན་ཏང་ཨུ་དྲིལ་སྒྲོག་པུའི་འཚམས་འདྲི་ཚོགས་ཆུང་དང་བཅས་པས་ཆ་སྒྲིག་རོགས་སྐྱོར་བྱས་པའི་ཡ་རྫི་ས་ལར་རིགས་རང་སྐྱོང་རྫོང་ཀ་རིང་བོད་རིགས་ཞང་ཡ་ག་སྡེ་བ་དང་བར་ལུང་སྡེ་བ་ནས་ལོ་སར་དུས་ཆེན་གྱི་དབུལ་སྐྱོར་འཚམས་འདྲིའི་བྱེད་སྒོ་སྤེལ་བ་རེད། སྡེ་བ་གཉིས་ཀྱི་དབུལ་ཕོངས་ཁྱིམ་ཚང་ལ་རིན་གོང་སྒོར་ཁྲི3.1གི་འཚམས་འདྲིའི་དངོས་ཟོག་དང་ལག་དངུལ་སྒོར་ཁྲི1.05སྤྲད་པ་དང་། སྡེ་བ་གཉིས་ཀྱི་ཞིང་པའི་དཔེ་དེབ་ཁང་དང་དེ་བཞིན་སློབ་གྲྭ་ཁག་ལ་རིན་གོང་སྒོར་ཁྲི3.3ཡི་དཔེ་དེབ་ཞལ་འདེབས་ཕུལ་བ་ལ། ཞིང་ཆེན་རིག་གནས་ཁང་གི“སྐར་ཚོགས”རིག་རྩལ་རྟ་དམག་སྒྲིག་འཛུགས་ཀྱིས་བར་ལུང་སྡ་བར་ཟློས་གར་གྲོང་གསེབ་ཏུ་སྐྱེལ་བའི་འཚམས་འདྲིའི་འཁྲབ་སྟོན་བྱས་པ་རེད།

སྙན་འཇེབས་ལྡན་པའི་གླུ་གཞས་རེ་རེས་ལོ་གསར་པའི་མཛེས་སྡུག་ལྡན་པའི་འཚོ་བར་སྨོན་འདུན་ཞུས་པ་དང་། སྤྲོ་སྣང་དོད་པའི་ཞབས་བྲོ་འཁྲབ་པ། འབད་འབུངས་ཡར་བརྩོན་གྱི་དུས་རབས་གསར་པ་དང་ལེའུ་གསར་པ་མུ་མཐུད་རྩོམ་པའི་ཡིད་ཆེས་བརྟན་པོ་ཡོད་པ་བཅས་ལ་བརྟེན་དེ་གར་ཡོད་པའི་ལྟད་མོ་བའི་ཐལ་མོའི་རྡེབ་སྒྲ་ཡང་ཡང་ཐོབ་ཡོད།ཐེངས་འདིའི་འཚམས་འདྲིའི་འཁྲབ་སྟོན་བྱེད་སྒོ་ནི་ཞིང་ཆེན་ཏང་ཨུ་དྲིལ་སྒྲོག་པུའུ་སོགས་སྡ་ཁག་གིས་མཉམ་འབྲེལ་ཐོག་སྒྲིག་འཛུགས་བྱས་པའི2020ལོའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་དང་། ཚན་རྩལ། འཕྲོད་བསྟེན་བཅས“གཤམ་སྤེལ་གསུམ”གྱི་བྱེད་སྒོའི་ཁྲོད་ཀྱི་བྱེད་སྒོ་ཞིག་རེད།

ན་ནིང་ནས་བཟུང་། ཞིང་ཆེན་ཏང་ཨུ་དྲིལ་སྒྲོག་པུའུ་ལས་ཁུངས་ཀྱི་ཏང་ཀྲི་པུའུ15སྒྲིག་འཛུགས་བྱས་པའི་ཏང་ཡོན་ལས་བྱེད་པ161དབུལ་ཐར་ཁྱིམ་ཚང་དུ་བསྐྱོད་དེ་ཆ་སྒྲིག་རོགས་སྐྱོར་བྱས་པ་དང་། སྡེ་བའི་བཅའ་སྡོད་དབུལ་སྐྱོར་བྱ་བའི་རུ་ཁག་དང་མཉམ་དུ་ལོ་གསུམ་གྱི་འཆར་གཞི་བཟོས་པ་དང་། དངོས་རྫས་དང་འཚམས་འདྲིའི་དངུལ་སྒོར་ཁྲི12.45སྤྲད་པ་རེད། སྡེ་བའི་བཅའ་སྡོད་དབུལ་སྐྱོར་བྱ་བའི་རུ་ཁག་གིས་འབྲེལ་ཡོད་སྡེ་ཁག་དང་མཐུན་སྦྱོར་ཧུར་ཐག་བྱས་ནས། སློབ་སྐྱོར་ཞལ་འདེབས་བྱེད་སྒོ་སྤེལ་ཏེ་ཁྱོན་མ་དངུལ་སྒོར་ཁྲི10.55ཐག་གཅོད་བྱས་པ་དང་། གསོ་ཚགས་མཉམ་ལས་ཁང་གི་གཞི་ཁྱོན་ཆེ་རུ་གཏོང་རྒྱུར་རོགས་སྐྱོར་བྱས་ནས་ལོ་གཉིས་བསྟུད་མར་ཁེ་སྤོགས་བགོ་བཤའ་རྒྱག་རྒྱུ་མངོན་འགྱུར་བྱུང་བ། ཡ་ག་སྡེ་བའི་སྒོར་ཁྲི600ཟིན་པའི་གྲོང་གསེབ་ཡུལ་སྐོར་ལས་གཞིར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ། མ་དངུལ་སྒོར་ཁྲི9བཏང་ནས་ཀ་རིང་ཞང་དུ་སྐར་ལྔའི་དཔལ་ཡོན་ཁྱིམ་ཚང་དང་། ཕྱུག་འགྱུར་སྣེ་ཁྲིད་པ། ཕུལ་བྱུང་སྡེ་བའི་ལས་བྱེད་པ་བཅས་ལ་གཟེངས་བསྟོད་བྱེད་པའི་བྱེད་སྒོ་སྤེལ་བ། ཆེད་དོན་མ་དངུལ་སྒོར་ཁྲི55.5བརྩོན་ལེན་བྱས་ཏེ་བར་ལུང་གྲོང་ཚོའི་སྤྱི་ལེ3.7ཡོད་པའི་ཞིང་ཁའི་གཞུང་ལམ་མཁྲེགས་སུ་བཏང་བ། མ་དངུལ་སྒོར་ཁྲི8བརྩོན་ལེན་བྱས་ཏེ་སྡ་བ་གཉིས་ལ་ལམ་སྒྲོན31སྒྲིག་སྦྱོར་བྱས་པ། མ་དངུལ་སྒོར་ཁྲི16བཏང་ནས་སྡེ་བ་གཉིས་ཀྱི་རིག་གནས་ཐང་ཆེན་ཉམས་གསོ་བྱས་པ། འབྲེལ་ཡོད་ལས་གཞིའི་མ་དངུལ་སྒོར་ཁྲི555བརྩོན་ལེན་བྱས་ཏེ་ཡ་ཁ་སྡ་བའི་འབྲུབ་འགོག་ཆུ་རགས་དང་། ཞིང་ཁའི་ཆུ་ཡུར་། འགྲོ་ལམ་བཅས་བརྟན་གཏོང་དང་། གཙང་སེལ། ཉམས་གསོ་བཅས་བྱས་པས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་ཡོད་པ་རེད།

ལོ་ཙཱ་བ། ཤ་མོ་འཚོ།