ཟི་ལིང་གི་ཧྲེན་ལི་ལམ་དུ་རྒན་གཅེས་བདེ་སྐྱིད་གསོལ་ཁང12ཕྱེས་ཡོད་པ།

ཉེ་ལམ། ཟི་ལིང་གྲོང་ཁྱེར་གྱི་གྲོང་མི་མི་ཉུང་བ་ཞིག་གིས་ཁ་པར་ལམ་ནས་ཧྲིན་ལི་ལམ་སྲང་ལམ་དོན་གཅོད་ཁང་གི་དོ་དམ་ཁོངས་གཏོགས་ཀྱི་སྡོད་ཁུལ་བཞིར་རྒན་གཅེས་བདེ་སྐྱིད་གསོལ་ཁང་ཕྱེས་ཡོད་ཟེར་པ་ལ། དེ་དག་གང་དུ་ཡོད་པ་དང་ཟས་རིན་གྱི་ཚད་གཞི་ག་འདྲ་ཡིན་པ། སྙན་ཞུ་ཅི་ལྟར་རྒྱག་དགོས་སོགས་ཐད་ནས་རྩད་འདྲི་བྱས་འདུག གསར་འགོད་པས་ཧྲེན་ལི་ལམ་སྲང་ལམ་དོན་གཅོད་ཁང་ནས་རྒྱུས་ལོན་པ་ལྟར་ན། དེ་གར་བདེ་སྐྱིད་གསོལ་ཁང3དང་། གསོལ་ཚིགས9ཡོད་པ་དང་། སོ་སོའི་ས་གནས་ནི།

1、胜利路68号景林佳苑老年日照幸福食堂:在胜利路68号景林佳苑

2、公园巷社区爱老幸福食堂:在人民公园前街

3、景林佳苑助餐点:胜利路70号景林佳苑

4、公园巷社区助餐点:胜利路70号景林佳苑

5、东交通巷9号幸福食堂:东交通巷9号院

6、商业巷4号院小区助餐点:商业巷4号院

7、交通巷9号小区助餐点:东交通巷9号院

8、新宁花苑小区助餐点:新宁花苑小区

9、北苑小区助餐点:北苑小区

10、西交通巷社区:胜利路81号

11、重工小区助餐点:五四大街重工小区

12、东交通巷20号小区助餐点:东交通巷20号院(筹备运营)བཅས་རེད།

ཟས་རིན་གྱི་ཚད་གཞི་ནི། རྒན་གཅེས་བདེ་སྐྱིད་གསོལ་ཁང་གི་ངོས་ནས་སྡེབ་ཟས་སྒོར10ཅན་དང་། 8ཅན། 6ཅན་བཅས་རིམ་པ་མི་འདྲ་བ་གསུམ་ཕྱེས་ཡོད་ཅིང་། གཙོ་བོ་ལོ60ཡན་ལ་སོན་པའི་མ་མཐའི་འཚོ་བའི་འགན་སྲུང་ཡོད་མཁན་དང་། དམིགས་གསལ་དཀའ་ངལ་ཅན། ཡོང་འབབ་དམའ་བ། དམིགས་བསལ་རོགས་སྐྱོར་ཡོད་པ། འཆར་ལྡན་བུ་སྐྱེས་ཀྱི་ཁྱིམ་ཚང་དཀའ་ཅན་བཅས་ཀྱི་རྒན་རྒོན་དག་ལ་མཁོ་འདོན་བྱེད་པ་རེད། (ལོ་རྒན60ཡན་གྱི་རྒན་རྒོན་རེ་ལ་ཉིན་རེར་སྒོར3གྱི་ཁ་གསབ་རེ་ཡོད་པ་དང་། ལོ་བརྒྱད་ཅུ་ཡན་གྱི་རྒན་རྒོན་རེ་ལ་ཉིན་རེར་སྒོར2གྱི་ཁ་གསབ་རེ་ཡོད་པ་ཚད་གཞིར་བཟུང་ནས་ཟ་མ་འདོན་པ་རེད་ལ། མི་རེར་ཉིན་རེར་ཟས་ཐུན་གཅིག(གུང་ཟས)ཁ་གསབ་བྱེད་ཀྱི་ཡོད། )ཟས་རིན་ནི་ཕྱོགས་མཐུན་གྱི་ཁྲོམ་རའི་རིན་གོང་ལས་སྒོར5ནས8ཀྱིས་དམའ་བ་དང་།མི་རེ་ཡིས་ཟས་ཐུན་རེར་སྒོར10ཡན་མི་བརྒལ་བའི་རྒྱགས་ཟས་ཡག་པོ་རོལ་ཐུབ་པ་རེད།

སྙན་ཞུ་རྒྱག་ཐབས།

ཆ་རྐྱེན་དང་མཐུན་པའི་གྲོང་མིའི་མི་སྒེར་གྱི་ཐོབ་ཐང་ལག་འཁྱེར་དང་ཐེམ་ཐོ་ཐོགས་ཏེ་རང་ཉིད་སྡོད་སའི་སྡོད་ཁུལ་དུ་སྙན་ཞུ་བརྒྱབ་ནས་བྱང་བུ་བླངས་ཆོག གལ་ཏེ་སྡོད་ཁུལ་དེའི་དོ་དམ་ཁོངས་གཏོགས་མིན་པའི་གྲོང་མིས་དེར་སྙན་ཞུ་རྒྱག་འདོད་ན། སྒེར་གྱི་གྲོང་མིའི་ཐེམ་ཐོ་དང་ཐོབ་ཐང་ལག་འཁྱེར་བཟུང་སྟེ་སྡོད་ཁུལ་དུ་སྙན་ཞུ་བརྒྱབ་ཆོག ཡིན་ན་ཡང་སྙན་ཞུ་རྒྱག་སྐབས་ངེས་པར་རང་ཞིང་གི་མི་ཡིན་ལ་སྡོད་ཁུལ་དེ་གར་རྒྱུན་སྡོད་བྱེད་མཁན་གྱི་ཆ་རྐྱེན་ཚང་དགོས་པ་རེད།

ཁོན་ཐར་འཚོས་བསྒྱུར།