ཞིང་ཆེན་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་དང2020ལོའི་ཞིང་ཆེན་ཡོངས་ཀྱི་འཕྲལ་སྒྲུབ་དོ་དམ་བྱ་བའི་གྲོས་ཚོགས་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཉེ་སྔོན། ཞིང་ཆེན་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་དང་། 2020ལོའི་ཞིང་ཆེན་ཡོངས་ཀྱི་འཕྲལ་སྒྲུབ་དོ་དམ་བྱ་བའི་གྲོས་ཚོགས་ཟི་ལིང་ནས་ཚོགས། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲལ་སྒྲུབ་དོ་དམ་དང་བདེ་འཇགས་ཐོན་སྐྱེད་བྱ་བའི་ཐད་གནང་བའི་གསུང་བཤད་དང་མཛུབ་སྟོན། མཆན་བཀོད་མཛུབ་སྟོན་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཤིང་། རྒྱལ་ཡོངས་འཕྲལ་སྒྲུབ་དོ་དམ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་བཀོད་སྒྲིག་དང་རེ་བ་དངོས་འབེབས་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་འཕྲལ་སྒྲུབ་དོ་དམ་བྱ་བར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲེན་ཀྲང་ལིའུ་ཉིང་གིས་བྱ་བའི་བླང་བྱ་བཏོན་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲེན་ཀྲང་གཞོན་པ་ལི་ཅེ་ཞང་ཚོགས་འདུར་ཞུགས་པ་དང་འབྲེལ་གཏམ་བཤད་ཀྱང་སྤེལ་བ་རེད།

ལིག་ཉིང་གིས་བསྟན་དོན། 2019ལོར་ཞིང་ཆེན་ཡོངས་ཀྱི་ས་གནས་སོ་དང་ལས་ཁུངས་སོ་སོས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་འཐབ་ཇུས་དང་བཀོད་སྒྲིག་ནན་ཏན་སྒོས་ལག་བསྟར་བྱས་ཏེ། བདེ་འཇགས་དམར་མཚམས་བརྟན་སྲུང་བྱས་ཤིང་། བདེ་འཇགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། འཕྲལ་སྒྲུབ་དོ་དམ་སྒྲིག་སྲོལ་རྐྱེན་སྲོལ་འཐུས་ཚང་དུ་བཏང་ཞིང་ནུས་ལྡན་སྒོས་རིགས་སོ་སོའི་གནོད་འཚེ་དང་ཉེན་ཁར་ཁ་གཏད་འཇལ་བས། བསྟུད་མར་ཟླ110ཡི་ནང་དུ་དོན་རྐྱེན་ཚབས་ཆེན་མ་བྱུང་བ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་འཇགས། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཐད་ལ་འགན་སྲུང་གལ་ཆེན་འདོན་སྤྲོད་བྱས་ཟེར།

ལིག་ཉིང་གིས་ནན་གྱིས་བསྟན་དོན། 2020ལོར་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲལ་སྒྲུབ་དོ་དམ་བདེ་འཇགས་ཐོན་སྐྱེད་ཐད་གནང་བའི་རྒྱས་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་བཀོད་སྒྲིག་དང་རེ་བ་ཁྱོན་ཡོངས་ནས་དངོས་འབེབས། མི་དམངས་དཀྱིལ་སྙིང་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། བདེ་འཇགས་འཕེལ་རྒྱས་འདུ་ཤེས་བརྟན་པོར་ཆགས་པ་བཅས་བྱས་ཏེ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་མ་ལག་དང་ཁྲིམས་སྐྱོང་མ་ལག ཉེན་སེལ་འགོག་སྲུང་མ་ལག ལྟ་སྐུལ་དོ་དམ་འགན་སྲུང་མ་ལག་བཅས་ཆ་ཚང་དང་འཐུས་ཚང་དུ་གཏོང་བ་དང་། འཕྲལ་སྒྲུབ་དོ་དམ་མ་ལག་དང་ནུས་པའི་དེང་རབས་ཅན་ལ་མྱུར་དུ་སྐུལ་འདེད་གཏང་དགོས་པར་མ་ཟད། སྟོབས་ཤུགས་ཡོད་རྒུ་བཏོན་ནས་རིགས་མི་འདྲ་བའི་དོན་རྐྱེན་ཚབས་ཆེན་དང་གནོད་འཚེ་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་བྱས་ནས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང“ལོ་ལྔའི་འཆར་གཞི་བཅུ་གསུམ”བདེ་བླག་ངང་མཇུག་བསྡུ་བར་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།