མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་རོགས་སྐྱོབ་ཕྱོགས་བསྡུས་ཆ་འཕྲིན་ལས་སྟེགས་སྤྱོད་འགོ་ཚུགས་པ།

རང་རེའི་དྲ་བའི་འཕྲིན།  མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་རོགས་སྐྱོབ་ཕྱོགས་བསྡུས་ཆ་འཕྲིན་ལས་སྟེགས་ཉེ་ཆར་དངོས་སུ་སྤྱོད་འགོ་ཚུགས་ཤིང་། ལས་སྟེགས་དེ་ནི་སྔར་ཡོད་ཀྱི་ཆ་འཕྲིན་ཅན་འཛུགས་སྐྲུན་གྱི་རྨང་གཞིའི་ཐོག་སྤྱི་ཚོགས་རོགས་སྐྱོབ་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་མ་མཐའི་འཚོ་བའི་འགན་ལེན་དང་། དམིགས་བསལ་དཀའ་ངལ་ཡོད་པ། སྨན་བཅོས་རོགས་སྐྱོབ། སྐབས་འཕྲལ་རོགས་སྐྱོབ། གྲངས་གཞི་ལྟ་ཞིབ་ཚད་ལེན། སྒུལ་བདེའི་གཞུང་དོན་སྒྲུབ་པ་བཅས་ཀྱི་ལས་སྒོ་བདག་སྤྲོད་བྱེད་པའི་སྤྱི་ཚོགས་རོགས་སྐྱོབ་ཀྱི་ཕྱོགས་བསྡུས་ཆ་འཕྲིན་ལས་སྟེགས་ཤིག་བསྐྲུན་ནས། ཞིང་ཆེན་ཡོངས་ཀྱི་རིམ་ཁག་སྒྲིག་གཞི་དང་སྤྱི་ཚོགས་སྤྱི་དམངས་ལ་ཞབས་ཞུ་མཁོ་འདོན་བྱ་རྒྱུ་དེ་ཡིན་པ་རེད། 

མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་རོགས་སྐྱོབ་ཕྱོགས་བསྡུས་ཆ་འཕྲིན་ལས་སྟེགས་བསྐྲུན་པ་དེ་ཡིས། མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་རོགས་སྐྱོབ་བྱ་བའི་ཆ་འཕྲིན་ཅན་གྱི་ཆུ་ཚད་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན་ལ། ཆ་འཕྲིན་ཅན་གྱི་བྱ་ཐབས་བརྒྱུད་སྤྱི་ཚོགས་རོགས་སྐྱོབ་ཀྱི་ཞིབ་མཆན་བརྒྱུད་རིམ་ཚད་ལྡན་ཅན་དང་། ཤོག་ངོས་མེད་པ་ཅན་གྱི་གཞུང་དོན། གྲངས་གཞི་མཉམ་སྤྱོད་ཅན་བཅས་ཀྱི་དོ་དམ་མངོན་འགྱུར་ཡོང་བ་བྱས་ནས། རོགས་སྐྱོབ་བྱ་བའི་རིམ་པ་དང་རིམ་པ་མཐོ་རུ་དངོས་འབྲེལ་གཏོང་ཐུབ་པ་བྱ་དགོས་ལ། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཆ་འཕྲིན་གྲངས་གཞིའི་མཛོད་བཙུགས་ནས།དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་དབུལ་པོའི་ཚད་ཀྱི་སྟོན་གྲངས་ལ་སྐར་གྲངས་ཚད་འབེབས་བྱེད་པ་དང་། འཚོ་བའི་དཀའ་ངལ་གྱི་གནས་སུ་གྱར་བའི་དཀའ་ངལ་ཡོད་པའི་མང་ཚོགས་ལ་སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་ཐེ་གཏོགས། སྔ་ཙམ་རོགས་སྐྱོབ་བཅས་བྱས་ནས་རོགས་སྐྱོབ་ཀྱི་འཐུས་ཤོར་གཅིག་ཀྱང་མེད་པ་མེད་པ་མངོན་འགྱུར་ཡོང་བ་བྱེད་དགོས། སྐད་འཕྲིན་སྤྱི་རྟགས་དང་སྒུལ་བདེའིAPPསོགས་ཀྱི་རྣམ་པའི་ཐོག་ནས་དྲིལ་སྒྲོག་ལ་ཤུགས་སྣོན་རྒྱག་པ་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཞུགས་པའི་ཐབས་ལམ་རྒྱ་ཆེར་གཏང་བ། སྒུལ་བདེའི་ཞབས་ཞུའི་ལས་སྟེགས་བརྒྱུད་དེ་དུད་ཚང་དུ་བསྐྱོད་ནས་བརྟག་དཔྱད་དང་།དམངས་གཙོའི་དཔྱད་མོལ་གྱི་དཔྱད་གཞི་བསྡུ་རུབ་བྱ་བ་སྤེལ་བ་བཅས་བྱེད་དགོས། སྤྱི་ཚོགས་རོགས་སྐྱོབ་དང་ནོར་སྲིད་མ་དངུལ་གཏོང་སྤྲོད་མ་ལག་ཤར་གཏོང་ཐུབ་ནས།ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་རོགས་སྐྱོབ་མ་དངུལ་གཏོང་སྤྲོད་ཀྱི་ཆ་འཕྲིན་མ་ལག་ཐད་ཀར་སྦྲེལ་མཐུད་ཐུབ་པ་བྱས་ནས། མིས་བཟོས་ཐེ་ཇུས་ཉུང་དུ་བཏང་སྟེ་མ་དངུལ་གཏོང་སྤྲོད་ཀྱི་ལས་ཕྱོད་དང་དེ་བཞིན་མ་དངུལ་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ཡོད། 

ལོ་ཙཱ་བ།རྟ་མགྲིན་དཔལ།