“སྔོན་འགྲོ་གཅིག་དང་མཐོ་བ་གཉིས”སྟོབས་ཤུགས་ཡོད་རྒུས་སྐུལ་འདེད་བྱེད་པར་ཁྲིམས་འཛིན་གྱི་འགན་སྲུང་ནུས་ལྡན་ཡོད་དགོས། ཞིང་ཆེན་སྲིད་གྲོས་ཨུ་ཡོན་གྱིས་ཚོ་ཆུང་བགོས་ནས་ཞིང་ཆེན་ཁྲིམས་ཁང་དང་ཞིང་ཆེན་ཞིབ་དཔྱོད་ཁང་གཉིས་ཀྱི་བྱ་བའི་སྙན་ཞུར་གྲོས་བསྡུར་བྱས།

རང་རེའི་དྲ་བའི་འཕྲིན། ཟླ1པའི་ཚེས17ཉིན།   ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་ཨུ་ཡོན་གྱིས་ཚན་ཆུང་བགོས་ནས། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུར་གྲོས་བསྡུར་བྱས། 

ཨུ་ཡོན་ཚོས་སོ་སོའི་ལྟ་ཚུལ་ལྟར་གཏམ་བཤད་ཧུར་ཐག་བྱས་པས་ཡུལ་དངོས་ཀྱི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པོར་ཐོན། ཨུ་ཡོན་ཚོས“ཁང་གཉིས”ཀྱི་བྱ་བར་སྙན་སྒྲོན་ལ་གདེང་འཇོག་གང་ལེགས་གནང་ཞིང་། སྙན་སྒྲོན་གྱི་བརྗོད་དོན་གཙོ་བོ་ཁ་གསལ་བ་དང་། ནང་དོན་ཕུན་སུམ་ཚོགས་པ། གྲངས་གཞི་ཞིབ་ཚགས། གྱོད་དཔེ་དཔེ་མཚོན་བཅས་ཡོད་པ་དང་། གྲུབ་འབྲས་ཕྱོགས་སྡོམ་བྱེད་སྐབས་དོན་དངོས་དང་མཐུན་ཞིང་ཆ་ཚང་བ་དང་། ལས་ཀའི་བྱེད་ཐབས་ཇུས་འགོད་ནུས་ལྡན་བྱས་ཡོད་པས་དེ་ནི་དམ་འཛིན་ཏན་ཏིག་དང་དངོས་སྒྲུབ་གསར་གཏོད་ཀྱི་སྙན་སྒྲོན་ཞིག་ཡིན་པའི་ངོས་འཛིན་གནང་བ་རེད། ཨུ་ཡོན་ཚོས་འདས་ཟིན་པའི་ལོ་གཅིག་ནང་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་།ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་སྒོས། ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ཁག་དང་ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་གྲོས་ཆོད་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ།རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་བཅོལ་པའི་འགན་འཁྲི་ལྷག་བསམ་རྣམ་དག་ངང་བསྒྲུབས་པ་དང་། ཁྲིམས་འཛིན་སྒྱུར་བཅོས་ཟབ་གཏོང་། ལག་བསྟར་བྱེད་དཀའ་བའི་གནད་དོན་ཐག་གཅོད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་དམངས་འཚོ་སོགས་ཐད་ཀྱི་སྤྱི་ཕན་གཏུག་བཤེར་བཅས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ། དམངས་འཚོ་འགན་ལེན་ལེགས་སུ་བཏང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྲུང་སྐྱོང་བྱས་པ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་དང་། ཐོབ་སེམས། བདེ་སྐྱིད་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། 

ཨུ་ཡོན་ཚོས་བཤད་རྒྱུར། 2020ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ལོ་དང་།“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་མཇུག་བསྡུའི་ལོ་ཡང་ཡིན་པས། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་ཁོངས་གཏོགས་ཀྱིས་དམངས་ཆེད་ཁྲིམས་འཛིན་དང་། གཞུང་དྲང་ཁྲིམས་འཛིན་མུ་མཐུད་མཐའ་འཁྱོངས་བྱེད་པ་དང་། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་སྲུང་སྐྱོང་དང་། སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་འགན་ལེན། སྤྱི་ཚོགས་ཀྱི་གཞུང་དྲང་དྲང་བདེན་ལ་སྐུལ་འདེད། མི་དམངས་བདེ་སྡོད་ལས་བརྩོན་འགན་ལེན་བཅས་བྱས་ཏེ།ཁྲིམས་འཛིན་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས།“ལྔ་བཞིའི་འཐབ་ཇུས”ལག་བསྟར་གཏིང་ཟབ་དང་།“སྔོན་འགྲོ་གཅིག་དང་མཐོ་བ་གཉིས”སྟོབས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་ཆེད་ཁྲིམས་འཛིན་གྱི་འགན་ལེན་ནུས་ལྡན་བྱེད་དགོས་ཞེས་གསུངས་པ་རེད། སྲིད་གྲོས་ཨུ་ཡོན་ཡིན་པའི་ཆ་ནས་སྣེ་ཁྲིད་དེ་སྒྲིག་ཁྲིམས་བརྩི་སྲུང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་བྱེད་པ་དང་། སྲིད་གྲོས་རྩ་འཛུགས་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱེད་པ། སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་དང་། ཉེན་ཁ་ཚབས་ཆེན་སྔོན་འགོག་སོགས་ལ་དམིགས་ཏེ་ཐབས་འདོན་ཇུས་འབུལ་དང་སྟོབས་ཤུགས་གཅིག་བསྡུས་ཧུར་ཐག་བྱ་དགོས་ཞེས་བསྟན། 

ལོ་ཙཱ་བ།རྟ་མགྲིན་དཔལ།