རྨ་འབྲི་རྫ་གསུམ་འབྱུང་ཡུལ་དངོས་མང་བཤམས་སྟོན་ཁང་འཛུགས་སྐྲུན་སྐོར་གྱི་གྲོས་གཞི།

དེ་རིང་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པ་དངོས་སུ་བསྡུས་ཤིང་། ཚོགས་ཐོག་ཏུ་ཞིང་ཆེན་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་མཚོ་སྔོན་གྱི་དཔལ་འབྱོར་དར་སྤེལ་དང་། སྣོད་བཅུང་སྲུང་སྐྱོབ། སློབ་གསོ་དང་ཚན་རིག་རིག་གནས་འཕྲོད་བསྟེན་ལུས་རྩལ། སྤྱི་ཚོགས་ཁྲིམས་ལུགས།  མང་ཚོགས་ཀྱི་འཚོ་བ་སོགས་མཚོ་སྔོན་གསར་པ་འཛུགས་སྐྲུན་ཐད་ལ་ཐབས་འདོན་ཇུས་འདོན་མང་པོ་བྱས་ཡོད་ཅིང་། ད་ེལས་འདིར་རྨ་འབྲི་རྫ་གསུམ་སྐོར་ནས་བཏོན་པའི་གྲོས་གཞི་ཞིག་བཀོད་ན། 

ད་ལྟའི་གནས་སྟངས། ད་ལྟའི་རྨ་འབྲི་རྫ་གསུམ་འབྱུང་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ཁྲི30.25ཡོད་ཅིང་། དེ་ནི་ཆུ་གསུམ་གྱི་འགོ་ཁུངས་དང་ཆུ་འགོ་ཟུངས་འཛིན་ཁུལ་གལ་ཆེན་དང་། འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་སྐྱེ་དངོས་སྣ་མང་ཕྱོགས་འདུས་ཁུལ་གྱི་གྲས་ཤིག་ཡིན་ལ། འབྲི་ཆུའི་ཆུ་འབོར་ཡོངས་ཀྱི25%དང་། རྨ་ཆུའི་ཆུ་འབོར་ཡོངས་ཀྱི49%། རྫ་ཆུའི་ཆུ་འབོར་ཡོངས་ཀྱི15%འགོ་ཁུངས་འདི་ལས་མཆེད་པ་རེད། དེ་ཡང་ཆུ་གསུམ་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་ལམ་ལུགས་ཚོད་ལྟ་བདེ་བླག་ངང་ནས་ལག་བསྟར་བྱས་པ་དེས་རྒྱལ་ཁབ་སྣོད་བཅུད་ཀྱི་བདེ་སྲུང་སྲ་བརྟན་དུ་བཏང་ནས་མཚོ་སྔོན་གྱི་ཡུལ་འདི་ལ་སྣོད་བཅུད་ཀྱི་མིང་བྱང་ཡག་པོ་བསྐྲུན། 

ཐེངས་འདིའི་གྲོས་ཚོགས་སུ་མི་འབོར་ཐོན་ཁུངས་ཁོར་ཡུག་ཨུ་ལྷན་གྱིས། ཆུ་གསུམ་འགོ་ཁུངས་དངོས་མང་བཤམས་སྟོན་ཁང་འཛུགས་སྐྲུན་ལ་མཚོན་ན་ནི། དེང་རབས་ཀྱི་ལག་ཐབས་བེད་སྤྱད་དེ་འགོ་ཁུངས་ཀྱི་ཕུན་སུམ་ཚོགས་ལ་ཁྱད་དུ་འཕགས་པ། ཟབ་ཅིང་ཡངས་པའི་རང་བྱུང་དང་རིག་གནས་ཐོན་ཁུངས་ཐམས་ཅད་གནས་མང་པོ་དང་། རིམ་པ་མང་པོ་ནས་བརྒྱུད་སྒྲོག་ངོམ་སྟོན་དང་། མཚོ་སྔོན་གྱི་གཏམ་རྒྱུད་བརྗོད་པ་དང་མཚོ་སྔོན་གྱི་སྣོད་བཅུད་སྲུང་སྐྱོབ་གྲུབ་འབྲས་དྲིལ་སྒྲོག་བྱེད་ཐབས་ཀྱི་སྒེའུ་ཁུང་གལ་ཆེན། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་ལ་སྐུལ་འདེད་གཏང་བའི་བྱེད་ཐབས་གལ་ཆེན་བཅས་སུ་ངེས་པས། བསམ་འཆར་ཞིག་ནི་ཟི་ལིང་གྲོང་ཁྱེར་གྱི་འགྲེམ་ཚོགས་དཔལ་འབྱོར་གོང་སྤེལ་ཐད་ཀྱི་འཆར་འགོད་དང་སྦྱར་ནས་ཟི་ལིང་གྲོང་ཁྱེར་སྐྱེ་དངོས་གླིང་ཁུལ་དུ་ཆུ་གསུམ་འགོ་ཁུངས་དངོས་མང་བཤམས་སྟོན་ཁང་ཞིག་བསྐྲུན་ཏེ། དེ་དང་གླིང་ཁུལ་གྱི་དངོས་མང་བཤམས་སྟོན་ཁྱུ་ཅིག་ཡོད་པ་རྣམས་ཐབས་གཅིག་ཏུ5Aརིམ་པའི་ལྗོངས་རྒྱུ་ཁུལ་དུ་བསྒྱུར་བའི་བསམ་ཚུལ་བཏོན་པ་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་དངོས་མང་བཤམས་སྟོན་མནའ་འབྲེལ་བཙུགས་ཏེ། རྩ་གསུམ་ལངས་གཟུགས་ཀྱི་ལག་རྩལ་དང་དྲ་རྒྱའི་ལག་རྩལ་སོགས་ལ་བརྟེན་ནས་གྲངས་ཀའི་རྟོག་བཟོ་ཐུབ་པའི་དངོས་མང་བཤམས་སྟོན་ཁང་བསྐྲུན་ནས་གཅིག་གྱུར་ཐོག་ཞིང་ཆེན་རིམ་པའི་དངོས་མང་བཤམས་སྟོན་ཁང་གོང་སྤེལ་ཆེད་དོན་ལས་གཞི་གཏན་འཁེལ་དང་སྦྲགས་ནས་དེའི་ཐད་ཡར་སྐུལ་དང་རོགས་སྐྱོར་གྱི་འབྲེལ་ཡོད་གཟིགས་སྐྱོང་སྲིད་ཇུས། ཆ་འཕྲིན་མཉམ་སྤྱོད་སྲིད་ཇུས་སོགས་བཏོན་ནས་དངོས་མང་བཤམས་སྟོན་ཁང་གི་ཐོན་ལས་མྱུར་ལ་སྐྱོན་དང་བྲལ་བ། གོ་རིམ་དང་ལྡན་པའི་སྒོ་ནས་བསྒྲུབ་པར་རྒྱབ་སྐྱོར་བྱེད་ཐུབ་པ་ཞིག་བཟོ་དགོས་པའི་བསམ་འཆར་བཏོན་ཡོད་པ་རེད།


ཁོན་ཐར་འཚོས་བསྒྱུར།