བུ་ཕྲུག་ཁེར་སྐྱེས་ལ་བདག་སྐྱོང་གུང་གསེང་གཏང་དགོས་སྐོར་གྱི་གྲོས་འགོ།

  དེ་རིང་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པ་དངོས་སུ་བསྡུས་ཤིང་། ཚོགས་ཐོག་ཏུ་ཞིང་ཆེན་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་མཚོ་སྔོན་གྱི་དཔལ་འབྱོར་དར་སྤེལ་དང་། སྣོད་བཅུད་སྲུང་སྐྱོབ། སློབ་གསོ་དང་ཚན་རིག་རིག་གནས་འཕྲོད་བསྟེན་ལུས་རྩལ། སྤྱི་ཚོགས་ཁྲིམས་ལུགས། མང་ཚོགས་ཀྱི་འཚོ་བ་སོགས་མཚོ་སྔོན་གསར་པ་འཛུགས་སྐྲུན་ཐད་ལ་ཐབས་འདོན་ཇུས་འདོན་མང་པོ་བྱས་ཡོད་ཅིང་། དེ་ལས་འདིར་བུ་ཕྲུག་ཁེར་སྐྱེས་ལ་བདག་སྐྱོང་གུང་གསེང་གཏང་དགོས་སྐོར་གྱི་གྲོས་འགོ་བཀོད་ན་གཤམ་གསལ།

ད་ལྟའི་གནས་སྟངས། ཉེ་བའི་ལོ་རིང་ལ། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་ཐད་གཏོགས་གྲོང་ཁྱེར་མང་པོ་ནས“བུ་ཕྲུག་ཁེར་སྐྱེས་ཀྱི་བདག་སྐྱོང་གུང་གསེང”སྐོར་གྱི་སྲིད་ཇུས་སྔ་རྗེས་སུ་བཏོན་ཏེ་བུ་ཕྲུག་ཁེར་སྐྱེས་ཀྱི་ཁྱིམ་སྐྱོང་གུང་གསེང་ལམ་ལུགས་གསལ་འབེབས་བྱས་ནས་དམིགས་སུ་གུང་གསེང་བཏང་འདུག  གུང་གསེང་གི་སྐབས་སུ་ཕོགས་དངུལ་དང་ཕོགས་སྣོན། གསབ་དངུལ། བྱ་དགའི་དངུལ་གང་རུང་རྒྱུན་ལྡན་བཞིན་སྟེར་གྱི་ཡོད་པ་དང་། གུང་གསེང་གི་ཉིན་གྲངས་ཆེས་མང་བ་ཉིན20དང་། ཆེས་ཉུང་བ་ཉིན5ཡིན་པ་རེད། མཐོ་སྒང་དུ་གནས་པའི་མཚོ་སྔོན་ལ་མཚོན་ན། བུ་ཕྲུག་ཁེར་སྐྱེས་ཀྱི་སྐོར་འདིའི་ཕ་མ་མང་པོ་ལས་འཁྱུར་ངལ་གསོ་བྱས་རྗེས་སུ་ས་བབ་དམའ་ཁུལ་དུ་རྒན་གསོ་ལ་ཕྱིན་ནས་དུས་རྒྱུན་རང་གི་བུ་ཕྲུག་དང་མཉམ་སྡོད་བྱེད་ཐུབ་ཀྱིན་མེད་ཅིང་། ཕ་མ་ལ་ཡང་སེམས་ཁམས་མི་བདེ་བ་སོགས་གནས་ཚུལ་འབྱུང་གིན་ཡོད་པས་ཕ་མ་དེ་དག་ལ་བུ་ཕྲུག་གིས་བདག་སྐྱོང་བྱེད་དགོས་ཀྱི་ཡོད།

ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཀྲང་ཀྲེན་ལིན་གྱིས། ཞིང་ཆེན་དམངས་སྲིད་ཐིང་དང་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིང་། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་འབྲེལ་ཡོད་སྡེ་ཚན་གྱིས་ཞིང་ཆེན་གཞན་གྱི་བྱེད་ཐབས་ལ་ཟུར་ལྟ་བྱས་ཐོག བུ་ཕྲུག་ཁེར་སྐྱེས་ཀྱི་བདག་སྐྱོང་གུང་གསེང་སྲོལ་ཡིག་དང་དེའི་རྗེས་སོར་སྲིད་ཇུས་འཐུས་ཚང་དུ་བཏང་ནས་རྒྱ་ཆེའི་མཐོ་སྒང་དུ་ལས་ཀར་གཞོལ་བའི་བུ་ཕྲུག་ཁེར་སྐྱེས་རྣམས་ལ་དམངས་ཕན་གྱི་གུང་གསེང་ཞིག་ལོངས་སུ་སྤྱོད་དུ་འཇུག་དགོས་སྐོར་ནས་བསམ་འཆར་བཏོན།

ཁོན་ཐར་འཚོས་བསྒྱུར།