ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་པུའུ་ཀྲང་གྲོས་ཚོགས་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ་དང་པོའི་ཚེས13ཉིན། ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་པུའུ་ཀྲང་གི་ཚོགས་འདུ་ཟི་ལིང་དུ་འཚོགས། ཚོགས་འདུའི་ཐོག་རྒྱལ་ཡོངས་དྲིལ་སྒྲོག་པུའུ་ཀྲང་ཚོགས་འདུའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ན་ནིང་གི་བྱ་བར་ཕྱོགས་སྡོམ་དང་། མིག་སྔའི་དུས་བབ་ལ་དབྱེ་ཞིབ། ད་ལོའི་དྲིལ་སྒྲོག་བསམ་བློའི་བྱ་བར་ཞིབ་འཇུག་བཀོད་སྒྲིག་བཅས་བྱས་པ་རེད། ཚོགས་འདུ་མ་འཚོགས་གོང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཅན་ཅུན་གྱིས་དྲིལ་སྒྲོག་བསམ་བློའི་བྱ་བའི་ཐད་བླང་བྱ་བཏོན་པ་རེད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའི་པུའུ་ཀྲང་ཀྲང་ཤིས་མིང་གིས་གཏམ་བཤད་གནང་བ་དང་། ཧྲེན་ཀྲང་གཞོན་པ་དབྱང་ཧྥུང་ཁྲུན་དང་ཀྲང་ལི་ཡིས་རྒྱལ་ཡོངས་དྲིལ་སྒྲོག་པུའུ་ཀྲང་ཚོགས་འདུའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་བརྒྱུད་སྒྲོག་གནང་བ་རེད།  

ཝང་ཅན་ཅུན་གྱིས་བསྟན་དོན། འདས་ཟིན་པའི་ལོ་གཅིག་རིང་། ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་དང་བསམ་བློའི་འཐབ་ཕྱོགས་ཀྱིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བ་དང་། མཚོ་སྔོན་བཅིངས་འགྲོལ་བཏང་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་གཙོ་རྐང་དེར་དམ་པོར་དམིགས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་། དྲིལ་སྒྲོག ལག་བསྟར་བཅས་གཏིང་ཟབ་བྱས་ཏེ་འཕྲིན་སྤེལ་གལ་ཆེན་ཡག་པོ་བྱེད་པ་དང་། ཉེན་ཁ་ཚབས་ཆེན་ལ་ཁ་གཏད་གཅོག་པ། བྱ་བ་གལ་ཆེན་ལ་སྐུལ་འདེད་གཏང་བ། བྱེད་སྒོ་གལ་ཆེན་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་ཐད་ཁྱད་ཆོས་དང་ཟིལ་ཤུགས་ལྡན་པའི་དྲིལ་སྒྲོག་རབ་དང་རིམ་པ་སྤེལ་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་བྱས་རྗེས་ཧུར་ཐག་ཕུལ་ཡོད་ཅིང་། བློ་མཐུན་རྣམས་ལ་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུ་བ་ཡིན། ལོ་གསར་པའི་ནང་ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློའི་བྱ་བས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་། དྲིལ་སྒྲོག ལག་བསྟར་བཅས་བྱེད་པའི་ལས་འགན་གཙོ་བོ་འདི་ཁོང་དུ་བརྟན་པོ་ཆུད་པར་བྱེད་པ་དང་། རྒྱལ་ཡོངས་དྲིལ་སྒྲོག་པུའུ་ཀྲང་གི་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱེད་པ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཐུབ་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལ་དམིགས་ནས་མཇུག་བསྡུ་དགོས་ཤིང་། དར་ཆ་སྒྲེང་བ་དང་། དམངས་སེམས་གཅིག་སྒྲིལ། མི་གསར་པ་གསོ་སྐྱོང་། རིག་གནས་དར་སྤེལ། སྣང་བརྙན་འགྲེམས་སྟོན་བཅས་ཀྱི་འགན་འཁྲི་དང་ལས་འགན། བློ་སེམས་འཛུགས་པ་དང་། རྣམ་པ་གསར་གཏོད། ཀུན་སྤྱོད་འཛུགས་པ། ལམ་ལུགས་འཛུགས་པ། གཏམ་འདོན་པ་བཅས་ཀྱི་དུས་རབས་ཀྱི་འགན་འཁྲི་འཁུར་ཕོད་པ་བྱས་ཏེ། དྲང་གཞག་གསར་གཏོད་དང་གཡུལ་ས་བརྟན་སྲུང་གི་འགན་འཁྲི་གཙང་སྒྲུབ་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་ཆེད་སྲ་ཞིང་བརྟན་པའི་བསམ་བློའི་འགན་ལེན་དང་བསམ་པའི་སྟོབས་ཤུགས་ཆེན་པོ་མཁོ་འདོན་བྱ་དགོས་ཟེར།

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློའི་འཐབ་ཕྱོགས་ཀྱིས་ཀྲུང་དབྱང་གི་བཀོད་སྒྲིག་དང་ཞིང་ཨུད་ཀྱི་བླང་བྱ་ལག་བསྟར་ཟབ་གཏོང་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུར་རྒྱལ་ཁ་ལེན་པ་དང་དབུལ་ཐར་འགག་སྒྲོལ་དམག་འཐབ་ལ་དམ་པོར་དམིགས་པ། ཁྱོན་ཡོངས་ལ་གཞི་ཚུགས་པ་དང་དུས་བབ་ཆེན་པོ་སྟངས་འཛིན་བྱེད་པ། འགན་ཁུར་ལས་སྒྲུབ་དང་འགག་སྒྲོལ་དཀའ་སེལ་བཅས་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མི་སེམས་སུ་ཟུག་རྒྱུར་སྐུལ་འདེད་གཏང་བ་དང་། རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྣམ་པ་ཟབ་མོ་གཏོད་པ། མི་རིགས་བསྐྱར་དར་གྱི་འགན་འཁྲི་ལྕི་པོ་འཁུར་བའི་དུས་རབས་ཀྱི་མི་གསར་པ་གསོ་སྐྱོང་བྱེད་པ། སྔར་ལས་མང་པའི་རིག་གནས་ཀྱི་བརྩམས་ཆོས་རྩེ་གྲ་གསར་རྩོམ་དང་ཐོན་སྐྱེད་བྱེད་པ། མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་གཟུགས་བརྙན་གསར་པ་ཕྱོགས་ཡོངས་ནས་མངོན་པར་བྱེད་པ་སོགས་གཙོ་གནད་ཀྱི་བྱ་བ་ཁག་ལྔ་དང་། འདུ་ཤེས་འཛིན་སྟངས་ཀྱི་ལས་ཀའི་འགན་འཁྲིའི་ལམ་ལུགས་རྒྱ་སྐྱེད་གཏང་བར་སྐུལ་འདེད་དང་། སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད། བསམ་པའི་དབུལ་སྐྱོར་ལ་སྐུལ་འདེད། ཁྲིམས་ལྟར་དྲ་རྒྱར་དོ་དམ་དང་བཅོས་སྐྱོང་བྱེད་པར་སྐུལ་འདེད། རིག་གནས་སྒྲིག་སྲོལ་བསྒྱུར་བཅོས་ལ་སྐུལ་འདེད་སོགས་རྨང་གཞིའི་རང་བཞིན་ལྡན་པའི་བྱ་བ་ཁག་ལྔ་དམ་འཛིན་ཏན་ཏིག་བྱ་དགོས་ཤིང་། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་དེ་དྲིལ་སྒྲོག་བསམ་བློའི་ཁྱབ་ཁོངས་ཀྱི་ཕྱོགས་ཁག་ཏུ་ཁྱབ་པར་བྱེད་པ་དང་། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། ལམ་ལུགས་ལམ་སྲོལ་འཛུགས་སྐྱོང་ལ་ཤུགས་སྣོན་པ། ལས་བྱེད་པ་དང་ཤེས་ལྡན་པའི་དཔུང་ཁག་སྟོབས་ཆེར་གཏོང་བ། དྲིལ་སྒྲོག་བསམ་བློའི་བྱ་བ་ཏན་ཏིག་དང་སྟོབས་ཆེར་གཏང་རྒྱུར་སྐུལ་འདེད་ཧུར་ཐག་གཏང་བ་བཅས་བྱས་ནས། དེ་བས་འབྱོར་ཕྱུག་དཔལ་ཡོན་ཞི་མཐུན་མཛེས་སྡུག་ལྡན་པའི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱ་ཆེད་བྱས་རྗེས་གསར་པ་སྔར་བའི་ཆེ་བ་འབུལ་དགོས་ཟེར། 

ཚོགས་འདུའི་ཐོག་ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་རིག་གནས་བྱ་བའི་སྔོན་ཐོན་ཐུན་མོང་དང་མི་སྒེར་ལ་གཟེངས་བསྟོད་བྱས་པ་རེད། དེའི་རིང་ཞིང་ཆེན་ཡོངས་ཀྱི་ཤེས་དཔལ་སྲོལ་གཏོད་གཞུང་དོན་ཁང་གི་ཀྲུའུ་རེན་དང་། ཕྱི་ཕྱོགས་དྲིལ་སྒྲོག་གཞུང་དོན་ཁང་གི་ཀྲུའུ་རེན། དྲ་འཕྲིན་གཞུང་དོན་ཁང་གི་ཀྲུའུ་རེན་བཅས་ཀྱི་ཚོགས་འདུ་འཚོགས་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།