ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་ཚོགས་ཞུགས་འཐུས་མི་རྣམས་ཀྱིས་སྔ་རྗེས་སུ་འབྱོར་ཐོ་བཀོད་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བའི་ཚོགས་ཞུགས་འཐུས་མི་རྣམས་སྔ་རྗེས་སུ་འབྱོར་ནས་མིང་ཐོ་བཀོད་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ1ཚེས13ཉིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་ཚོགས་ཞུགས་འཐུས་མི་རྣམས་སྔ་རྗེས་སུ་ཟི་ལིང་དུ་འབྱོར་ནས་ཚོགས་ཆེན་ལ་མིང་ཐོ་བཀོད་པ་རེད། ཁོ་ཚོས་གྲ་སྒྲིག་ལེགས་པོ་བྱས་པའི་གྲོས་གཞི་དང་བསམ་འཆར་འཁྱེར་ནས་ལས་གནས་རང་རང་གི་འགན་ཁུར་དུ་བླངས་ནས་མཚོ་སྔོན་འཕེལ་རྒྱས་ཐད་ལ་བསམ་འཆར་ཇུས་འདོན་བྱ་རྒྱུ་རེད།

ཚོགས་ཞུགས་འཐུས་མི་དེ་དག་གིས། ཚོགས་ཆེན་གྱི་སྒྲིག་ལམ་བརྩི་སྲུང་ནན་མོ་བྱས་ནས་དམངས་འཐུས་ཚོགས་ཆེན་གྱི་ལས་འགན་རང་ཐོག་ཏུ་དོན་འཁྱོལ་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ཚ་ཤོས་དང་། དཀའ་ངལ། སེམས་འདུན་སོགས་ཚོགས་ཐོག་ཏུ་བསྣམས་ནས་གྲོས་ཚོགས་ལ་བློ་རྩེ་གཅིག་སྒྲིམ་རྒྱུ་དང་། སྙན་ཞུ་ཁག་ལ་གྲོས་ཞིབ་ལེགས་པོ་བྱས་ནས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་རང་ཉིད་ཀྱི་སྟོབས་ཤུགས་འབུལ་ཅི་ཐུབ་ལ་འབད་པ་བྱ་རྒྱུ་ཞེས་བརྗོད།

ཞིང་ཆེམ་མི་དམངས་འཐུས་མིའི་ཚོགས་ནི་གཟི་བརྗིད་ཅིག་དང་འགན་འཁྲི་ཞིག་ཡིན་པའི་ངོས་ནས་ང་རང་གིས་བློ་སྤོབས་དང་སྤྲོ་སེམས་ཚད་མེད་བཅིངས་ནས་ཐེངས་འདིའི་གྲོས་ཚོགས་ཐོག་ཐབས་འདོན་ཇུས་འདོན་དང་། ཁྲིམས་བཞིན་མི་དམངས་ཀྱིས་བསྩལ་བའི་བླ་མེད་ལས་འགན་འདི་ལེགས་པོར་བསྒྲུབ་ངེས་ཡིན་ཞེས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི། མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་གི་རྩོམ་སྒྲིག་པ་ཚན་ཁག་གཉིས་པའི་ཀྲུའུ་རེན་ལི་ཡུང་ཧྭ་ཡིས་དེ་ལྟར་བརྗོད།