ཀྲང་ཀོང་རུང་གིས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པའི་གྲ་སྒྲིག་གནས་ཚུལ་ལ་ཞིབ་བཤེར་གནང་བ།

རང་རེའི་དྲ་བའི་འཕྲིན་ལྟར་ན། ཟླ་དང་པོའི་ཚེས13ཉིན་ཕྱི་དྲོར། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རེན་གཞོན་པ་ཀྲང་ཀོང་རུང་མཚོ་སྔོན་ཚོགས་འདུ་ལྟེ་གནས། མཚོ་སྔོན་མགྲོན་ཁང་། ཧྥུའུ་ལི་བན་ཏ་ཅ་ཧྭ་མགྲོན་ཁང་སོགས་སུ་ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པའི་གྲ་སྒྲིག་བྱ་བར་ཞིབ་བཤེར་བྱེད་པར་བསྐྱོད་པ་རེད། 

ཀྲང་ཀོང་རུང་འཁོར་དང་བཅས་པ་སྔ་རྗེས་སུ་ཚོགས་རའི་བཀོད་སྒྲིག་དང་། བཟའ་སྡོད་བཀོད་སྒྲིག བདེ་འཇགས་སྲུང་སྐྱོབ། རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་སོགས་ཀྱི་གནས་ཚུལ་ལ་གཟིགས་པ་དང་མཁྱེན་རྟོགས་གནང་བ་དང་འབྲེལ་ཞིབ་ཕྲའི་གནད་དོན་ཐད་ལེགས་བཅོས་ཀྱི་བསམ་འཆར་བཏོན་པ་རེད། 

ཀྲང་ཀོང་རུང་གིས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པ་ནི་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་རེད། ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ཡི་ཚོགས་ཆུང་ཁག་དང་འབྲེལ་ཡོད་ཚན་པས་བསམ་བློའི་ཐོག་ནས་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། གཅིག་གྱུར་མཐུན་སྦྱོར་མཐའ་འཁྱོངས་བྱེད་པ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ་བཅས་བྱས་ནས་ཞབས་ཞུའི་ལས་དོན་ཡག་པོར་སྒྲུབ་པའི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་སྔར་བས་ཆེ་རུ་གཏོང་དགོས། འགན་འཁྲི་ནན་དུ་གཏོང་བ་དང་། ཞིབ་ཕྲ་ལ་སྣང་ཆེན་བྱེད་པ། བརྒྱུད་རིམ་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ལས་དོན་ཁག་དོན་འཁྱོལ་ཞིབ་ཚགས་དང་སྐྱོན་ཆ་གང་ཡང་མི་ཐོན་པ་བྱེད་དགོས། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་དང་། ཞབས་ཞུ་གསར་གཏོད། སྒྲིག་ཁྲིམས་ནན་གཏོང་། བདེ་འཇགས་ཀྱི་འདུ་ཤེས་དང་ལྟ་སྐུལ་ཞིབ་བཤེར་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་པ། འཆར་གཞི་ཁ་ཚང་དོན་འགྲིག་གི་བསམ་བློའི་འདུ་ཤེས་བརྟན་པོ་འཛུགས་པ་བཅས་བྱས་ཏེ་ནན་ཏན་ངང་འགན་འཁུར་བའི་རྣམ་འགྱུར་དང་། མཐུན་སྒྲིལ་མཉམ་ལས་ཀྱི་སྙིང་སྟོབས། ཏན་ཏིག་ཞིབ་ཚགས་ཀྱི་སྤྱོད་ཚུལ། དངོས་སྒྲུབ་ནུས་ཆེའི་བྱ་ཐབས་བཅས་ཀྱི་ཐོག་ནས་ནུས་ཤུགས་ཡོད་རྒུས་ཚོགས་ཆེན་བདེ་བླག་ངང་འཚོག་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ཟེར།

ལོ་ཙཱ་བ། ཀླུ་མོ།