ཟི་ལིང་ལྷོ་ལམ་ཆེན་མོ་ནས་ལམ་ངོས་བརྡིབས་པའི་དོན་རྐྱེན་ཁྲོད་མི10བོར་ཏེ་ད་རུང་རྙེད་སོན་མ་བྱུང་།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཟླ1ཚེས14ཉིན་གྱི་དགོང་མོའི་ཆུ་ཚོད3དང་སྐར་མ15སྟེང་། ཟི་ལིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་དང་ཟི་ལིང་གྲོང་ཁྱེར་འཕྲལ་བསྟུན་དོ་དམ་ཅུའུ་གཉིས་ཀྱིས་མཉམ་འབྲེལ་སྒོས་གསར་འགྱུར་ཁྱབ་སྤེལ་གྲོས་ཚོགས་ཐེངས་གཉིས་པ་བསྡུས་ཏེ། ཟི་ལིང་ལྷོ་ལམ་ཆེན་མོའི་ཁྲང་ཁྲེན་སྨན་ཁང་སྒོ་ལམ་གྱི་ལམ་ངོས་བརྡིབས་པའི་དོན་རྐྱེན་གྱི་གནས་ཚུལ་གསར་པ་ཁྱབ་སྒྲོག་བྱས་པ་རེད།

ཟི་ལིང་གྲོང་ཁྱེར་འཕྲལ་བསྟུན་དོ་དམ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཙུའོ་ཞི་ཧྲེང་གིས་ངོ་སྤྲོད་བྱས་པ་ལྟར་ན། ཟླ1ཚེས13ཉིན་ལིང་ལྷོ་ལམ་ཆེན་མོའི་ཁྲང་ཁྲེན་སྨན་ཁང་སྒོ་ལམ་གྱི་ལམ་ངོས་བརྡིབས་པའི་དོན་རྐྱེན་བྱུང་ནས་ད་སྔའི་བར་དུ། ཐོག་མའི་དཔྱད་ཞིབ་བྱས་པ་ལྟར་ན། བོར་ཏེ་འབྲེལ་ཐག་ཆད་པའི་མི་གྲངས2ནས10ལ་འཕར་ཞིང་། ད་ལྟ་རོགས་སྐྱོབ་དང་འཚོལ་ཞིབ་སོགས་ཀྱི་བྱ་བ་སྒྲུབ་སྒང་རེད།

ཞིང་ཆེན་རྒྱ་གྲམ་དམར་པོ་སྨན་ཁང་གིས་རྨས་མ15ལ་སྨན་བཅོས་བྱས་ཤིང་། དེའི་ཁྲོད་མི2ཁྱིམ་དུ་ལོག་རྗེས་སླར་ལུས་ཕུང་མི་བདེ་བ་བྱུང་ནས་ཁྱིམ་མི་དང་འགྲོགས་ནས་སྨན་ཁང་དུ་བརྟག་དཔྱད་བྱེད་དུ་སོང་བ་རེད། ད་སྔ། ཞག་སྡོད་སྨན་བཅོས་བྱེད་བཞིན་པ་དང་སྨན་ཁང་དུ་བསྡད་ནས་ལྟ་ཞིབ་བྱ་ཡུལ་རྨས་མའི་རྨས་ཚབས་བདེ་རུ་བབས་ཡོད་པ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།