རྩོམ་བསྡུའི་གསལ་བརྡ།

2020ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་གྲུབ་པའི་ལོ་ཞིག་དང་། ལོ་བརྒྱའི་དམིགས་འབེན་དང་པོ་མངོན་འགྱུར་འབྱུང་བའི་དུས་མཚམས་གལ་ཆེ་བ་ཞིག་རེད། ལོ་འདིར་མཚོན་ན་ཀྲུང་ཧྭ་མི་རིགས་ཀྱིས་ཚེ་ཚེ་རབས་རབས་སུ་བརྒྱུད་ཅིང་མྱངས་པའི་དབུལ་ཕོངས་ཀྱི་ལོ་ཟླར་རྫོགས་ཚིག་བཀོད་ཅིང་། དུས་བཅད་ལྟར་ལོ་བརྒྱ་སྐོར་གཅིག་གི་དམིགས་འབེན་དང་པོ་དོན་འཁྱོལ་ཡོང་བར་ཡིད་ཆེས་བརྟན་པོ་མཆིས། ལོ་འདིར་ང་ཚོས་ལོ་བརྒྱ་སྐོར་གཉིས་ཀྱི་རླབས་ཆེན་དམིགས་འབེན་ལ་རྨང་གཞི་ལེགས་པོར་གདིང་བར་སྟ་གོན་གཞིར་བྱས། ཕྱོགས་གང་ཅིའི་ཐད་ནས་དེང་རབས་ཅན་གྱི་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་འཛུགས་པའི་སྒོ་མོ་ཡོངས་སུ་འབྱེད་པར་རྩོམ། སྐབས་དོན་ལ་དབུལ་ཐར་འགག་སྒྲོལ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱ་གཞག་ཁྲོད་བྱུང་དང་འབྱུང་བཞིན་པའི་ཡིད་སེམས་འགུལ་བའི་གཏམ་རྒྱུད་དག་ཡིག་རིས་སུ་འབེབས་པའི་ཆེད་དམ། ཏང་གི་ཡང་དག་མགོ་ཁྲིད་འོག རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་སྔ་ལངས་འཕྱི་ཉལ་དང་མཐུན་སྒྲིལ་དམ་ཟབ་སྒོས་ཤ་རུས་རྡོར་ཐུག་གི་དཀའ་སྤྱད་འབད་བརྩོན་བགྱིས་ཏེ། མེས་རྒྱལ་གྱི་འཛིན་མའི་ཁྱོན་ཀུན་ལ་གནམ་ས་བླ་འོག་བསྒྱུར་པ་ལྟ་བུའི་འགྱུར་ལྡོག་བྱུང་བའི་གནས་ཚུལ་ཆེ་ཕྲ་ཡོངས་སུ་སྒྲོག་པའི་ཕྱིར་དང་། ཡུལ་མི་མཐའ་དག་གིས་བདེ་ཞིང་སྐྱིད་པའི་འཚོ་བར་ལོངས་སུ་སྤྱོད་འདོད་ཀྱི་རེ་འདུན་ཉེ་བ་ནས་ཉེ་བའི་སར་ལྷུན་འགྲུབ་འབྱུང་བའི་དགའ་སྤྲོ་མ་ལུས་ཁོང་ནས་འཕྱུར་བ་མཚོན་པའི་དོན་ནམ། ཡང་ན་དར་ཆ་དགུང་དུ་སྒྲེང་། མི་སེམས་གོང་བུར་སྒྲིལ། གཞོན་རབས་སྐྱེད་དུ་སྲིང་། རིག་གནས་གསར་དུ་སྤེལ། སྣང་བརྙན་གསལ་བར་སྟོན་ཞེས་པའི་ལོ་རྒྱུས་ཀྱི་འགན་འཁྲི་ལྕི་མོ་ཁུར་དུ་ཐེག་པའི་སེམས་ཤུགས་ཅི་རིགས་མངོན་པའི་སླད་དུ། འདི་ག་རྩོམ་སྒྲིག་ཁང་གིས2020ལོའི《སྦྲང་ཆར》དེབ་དང་པོ་ནས་བཞི་པའི་སྟེང་། གོང་སྨྲས་དོན་རྣམས་བརྗོད་བྱར་དྲངས་པའི་སྙན་ངག་གཙོར་བྱས་དེ་འབྲེལ་གྱི་སྒྲུང་གཏམ་དང་ལྷུག་རྩོམ་ཡང་རུང་བའི་བརྩམས་ཆོས་སྡུད་སྒྲིག་བྱ་འཆར་ཡོད་པ་ལ། རྒྱ་ཆེའི་རྩོམ་པ་པོ་རྣམས་ཀྱི་སྙན་ལམ་དུ་ཞུ་འོས་དོན་འགའ་ཡོད་པ་གཤམ་གསལ་ལྟར།

1. རྩོམ་ཡིག་དུས་དེབ་ཏུ་བཀོད་ཚེ། རྩོམ་ཡོན་གྱ་ནོམ་པ་སྟེར་རྒྱུ་ཡིན།

2. རྩོམ་ཡིག་སྐུར་དུས“བསྡུས་རྩོམ”ཞེས་པའི་ཡི་གེ་གསལ་བོར་བྲི་དགོས།

3. རྩོམ་ཡིག་གི་གཤམ་དུ་རྩོམ་པ་པོའི་རུས་མིང་དང་ཐོབ་ཐང་དཔང་ཡིག་གི་ཨང་གྲངས། ཁ་པར་ཨང་གྲངས་བཅས་གསལ་བོར་བྲི་དགོས།

4. བསྡུས་རྩོམ་གྱི་རྩོམ་ཡིག་རྣམས913864433 @qq.comགྱི་ཡིག་ཟམ་དུ་བསྐུར་པར་འཚལ།

5. མ་ཕྱི་རང་ཉིད་ཀྱིས་ཉར་དགོས་ཤིང་། མ་རྩོམ་གཅིག་བུ་ཡིག་དུ་མར་བཅད་ནས་དུས་དེབ་དང་ཚགས་པར་གཞན་ལ་བསྐུར་མི་ཆོག

ཅེས《སྦྲང་ཆར》རྩོམ་སྒྲིག་ཁང་གིས།

2020ལོའི་ཟླ་དང་པོའི་ཚེས1ཉིན།

གསལ་བརྡ།

འདི་ག་རྩོམ་སྒྲིག་ཁང་གིས་བསྒྲིགས་པའི《ཀྲུང་གོའི་བོད་ཀྱི་དེང་རབས་རྩོམ་རིག་གཅེས་བཏུས》(1980—1989)(དེབ10ཅན)དང(1990—1999)(དེབ10ཅན) (2000—2009)(དེབ10ཅན) (2010—2019)(དེབ10ཅན)དེ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ནས་ད་ལྟ་སྤྱི་ཚོགས་སྟེང་དངོས་སུ་འགྲེམས་སྤེལ་བྱེད་བཞིན་ཡོད། དཔེ་ཚོགས་འདིའི་ནང་བདམས་པའི་རྩོམ་མཁན་གྱི་བརྩམས་ཆོས་ཅུང་མང་ཞིང་། དུས་དེབ་སྟེང་སྤེལ་པའི་དུས་ཚོད་ཀྱང་ཅུང་སྔ་བར་བརྟེན། རྩོམ་སྒྲིག་ཁང་གིས་ཐབས་ལམ་སྣ་ཚོགས་ཀྱིས་རྩོམ་མཁན་རྣམས་ལ་འབྲེལ་གཏུག་བྱས་ཀྱང་། སྐོར་ཞིག་ལ་ད་རུང་འབྲེལ་བ་འཛིན་མ་ཐུབ་པས། དཔེ་ཚོགས་ཁྲོད་བདམས་པའི་བརྩམས་ཆོས་ཀྱི་རྩོམ་མཁན་རྣམས་ཀྱིས་གསལ་བརྡ་འདི་མཐོང་བ་དང་བསྟུན་མགྱོགས་མྱུར་ངང་འདི་ག་རྩོམ་སྒྲིག་ཁང་ལ་འབྲེལ་གཏུག་བྱས་ཏེ། དུས་ཐོག་ཏུ་རྩོམ་ཡོན་ལེན་པའི་འགྲོ་ལུགས་བསྒྲུབ་རྒྱུ་ཐུགས་འཇགས་འཚལ།

འབྲེལ་གཏུག་བྱེད་ས། མཁའ་འགྲོ་ཚེ་རིང་།

(0971-6157478) 13639715875

པད་མ་དབང་ཆེན།

(0971-6143592) 13897241923

མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང《སྦྲང་ཆར》རྩོམ་སྒྲིག་ཁང་།

2020ལོའི་ཟླ་དང་པོའི་ཚེས1ཉིན།