2020ལོའི་དམིགས་འབེན་གསར་པ་གྲངས་ཀའི་ཐོག་ནས་བཤད་ན་འདི་འདྲ་རེད།

ཆུ་བེད་དབུལ་སྐྱོར།

འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་བྱས་ཚར་མེད་པའི་དབུལ་པོའི་བྱང་བུ་ཐོགས་མཁན་གྱི་མི་འབོར་ལ་དམིགས་ཏེ་རྩིས་ཁྲ་ཞིབ་བཟོ་དང་ལྟ་སྐུལ་གནད་ལ་བཟུང་ནས2020ལོའི་ཟླ6པའི་ཟླ་མཇུག་གི་སྔོན་ལ་དབུལ་པོའི་མི་འབོར་གྱི་འཐུང་ཆུའི་གནད་དོན100%ཡོངས་སུ་ཐག་གཅོད་བྱ་རྒྱུ།

ཞིང་གྲོང་གི་འཐུང་ཆུའི་བདེ་འཇགས་ལས་གཞི།

ཞིང་གྲོང་ཐུན་མོང་གི་ཆུ་སྤྱོད་ཚད87%བསླེབས་པ་དང་། སྦུག་ཆུ83%ཁྱིམ་ཚང་སོ་སོར་འཐེན་ནས་ཞིང་གྲོང་གི་མི་འབོར་ཁྲི6000ལ་ཆུ་འདང་ངེས་པ་མཁོ་འདོན་ཐུབ་པའི་འགན་སྲུང་དམིགས་འབེན་མངོན་དུ་འགྱུར་བྱ་རྒྱུ། ཐུན་མོང་ཆུ་འདོན་ལས་གཞིའི་ཆུ་རིན་བསྡུ་ས95%ཡན་ཟིན་པར་བྱས་ནས་ཆུ་རིན་འཇལ་ཚད90%ཡན་ལ་བསླེབ་ཏུ་འཇུག་རྒྱུ།

ཐན་པ་དང་ཆུའི་གནོད་པ་སྔོན་འགོག

ཆུ་མཛོད་ཆུང་ངུ6500དང་། ཆུ་འགོག4000། ཆུ་རགས1000ཡན་གྱི་ལས་གྲྭའི་ཉེན་འགོག་དང་ལས་བཟོའི་ཉེན་འགོག་ཉར་ཡུལ་འཁོར་རྒྱུག་གི་བདེ་འཇགས་ཐད་འབྱུང་ཉེ་ཆེ་བའི་ཉེན་ཁའམ་གནད་དོན་ལ་ཞིབ་བཤེར་ནན་མོ་བྱ་རྒྱུ།

ཆུ་འདྲེན་ཁུལ་ཆེ་འབྲིང་དུ་ཆུ་གྲོན་ཆུང་གི་ལྷན་ཐབས་བེད་སྤྱོད་གཏང་རྒྱུ།

ཆུ་འདྲེན་ཁུལ་ཆེན་པོ434དང་། འབྲིང་བ358ཀྱི་ཆུ་གྲོན་ཆུང་གི་ལྷན་ཐབས་བེད་སྤྱད་དེ་གྲོང་ཆུང་གི་དམིགས་འབེན་ལས་འགན་དུས་ལྟར་འགྲུབ་པ་དང་། ཆུ་འདྲེན་ཁུལ150ཡན་གྱི་ཆུ་འདྲེན་ས་ཚིགས་ཀྱི་དོ་དམ་བྱེད་ཐབས་ཚད་གཞི་ཅན་དང་ཚད་ལྡན་ཅན་དུ་བཏང་ནས་ཕན་འབྲས་མངོན་གསལ་ལེན་ཐུབ་ལ་བརྩོན་ལེན་བྱ་རྒྱུ།

ས་ཆུ་ཟགས་རུད་ཀྱི་གནད་དོན་བཅོས་སྐྱོང་།

ཤར་བྱང་གི་ས་ནག་བརླན་སའི་ལུང་ཁུལ་དང་ཏུའུ6ཡན་གྱི་རི་ཞིང་བཅོས་སྐྱོང་ལ་ཤུགས་བསྣན་ནས་ལོ་ཧྲིལ་པོར་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ཁྲི5.4ཡི་ས་ཆུ་ཤོར་བའི་གནད་དོན་བཅོས་སྐྱོང་ལས་འགན་ལེགས་པོར་འགྲུབ་ཏུ་འཇུག་རྒྱུ།

ཆུའི་ཐོན་ཁུངས་ལྟ་སྐུལ།

ཆུ་བོ་དང་མཚོ་མོ་འགངས་ཆེན41གི་སྐྱེ་ཁམས་འབབ་རྒྱུག་གི་དམིགས་འབེན་མངོན་འགྱུར་ལས་ཀ་དམ་འཛིན་བྱས་ནས་ལག་བསྟར་བྱ་རྒྱུ།

ཆུ་བོ་དང་མཚོ་མོའི་ལྟ་སྐུལ།

2020ལོར་ཆུ་བོ་དང་མཚོ་མོའི་ས་མཚམས་བཀར་ནས་ཆུ་བོ་དང་མཚོ་མོ་འཛུགས་སྐྲུན་གྱི་དཔེ་སྟོན་བྱེད་ས17བཙུགས་ཏེ། མཚོ་ཆུ་གལ་ཆེན་དང་འབྲེལ་བའི་ཞིང་ཆེན8ནས་བཅའ་སྡོད་རྣམ་པས་ཆེད་དོན་ལྟ་བཤེར་བྱ་རྒྱུ་མ་ཟད། མཚོ་མོ་དང་ཆུ་བོའི་“གཙང་བཞི་ཟིང་རྙོག”གི་གནད་དོན་ཐད་ལ་ལོ་ཧྲིལ་བོར་ལྟ་ཞིབ་བྱ་རྒྱུ།

ལས་གཞིའི་སྤུས་ཚད་ལ་ཆེད་དོན་ལྟ་སྐུལ།

ཞིང་ཆེན་རིམ་པའི་ཆུ་བེད་སྡེ་ཚན15ཡི་སྤུས་ཚད་ལྟ་སྐུལ་བྱས་པའི་གནས་ཚུལ་ལ་སྐོར་ཞིབ་བྱས་ནས་ཆུ་བེད་ལས་གཞི་གལ་ཆེན40ལ་ཚོ་ཆུང་ཁག་བགོས་ཀྱིས་ཞིབ་བཤེར་ཐེངས80ཡན་ལ་བྱ་རྒྱུ།

ཆུ་བེད་ཆེད་སྤྱོད་མ་དངུལ་གྱི་ལྟ་སྐུལ།

ཆུ་བེད་ཆེད་སྤྱོད་མ་དངུལ་བཀོལ་སྤྱོད་ཁྱབ་ཁོངས་ཇེ་ཆེར་བཏང་ཚུལ་ལ་ཞིབ་བཤེར་བྱ་བ་དང་། ཡུལ་དངོས་སུ་ཞིབ་བཤེར་མཁན་ལས་ཁུངས་ཀྱི་གྲངས་འབོར་དེ2019ལོའི་རྨང་གཞིའི་ཐོག50%ཇེ་མང་དུ་གཏང་རྒྱུ།

ལྷོ་ཆུ་བྱང་འདྲེན།

2019-2020ལོའི་བར་གྱི་ཤར་ཐིག་གི་དུས་བཅད་དང་པོར་ཧྲན་ཏུང་དུ་ཆུ་སྨི་རྒྱ་དཔང་གྲུ་བཞི་མ་དུང་ཕྱུར7.03དང་། དབུས་ཐིག་གི་དུས་བཅད་དང་པོར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར70.84འདྲེན་ཐུབ་པ་བྱུང་ཞིང་། ཆུ་འདོན་དང་ཆུ་སྤུས་ཀྱི་ཆ་དེ་ལེགས་ཕྱོགས་སུ་བསྒྱུར་བར་འགན་ལེན་བྱས་ཡོད་པས། ལྷོ་ཆུ་བྱང་དུ་འདྲེན་མཁན་ཇུས་འགོད་ལས་ཁུངས་སམ་ལས་གྲྭ34ཡི་ལས་ཀར་ཞིབ་བཤེར་རྩིས་ལེན་བྱ་རྒྱུ།

ཆུ་སྲིད་འཛིན་གྱི་བཅའ་ཁྲིམས།

ཆུ་བོ་དང་མཚོ་མོའི་ཁྲིམས་འཛིན་ལོ་གསུམ་སྤེལ་བའི་བྱ་བྱེད་མུ་མཐུད་དུ་རྒྱུན་བསྐྱངས་ཏེ་གྱོད་དོན90%ལྷག་ཐག་གཅོད་བྱ་རྒྱུ་དང་། ཆུ་དོན་ཕྱོགས་ནས་ཐག་བཅད་མེད་པའི་ཁྲིམས་འགལ་ངན་ཉེས་གསར་རྙིང་ཚང་མ་གཙང་སེལ་བྱ་བའི་དམིགས་འབེན་འོས་འགན་འགྲུབ་ཏུ་འཇུག་རྒྱུ།

གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་སྒྱུར།

“གློད་སྡོམ་ཞབས”གསུམ་གྱི་བཅོས་སྒྱུར་ལ་སྐུལ་འདེད་བྱས་ཏེ། ཁེ་ལས་སྲིད་འཛིན་གྱི་ཆོག་འཐུས་དོན་ཚན་ལས“ལག་འཁྱེར་དང་ཐོབ་ཐང་གསལ་འབྱེད”དང་འབྲེལ་བའི་དོན་ཚན་དྲུག་ལག་བསྟར་བྱ་རྒྱུ།

ཁོན་ཐར་འཚོས་བསྒྱུར།