ཟི་ལིང་ནས་ཐའེ་ལན་ཊིའི་རྒྱལ་ཁབ་བར་ཐད་འཕུར་གནམ་གྲུ་བཏང་།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་གནམ་ཐང་ཀུང་ཟི་ནས་རྒྱུས་ལོན་པ་ལྟར་ན། ཟླ1ཚེས8ཉིན། ཟི་ལིང་ནས་ཐའེ་ལན་ཊིའི་བར་གྱི་རྒྱལ་སྤྱིའི་མཁའ་འགྲུལ་ཐོག་མའི་མཛད་སྒོ་ཟི་ལིང་གནམ་ཐང་ནས་བསྡུས་ཤིང་། དེས་ཐའེ་ལན་ཊི་ཡུའི་ཅེ་མཁའ་འགྲུལ་ཀུང་ཟིས་ལག་བསྟར་བྱེད་པའི་ཟི་ལིང་ནས་ཐའེ་ལན་ཊི་བར་གྱི་མཁའ་འགྲུལ་དངོས་སུ་ཤར་གཏོང་བྱས་པ་མཚོན་ཐུབ། ཐད་འཕུར་གནམ་གྲུ་གཟའ་འཁོར་རེའི་རེས་གཟའ་གསུམ་པའི་ཉིན་ཤར་གཏོང་བྱ་རྒྱུ་ཡིན་ཞིང་། མཁའ་འགྲུལ་ཨང་རྟགསVZ3611པ་དེ་ཟི་ལིང་ནས་ཞོགས་པའི་ཆུ་ཚོད07:30སྟེང་ཤར་གཏོང་བྱ་རྒྱུ་དང་།ཞོགས་པའི་ཆུ་ཚོད06:20སྟེང་མཁའ་འགྲུལ་ཨང་རྟགསVZ3610པ་ཟི་ལིང་ལ་ཐོན་ཐུབ་པ་རེད།

འབྲེལ་ཡོད་འགན་འཁུར་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། 2014ལོར་རང་ཞིང་གིས་ཕྱི་ཕྱོགས་སུ་དངོས་སུ་སྒོ་འབྱེད་བྱས་པའི་ཚུན་ལ། སྔ་གཞུགས་ཏུ་ཟི་ལིང་ནས་མན་ཀུའུ་དང་ཧྲོའུ་ཨེར། ཏུང་ཅིང་། ཅི་ལུང་ཕོ། མེ་ཏི་ན། ཞན་ལི། ཡ་ཀྲོང་དང་ཕུའུ་ཅི་སོགས་རྒྱལ་སྤྱིའི(ས་ཁུལ)མཁའ་ལམ10ཤར་གཏོང་བྱས་ཤིང་། 2019ལོར། ཟི་ལིང་ནས་རྒྱལ་སྤྱིའི་མཁའ་འགྲུལ་གནམ་གྲུ་ཐེངས1252ལ་འཕུར་ནས་རྒྱལ་ཁབ་ཕྱི་ནང་གི་འགྲུལ་པ29321སྣེ་ལེན་བྱས་པས། ན་ནིང་དང་བསྡུར་ན་སོ་སོར16.1%ནས26.6%གིས་འཕར་འདུག་ཟེར།

ལོ་ཙཱ་བ། ལྷ་ཆེན་རྒྱལ།