སྡོད་ཁང་ཐོ་འགོད་བྱེད་ཐབས་སྐོར།

སྡོད་ཁང་ཐོ་འགོད་བྱེད་ཐབས་སྐོར།

སྤྱི་ལོ2008ལོའི་ཟླ2ཚེས15ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛུགས་སྐྲུན་པུའུ་ཡི་བཀའ་རྒྱ་ཨང160པར་ཡོངས་བསྒྲགས་བྱས་ཤིང་།སྤྱི་ལོ2008ལོའི7ཟླ་ཚེས1ཉིན་ནས་ལག་ལེན་དུ་བསྟར།

གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།房屋登记办法

ཁྱབ་བསྒྲགས་སྡེ་ཁགཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛུགས་སྐྲུན་པུའུ།

གྲོས་འཆམ་བྱུང་དུས།སྤྱི་ལོ2008ལོའི་ཟླ1པོའི་ཚེས22ཉིན།

ལག་བསྟར་དུས་ཚོད།སྤྱི་ལོ2008ལོའི་ཟླ7པའི་ཚེས1ཉིན།

དཀར་ཆག

1 ལེའུ་དང་པོ། སྤྱིའི་དོན་ཚན།

2 ལེའུ་གཉིས་པ། སྤྱིར་བཏང་པའི་གཏན་འབེབས་སྐོར།

3 ལེའུ་གསུམ་པ། རྒྱལ་ཁབ་ལ་དབང་བའི་ས་ཆའི་ཁྱབ་ཁོངས་ལས་སྡོད་ཁང་ལ་ཐོ་འགོད་བྱེད་ཕྱོགས་སྐོར།

4 ལེའུ་བཞི་པ། ཐུན་མོང་གི་ས་ཆའི་ཁྱབ་ཁོངས་ནང་དུ་སྡོད་ཁང་ཐོ་འགོད་བྱེད་ཐབས་སྐོར།

5 ལེའུ་ལྔ་པ། ཁྲིམས་འབྲེལ་ཁུར་འཁྲིའི་སྐོར།

6 ལེའུ་དྲུག་པ། ཞར་བྱུང་དོན་ཚན།

1ལེའུ་དང་པོ། སྤྱིའི་དོན་ཚན།

དོན་ཚན་དང་པོ། སྡོད་ཁང་ལ་ཐོ་འགོད་བྱེད་པའི་བྱ་སྤྱོད་ཚད་ལྡན་དུ་གཏོང་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བཅས་བྱ་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱུ་དངོས་བདག་དབང་སྐོར་གྱི་བཅ་ཁྲིམས》དང་། 《ཀྲུང་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་ཁྱེར་གྱི་ཁང་ས་བདག་ཁོངས་དོ་དམ་བྱེད་ཕྱོགས་སྐོར་གྱི་སྲོལ་ཡིག》བཅས་ལ་སོགས་པའི་བཅའ་ཁྲིམས་དང་། སྲིད་འཛིན་ཁྲིམས་སྲོལ་གཞིར་བཟུང་ནས་བྱེད་ཐབས་འདི་གཏན་འབེབས་བྱས་བ་ཡིན།

དོན་ཚན་གཉིས་པ། བྱེད་ཐབས་འདི་ལས་སྡོད་ཁང་ལ་ཐོ་འགོད་བྱེད་པ་ཅེས་ནི་སྡོད་ཁང་ལ་ཐོ་འགོད་བྱེད་མཁན་ལས་ཁུངས་ནས་ཁྲིམས་ལྟར་སྡོད་ཁང་གི་ཁེ་དབང་དང་ཐོ་རུ་འགོད་དགོས་པའི་དོན་ཚན་གཞན་དག་སྡོད་ཁང་ཐོ་འགོད་བྱེད་དེབ་སྟེང་འགོད་པའི་བྱ་སྤྱོད་ལ་ཟེར།

དོན་ཚན་གསུམ་པ། རྒྱ་སྲིད་སྤྱི་ཁྱབ་ཁང་གི་འཛིགས་སྐྲུན་གཙོ་སྐྱོང་སྡེ་ཁག་ནས་རྒྱལ་ཡོངས་ཀྱི་སྡོད་ཁང་དོ་དམ་གྱི་བྱ་བར་མཛུབ་སྟོན་དང་ལྟ་སྐུལ་བྱེད་པའི་འགན་ཁུར་དགོས། ཞིང་ཆེན་དང་། རང་སྐྱོང་ལྗོངས་། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་སྲིད་གཞུང་གི་འཛུགས་སྐྲུན(ཁང་ས་བདག་ཁོངས།)གཙོ་སྐྱོང་སྡེ་ཁག་ནས་སྲིད་འཛིན་ས་ཁོངས་རང་ནང་གི་སྡོད་ཁང་ཐོ་འགོད་ཀྱི་བྱ་བར་མཛུབ་སྟོན་དང་ལྟ་སྐུལ་བྱེད་པའི་འགན་འཁུར་དགོས།

དོན་ཚན་བཞི་པ། སྡོད་ཁང་ཐོ་འགོད་བྱ་རྒྱུ་དེ་སྡོད་ཁང་གནས་སའི་ས་ཁུལ་གྱི་སྡོད་ཁང་ཐོ་འགོད་ལས་ཁུངས་ནས་བསྒྲུབ་དགོས།

བྱེད་ཐབས་འདིའི་ནང་ལས་སྡོད་ཁང་ཐོ་འགོད་ལས་ཁུངས་ཅེས་པ་ནི་ཐད་སྐྱོང་གྲོང་ཁྱེར་དང་། གྲོང་ཁྱེར། རྫོང་བཅས་ཀྱི་མི་དམངས་སྲིད་གཞུང་གི་འཛུགས་སྐྲུན(ཁང་ས་བདག་ཁོངས)གཙོ་སྐྱོང་སྡེ་ཁག་གམ་ཡང་ན་དེས་བཙུགས་པའི་སྡོད་ཁང་ཐོ་འགོད་ཀྱི་བྱ་བར་འགན་འཁུར་མཁན་གྱི་ལས་ཁུངས་ལ་ཟེར།

དོན་ཚན་ལྔ་པ། སྡོད་ཁང་ཐོ་འགོད་ལས་ཁུངས་ཀྱིས་སྲིད་འཛིན་ས་ཁོངས་རང་ནང་ནས་གཅིག་གྱུར་གྱི་སྡོད་ཁང་ཐོ་འགོད་བྱེད་དེབ་འཛུགས་རྒྱུ། སྡོད་ཁང་ཐོ་འགོད་བྱེད་དེབ་ནི་སྡོད་ཁང་ཁེ་བདག་ཁོངས་དང་དེའི་ནང་དོན་གྱི་གཞི་འཛིན་ས་ཡིན་ལ། དེར་སྡོད་ཁང་ཐོ་འགོད་ལས་ཁུངས་ནས་དོ་དམ་བྱ་རྒྱུ།

དོན་ཚན་དྲུག་པ། སྡོད་ཁང་ཐོ་འགོད་བྱེད་མཁན་ལ་ལས་གནས་དང་མཐུན་པའི་ཆེད་ལས་ཡུན་ཏན་ཡོད་དགོས་རྒྱུ།

སྡོད་ཁང་ཐོ་འགོད་བྱེད་པར་ཞིབ་བཤེར་གཏན་འབེབས་བྱེད་པའི་ལས་ཀ་གཉེར་མཁན་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁང་གིས་སྤྲད་པའི་སྡོད་ཁང་ཐོ་འགོད་གྱི་ལས་ག་གཉེར་ཆོག་པའི་ལ་ལག་ཁྱེར་ཐོབ་དགོས་ཐོག་ལག་ཁྱེར་འཁྱེར་ནས་ལས་གནས་སུ་ཞུགས་རྒྱུ།

2 ལེའུ་གཉིས་པ། སྤྱིར་བཏང་པའི་གཏན་འབེབས་སྐོར།

དོན་ཚན་བདུན་པ། སྡོད་ཁང་ཐོ་འགོད་བྱེད་སྐབས་སྤྱིར་བཏང་དུ་གཤམ་གསལ་གྱི་གོ་རིམ་ལྟར་སྒྲུབ་རྒྱུ།

གཅིག རེ་འདུན་ཞུ་བ།

གཉིས། བདག་སྤྲོད་བྱེད་པ།

གསུམ། ཞིབ་བཤེར་གཏན་འབེབས་བྱེད་པ།

བཞི། ཐོ་འགོད་བྱེད་དེབ་སྟེང་འགོད་པ།

ལྔ། ལག་ཁྱེར་སྤྲོད་པ་བཅས་སོ།།

སྡོད་ཁང་ཐོ་འགོད་ལས་ཁུངས་ནས་དགོས་ངེས་ཡོད་སྙམ་ཚེ་ཐོ་འགོད་བྱ་དགོས་པའི་དོན་ཚན་དག་སྤྱི་བསྒྲགས་བྱས་ཆོག

དོན་ཚན་བརྒྱད་པ། སྡོད་ཁང་ཐོ་འགོད་བྱེད་སྐབས་སྡོད་ཁང་གི་བདག་དབང་དང་སྡོད་ཁང་བཟུང་སྤྱོད་བྱས་པའི་ཁྱབ་ཁོངས་ནང་གི་ས་ཆ་བེད་སྤྱོད་བྱེད་དབང་གི་ཁེ་དབང་འཛིན་མཁན་གྱི་བྱེད་པོ་གཅིག་གྱུར་ཡིན་དགོས་པའི་རྩ་དོན་བརྩི་སྲུང་བྱ་དགོས།

དོན་ཚན་དགུ་པ། སྡོད་ཁང་ཐོ་འགོད་ལས་ཁུང་ཀྱིས་བཅའ་ཁྲིམས་དང་། ཁྲིམས་སྲོལ། བྱེད་ཐབས་འདི་ཉིད་བཅས་ཀྱི་གཏན་འབེབས་ལྟར། སྡོད་ཁང་ཐོ་འགོད་ཡོང་རེ་ཞུ་སྐབས་འདོན་སྤྲོད་བྱེད་དགོས་པའི་དཔྱད་གཞིའི་ཡིག་རིགས་གཏན་འཁེལ་བྱ་དགོས་ཐོག་ཐོ་འགོད་ཡོང་རེ་ཞུ་བའི་དཔྱད་གཞིའི་ཡིག་རིགས་ཀྱི་དཀར་ཆག་སྤྱི་བསྒྲགས་བྱེད་དགོས།

དོན་ཚན་བཅུ་པ། སྡོད་ཁང་ལ་གཞི་རྩའི་སྡེ་ཚན་ལྟར་ཐོ་འགོད་བྱ་རྒྱུ། སྡོད་ཁང་གི་གཞི་རྩའི་སྡེ་ཚན་ཞེས་པ་ནི་གཏན་ཁེལ་གྱི་མཚམས་ཚད་ཡོད་པ་དང་ཁེར་རྐྱང་དུ་བེད་སྤྱོད་བྱས་ཆོག་ཐོག་ཨང་གྲངས་གསལ་ལ་གཅིག་པུ་ཡིན(གྲལ་ཤར་ཨང་གྲངས་དང་སྡོད་ཁང་གི་ཨང་གྲངས་སོགས།)པའི་སྡོད་ཁང་ངམ་ཡང་ན་བར་སྟོང་ལ་ཟེར།

རྒྱལ་ཁབ་ལ་དབང་བའི་ས་ཆའི་ཁྱང་ཁོངས་ནང་གི་ཁང་མིག་ནང་འབྲེལ་ཅན་གྱི་སྡོད་ཁང་ལ་ཁང་མིག་ནང་འབྲེལ་ཅན་གྱི་སྡོད་ཁང་གཅིག་རེ་གཞི་རྩའི་སྡེ་ཚན་བྱས་ཏེ་ཐོ་འགོད་བྱེད་རྒྱུ་ཁང་མིག་བཅས་ལ་སོགས་པའི་གཏན་འཁེལ་གྱི་མཚམས་ཚད་བྱས་པའི་གཞི་རྩའི་སྡེ་ཚན་ཁག་ཅིག་ལྟར་ཐོ་འགོད་བྱེད་རྒྱུ། ཐུན་མོང་གི་ས་ཆའི་ཁྱབ་ཁོངས་ནང་གི་གྲོང་མིའི་སྡོད་ཁང་ལ་ཁང་སའི་ཐོག་གི་རང་ཚུས་ཡིན་པའི་བཟོ་བཀོད་གཞི་རྩའི་སྡེ་ཚན་བྱས་ཏེ་ཐོ་འགོད་བྱ་རྒྱུ། ཐུན་མོང་གི་ས་ཆའི་ཁྱབ་ཁོངས་ནང་གི་གྲོང་མིའི་སྡོད་ཁང་ལ་ཁང་སའི་ཐོག་གི་རང་ཚུགས་ཡིན་པའི་བཟོ་བཀོད་གཞི་རྩའི་སྡེ་ཚན་བྱས་ཏེ་ཐོ་འགོད་བྱ་རྒྱུ། ཐུན་མོང་ལ་དབང་བའི་ཁང་སའི་ཐོག་སྐྲུན་ཡོད་པའི་གྲོང་མིའི་སྡོད་ཁང་ལ་ཁང་མིག་ནང་འབྲེལ་ཅན་གྱི་སྡོད་ཁང་དང་། ཁང་མིག་ལ་སོགས་པའི་གཏན་འཁེལ་གྱི་མཚམས་ཚད་ཡོད་པའི་གཞི་རྩའི་སྡེ་ཚན་ཁག་ཅིག་ལྟར་ཐོ་འགོད་བྱ་རྒྱུ།

སྡོད་ཁང་མ་ཡིན་པར་ཁང་པའི་གྲལ་ཤར་དང་། བང་རིམ། ཁང་མིག་ནང་འབྲེལ་ཅན་གྱི་སྡོད་ཁང་། ཁང་མིག་བཅས་ལ་སོགས་པའི་གཏན་འཁེལ་གྱི་མཚམས་ཚད་ཡོད་པའི་གཞི་རྩའི་སྡེ་ཚན་ཁག་ཅིག་ལྟར་ཐོ་འགོད་བྱེད་རྒྱུ།

དོན་ཚན་བཅུ་གཅིག་པ། སྡོད་ཁང་ཐོ་འགོད་ཡོང་རེ་ཞུ་ན། རེ་འདུན་ཞུ་མཁན་ནས་སྡོད་ཁང་གནས་སའི་སྡོད་ཁང་ཐོ་འགོད་ལས་ཁུངས་ལ་སྡོད་ཁང་ཐོ་འགོད་ཡོང་རེ་ཞུ་དགོས་ཐོག་དེར་ཐོ་འགོད་ཡོང་རེ་ཞུ་སྐོར་གྱི་དཔྱད་གཞིའི་ཡིག་རིགས་འདོན་སྤྲོད་བྱ་དགོས།

ཐོ་འགོད་ཡོང་རེ་ཞུ་སྐོར་གྱི་དཔྱད་གཞིའི་ཡིག་རིགས་འདོན་སྤྲོད་བྱེད་སྐབས་མ་ཡིག་སྤྲོད་དགོས། མ་ཡིག་སྤྲོད་མི་ཐུབ་ན་འབྲེལ་ཡོད་སྡེ་ཁག་གིས་ཁས་ལེན་ཞིང་མ་ཡིག་དང་གཅིག་གྱུར་ཡིན་པའི་བསྐྱར་པར་ཡིག་རིགས་སྤྲོད་རྒྱུ།

རེ་འདུན་ཞུ་མཁན་ནས་ཐོ་འགོད་ཡོང་རེ་ཞུ་སྐོར་གྱི་ཡིག་རིགས་ཀྱི་ངོ་མའི་རང་བཞིན་དང་། ཁྲིམས་མཐུན་གྱི་རང་བཞིན། ནུས་ལྡན་རང་བཞིན་བཅས་ལ་འགན་འཁུར་རྒྱུ་ལས། གནས་ཚུལ་ངོ་མ་གསང་བའམ་ཡང་ན་ཡིག་རིགས་རྫུན་མ་འདོན་སྤྲོད་བྱས་ཏེ་སྡོད་ཁང་ཐོ་འགོད་ཡོང་རེ་ཞུས་ཆོག

དོན་ཚན་བཅུ་གཉིས་པ། སྡོད་ཁང་ཐོ་འགོད་ཡོང་རེ་ཞུ་ན་འབྲེལ་ཡོད་ཀྱི་དོ་བདག་ཕྱོགས་གཉིས་ཀས་ཐུན་མོང་དུ་རེ་འདུན་ཞུ་དགོས། ཡིན་ནའང་བྱེད་ཐབས་འདིའི་ནང་དུ་གཏན་ཁེལ་གཞན་པ་བྱས་ཡོད་པ་ཕུད།

གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་པར་སྡོད་ཁང་ཐོ་འགོད་ཡོང་རེ་ཞུ་ན། དོ་བདག་པ་ཕྱོགས་གཅིག་གིས་རེ་འདུན་ཞུས་ཆོག

(གཅིག)ཁྲིམས་དང་མཐུན་པར་ཁང་པ་བརྒྱབ་རྐྱེན་སྡོད་ཁང་ཁེ་དབང་ཐོབ་པ།

(གཉིས)མི་དམངས་ཁྲིམས་ཁང་དང་འདུམ་གཅོད་ཨུ་ཡོན་ལྷན་ཁང་གི་ནུས་པ་ཐོན་ཟིན་པའི་བཅའ་ཁྲིམས་ཡིག་རིགས་ལ་བརྟེན་ནས་སྡོད་ཁང་ཁེ་དབང་ཐོབ་པ།

(གསུམ)ཤུལ་འཛིན་དང་ཁ་ཆེམས་ལྟར་ཤུལ་བཞག་རྒྱུ་ནོར་བླངས་རྐྱེན་སྡོད་ཁང་ཁེ་དབང་ཐོབ་པ།

(བཞི)བྱེད་ཐབས་འདིའི་ནང་བཀོད་པའི་བསྒྱུར་བའི་ཐོ་འགོད་བྱས་པའི་གནས་ཚུལ་རིགས་གཅིག་ཡོད་པ།

(ལྔ)སྡོད་ཁང་ཡལ་བ།

(དྲུག)ཁེ་དབང་འཛིན་མཁན་ནས་སྡོད་ཁང་ཁེ་དབང་དོར་བ།

(བདུན)བཅའ་ཁྲིམས་དང་ཁྲིམས་སྲོལ་དུ་གཏན་འབེབས་བྱས་པའི་གནས་ཚུལ་གཞན་དག་བཅས་སོ།།

དོན་ཚན་བཅུ་གསུམ་པ། ཐུན་མོང་ལ་དབང་བའི་སྡོད་ཁང་ལ་ཐུན་མོང་ལ་དབང་བའི་མིས་མཉམ་དུ་ཐོ་འགོད་ཡོང་རེ་ཞུ་དགོས།

ཐུན་མོང་ལ་དབང་བའི་སྡོད་ཁང་བདག་དབང་བསྒྱུར་བའི་ཐོ་འགོད་བྱེད་ན། ཐུན་མོང་ལ་དབང་བའི་འབྲེལ་ཡོད་ཀྱི་མིས་རེ་འདུན་ཞུ་དགོས། ཡིན་ནའང་ཐུན་མོང་ལ་དབང་བའི་ངོ་བོའམ་ཡང་ན་ཐུན་མོང་ལ་དབང་བའི་མིའི་ཐོབ་སྐལ་བསྒྱུར་རྐྱེན་སྡོད་ཁང་ཐོ་འགོད་ཡོང་རེ་ཞུ་པར་ཐུན་མོང་ལ་དབང་བའི་མིས་མཉམ་དུ་ཐོ་འགོད་ཡོང་རེ་ཞུ་རྒྱུ།

དོན་ཚན་བཅུ་བཞི་པ། ལོ་ན་མ་སོན་པའི་མིའི་སྡོད་ཁང་ལ་དེར་ལྟ་སྐྱོང་བྱེད་མིས་ཚབ་བྱས་ཏེ་ཐོ་འགོད་ཡོང་རེ་ཞུ་རྒྱུ། ལྟ་སྐྱོང་བྱེད་མིས་ལོ་ན་མ་སོན་པའི་མིའི་ཚབ་བྱས་ཏེ་སྡོད་ཁང་ཐོ་འགོད་བྱེད་རིགས་ཀྱིས་ལྟ་སྐྱོང་བྱེད་མིའི་ཐོབ་ཐང་མཚོན་བྱེད་ཀྱི་བདེན་དཔང་ཡིག་རིགས་འདོན་དགོས་རྒྱུ་དང་། ལོ་ན་མ་སོན་པའི་མིའི་སྡོད་ཁང་ཐག་གཅོད་བྱས་རྐྱེན་ཐོ་འགོད་ཡོང་རེ་ཞུ་རིགས་ནས་ལོ་ན་མ་སོན་པའི་མིར་ཕན་ཆ་ཐོབ་ཆེད་ཡིན་པའི་ཡིག་ཐོག་གི་ཁག་ཐེག་ཡི་གེ་འདོན་སྤྲོད་བྱེད་དགོས།

དོན་ཚན་བཅོ་ལྔ་པ། སྡོད་ཁང་ཐོ་འགོད་ཡོང་རེ་ཞུ་ན། རེ་འདུན་ཞུ་མིས་ཀྲུང་གོའི་སྐད་ཡིག་གི་མིང་ངམ་རུས་མིང་བཀོལ་དགོས། རེ་འདུན་ཞུ་མིས་འདོན་སྤྲོད་བྱས་པའི་བདེན་དཔང་ཡིག་རིགས་ཀྱི་མ་ཡིག་དེ་ཕྱིའི་རྒྱལ་ཁབ་ཀྱི་ཡིག་རིགས་ཡིན་ན། རྒྱ་ཡིག་ཏུ་ལོ་ཙཱ་བྱས་པའི་ཡིག་རིགས་འདོན་སྤྲོད་བྱེད་དགོས།

མངགས་བཅོལ་ལས་ཚབ་པས་སྡོད་ཁང་ཐོ་འགོད་ཡོང་རེ་ཞུ་ན། ལས་ཚབ་པས་དབང་ཆ་བཅོལ་ཡིག་དང་ཐོབ་ཐང་མཚོན་བྱེད་དཔང་ཡིག་འདོན་སྤྲོད་བྱེད་རྒྱུ། མངའ་ཁོངས་ཕྱིའི་རེ་འདུན་ཞུ་མཁན་ནས་ལས་ཚབ་པ་མངགས་བཅོལ་བྱས་ཏེ་སྡོད་ཁང་ཐོ་འགོད་ཡོང་རེ་ཞུ་ན། དེའི་དབང་ཆ་བཅོལ་ཡིག་ལ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་དཔང་འཛུགས་སམ་ཡང་ན་དཔང་རྟགས་ངོས་འཛིན་རྒྱུ།

དོན་ཚན་བཅུ་དྲུག་པ། སྡོད་ཁང་ཐོ་འགོད་ཡོང་རེ་ཞུ་ན། རེ་འདུན་ཞུ་མཁན་ནས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཐོ་འགོད་གླ་ཡོན་སྤྲོད་དགོས།

དོན་ཚན་བཅུ་བདུན་པ། རེ་འདུན་ཞུ་མིས་འདོན་སྤྲོད་བྱས་པའི་ཐོ་འགོད་ཡོང་རེ་ཞུས་པའི་ཡིག་རིགས་ཆ་ཚང་བ་མ་ཟད་ཁྲིམས་བཀོད་ཀྱི་རྣམ་པ་དང་མཐུན་ན། དེས་ཐོ་འགོད་ཡོང་རེ་ཞུས་པ་བདག་སྤྲོད་བྱེད་དགོས་ཐོག་ཡིག་ཐོག་གི་དཔང་འཛིན་སྤྲོད་དགོས།

རེ་འདུན་ཞུ་མིས་འདོན་སྤྲོད་བྱས་པའི་ཐོ་འགོད་ཡོང་རེ་ཞུས་པའི་ཡིག་རིགས་ཆ་མི་ཚང་བའམ་ཡང་ན་ཁྲིམས་བཀོད་ཀྱི་རྣམ་པ་དང་མི་མཐུན་ན། དེས་ཐོ་འགོད་ཡོང་རེ་ཞུས་པ་དང་ལེན་བྱེད་མི་རུང་བ་མ་ཟད། རེ་འདུན་ཞུ་མིར་ཁ་གསབ་རྒྱག་དགོས་པའི་ནང་དོན་གང་ཡིན་པ་ཤེས་སུ་འཇུག་དགོས།

དོན་ཚན་བཅོ་བརྒྱད་པ། སྡོད་ཁང་ཐོ་འགོད་བྱེད་པའི་ལས་ཁུངས་ནས་ཐོ་འགོད་ཡོང་རེ་ཞུས་པའི་ཡིག་རིགས་ལ་ཞིབ་བཤེར་བྱ་དགོས་ཐོག་ཐོ་འགོད་བྱེད་རྒྱུའི་རེ་འདུན་ཞུས་པ་མི་འདྲ་བར་གཞིགས་ནས་ཐོ་འགོད་ཡོང་རེ་ཞུས་པའི་དོན་ཚན་དག་རེ་འདུན་ཞུ་མཁན་གྱི་བསམ་དོན་དངོས་ཡིན་མིན་དང་། ཐོ་འགོད་ཡོང་རེ་ཞུས་པའི་སྡོད་ཁང་དེ་ཐུན་མོང་ལ་དབང་བའི་སྡོད་ཁང་ཡིན་མིན། སྡོད་ཁང་ཐོ་འགོད་བྱེད་དེབ་སྟེང་བཀོད་པའི་ཁེ་དབང་འཛིན་མཁན་དག་བཅོས་བྱ་རྒྱུར་འཐད་པ་ཡིན་མིན། དེ་ལས་གཞན་ཐོ་འགོད་ཡོང་རེ་ཞུས་པའི་ཡིག་རིགས་ཁྲོད་དུ་སྔར་ལས་ཀྱང་གསལ་བོ་བྱ་དགོས་པའི་འབྲེལ་ཡོད་ཀྱི་དོན་ཚན་ཡོད་མེད་བཅས་རེ་འདོན་ཞུ་མཁན་ལ་འདྲི་རྩད་བྱ་རྒྱུ། འདྲི་རྩད་བྱས་པའི་མཇུག་འབྲས་ལ་རེ་འདུན་ཞུ་མཁན་ནས་མིང་བཀོད་དེ་མཐའ་གཅིག་ཏུ་ངོས་འཛིན་བྱས་ཐོག་ཡིག་ཚགས་ཀྱི་ཁོངས་སུ་བཅུག་ནས་རང་སོར་འཇོག་རྒྱུ།

སྡོད་ཁང་ཐོ་འགོད་ལས་ཁུངས་ནས་ཐོ་འགོད་ཡོང་རེ་ཞུས་པའི་སྡོད་ཁང་གི་འབྲེལ་ཡོད་གནས་ཚུལ་ཐད་ལ་སྔར་ལས་ལྷག་པའི་བདེན་དཔང་བྱ་རྒྱུའི་དགོས་མཁོ་ཡོན་སྙམ་ན། རེ་འདུན་ཞུ་མཁན་ལ་ཡིག་རིགས་ཁ་གསབ་རྒྱག་དགོས་པའི་བླང་བྱ་བཏོན་ཆོག

དོན་ཚན་བཅུ་དགུ་པ། གཤམ་གསལ་གྱི་སྡོད་ཁང་ཐོ་འགོད་བྱེད་རིགས་ལ་སྡོད་ཁང་ཐོ་འགོད་ལས་ཁུངས་ས་དེར་ཕྱིན་ནས་ལྟ་ཞིབ་བྱེད་རྒྱུ།

(གཅིག)སྡོད་ཁང་གི་བདག་དབང་ལ་ཐོག་མའི་ཐོ་འགོད་བྱེད་པ།

(གཉིས)འཛུགས་སྐྲུན་བྱེད་བཞིན་པའི་ཨར་ལས་གཏའ་མར་འཇོག་དབང་གི་ཐོ་འགོད་བྱེད་པ།

(གསུམ)སྡོད་ཁང་ཡལ་རྐྱེན་སྡོད་ཁང་གི་བདག་དབང་ཐོ་ཁོངས་ནས་སུབ་པའི་ཐོ་འགོད་བྱས་པ།

(བཞི)བཅའ་ཁྲིམས་དང་ཁྲིམས་སྲོལ་དུ་གཏན་འབེབས་བྱས་པའི་ས་དེར་ཕྱིན་ནས་ལྟ་ཞིབ་བྱེད་དགོས་པའི་སྡོད་ཁང་ཐོ་འགོད་གཞན་དག་བཅས་སོ། །

སྡོད་ཁང་ཐོ་འགོད་ལས་ཁུངས་ས་དེར་ཕྱིན་ནས་ལྟ་ཞིབ་བྱེད་སྐབས། རེ་འདུན་ཞུ་མིས་གཞོགས་འདེགས་བྱེད་རྒྱུ།

དོན་ཚན་ཉི་ཤུ་པ། ཐོ་འགོད་ཡོང་རེ་ཞུ་ཡིག་ལ་གཤམ་གསལ་གྱི་ཆ་རྐྱེན་འཛོམས་ན། སྡོད་ཁང་ཐོ་འགོད་ལས་ཁུངས་ནས་ཐོ་འགོད་བྱེད་དགོས་ཐོག་ཐོ་འགོད་ཡོང་རེ་ཞུས་པའི་དོན་ཚན་དག་སྡོད་ཁང་ཐོ་འགོད་བྱེད་དེབ་ནང་བཀོད་དགོས་ཏེ།

(གཅིག)རེ་འདུན་ཞུ་མཁན་དང་ཁྲིམས་ལྟར་འདོན་སྤྲོད་བྱས་པའི་ཡིག་རིགས་ནང་བཀོད་པའི་བྱེད་པོ་གཅིག་གྱུར་ཡིན་པ།

(གཉིས)ཐོག་མའི་ཐོ་འགོད་ཡོང་རེ་ཞུས་པའི་སྡོད་ཁང་དང་རེ་འདུན་ཞུ་མིས་འདོན་སྤྲོད་བྱས་པའི་འཆར་འགོད་ཀྱི་བདེན་དཔང་ཡིག་རིགས་གཅིག་གྱུར་ཡིན་པ་དང་། གཞན་པའི་ཐོ་འགོད་ཡོང་རེ་ཞུས་པའི་སྡོད་ཁང་དང་སྡོད་ཁང་ཐོ་འགོད་བྱེད་དེབ་ནང་འགོད་པ་གཅིག་གྱུར་ཡིན་པ།

(གསུམ)ཐོ་འགོད་ཡོང་རེ་ཞུས་པའི་ནང་དོན་དང་འབྲེལ་ཡོད་ཀྱི་ཡིག་རིགས་ཀྱིས་བདེན་དཔང་བྱས་པའི་དོན་དངོས་གཅིག་གྱུར་ཡིན་པ།

(བཞི)ཐོ་འགོད་ཡོང་རེ་ཞུས་པའི་དོན་ཚན་དང་སྡོད་ཁང་ཐོ་འགོད་བྱེད་དེབ་ནང་བཀོད་པའི་སྡོད་ཁང་ཁེ་དབང་བར་འགལ་རྐྱེན་མེད་པ།

(ལྔ)བྱེད་ཐབས་འདིའི་ནང་གཏན་འབེབས་བྱས་པའི་ཐོ་འགོད་མི་བྱེད་རྒྱུའི་གནས་ཚུལ་མེད་པ་བཅས་སོ། །

ཐོ་འགོད་ཡོང་རེ་ཞུ་ཡིག་དོན་ཚན་སྔོན་མར་བཀོད་པའི་ཆ་རྐྱེན་དང་མི་མཐུན་ན། སྡོད་ཁང་ཐོ་འགོད་ལས་ཁུངས་ནས་ཐོ་འགོད་མི་བྱེད་ཐོག་ཡིག་ཐོག་ནས་རེ་འདུན་ཞུ་མཁན་ལ་ཐོ་འགོད་མི་བྱེད་པའི་གནས་ཚུལ་གསལ་བོར་བརྗོད་རྒྱུ།

དོན་ཚད་ཉེར་གཅིག་པ། སྡོད་ཁང་ཐོ་འགོད་ལས་ཁུངས་ཀྱིས་ཐོ་འགོད་ཡོང་རེ་ཞུས་པའི་དོན་ཚན་དག་སྡོད་ཁང་ཐོ་འགོད་བྱེད་དེབ་ནང་མ་བཀོད་སྔོན་ལ་རེ་འདུན་ཞུ་མཁན་ནས་རེ་འདུན་ཞུས་པ་ཕྱིར་འཐེན་བྱས་ཆོག

དོན་ཚན་ཉེར་གཉིས་པ། གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན། སྡོད་ཁང་ཐོ་འགོད་ལས་ཁུངས་ནས་ཐོ་འགོད་མི་བྱེད་རྒྱུ།

(གཅིག)ཁྲིམས་ལྟར་འཆར་འགོད་ཀྱི་འཐུས་མཆན་མ་ཐོབ་པ་དང་ཨར་ལས་བྱེད་པའི་འཐུས་མཆན་མ་ཐོབ་པའམ་ཡང་ན་འཆར་འགོད་བྱས་པར་འཐུས་མཆན་བཀོད་པའི་རྒྱ་ཁྱོན་བཅས་ལ་སོགས་པའི་ནང་དོན་ལྟར་བཟོ་སྐྲུན་མ་བྱས་པའི་ཨར་ལས་ཀྱི་ཐོ་འགོད་ཡོང་རེ་ཞུས་རིགས།

(གཉིས)རེ་འདུན་ཞུ་མཁན་ནས་ཁྲིམས་མཐུན་དང་ནུས་ལྡན་གྱི་ཁེ་དབང་ཡོང་ཁུངས་བསྐོར་ཀྱི་བདེན་དཔང་ཡིག་ཆ་འདོན་སྤྲོད་བྱེད་མི་ཐུབ་པའམ་ཡང་ན་ཐོ་འགོད་ཡོང་རེ་ཞུས་པའི་སྡོད་ཁང་ཁེ་དབང་དང་ཁེ་དབང་ཡོང་ཁུངས་སྐོར་གྱི་བདེན་དཔང་ཡིག་ཆ་གཅིག་གྱུར་མིན་རིགས།

(གསུམ།)ཐོ་འགོད་ཡོང་རེ་ཞུས་པའི་དོན་ཚན་དང་སྡོད་ཁང་ཐོ་འགོད་བྱེད་དེབ་ནང་བཀོད་པའི་དོན་ཚན་ཕན་ཚུན་འགལ་ཟླར་གྱུར་རིགས།

(བཞི)ཐོ་འགོད་ཡོང་རེ་ཞུས་པའི་སྡོད་ཁང་ངེས་གཏན་མིན་པའམ་ཡང་ན་རང་ཚུགས་སུ་བེད་སྤྱོད་བྱེད་རྒྱུའི་རིན་ཐང་མི་ལྡན་པའི་རིགས།

(ལྔ)སྡོད་ཁང་ཁྲིམས་ལྟར་བསྡུ་ལེན་དང་གཞུང་བཞེས་བྱས་ཟིན་ཡང་དེ་སྔའི་ཁེ་དབང་འཛིན་མཁན་ནས་ཐོ་འགོད་ཡོང་རེ་ཞུས་རིགས།

(དྲུག)སྡོད་ཁང་ལ་ཁྲིམས་ལྟར་སྒོ་རྒྱ་སྡོམ་པའི་དུས་ཡུན་ནང་ཁེ་དབང་འཛིན་མཁན་ནས་ཐོ་འགོད་ཡོང་རེ་ཞུས་རིགས།

(བདུན)བཅའ་ཁྲིམས་དང་ཁྲིམས་སྲོལ། བྱེད་འདི་ཉིད་བཅས་སུ་གཏན་འབེབས་བྱས་ཏེ་ཐོ་འགོད་མི་བྱེད་པའི་རིགས་གཞན་དག་བཅས་སོ། །

དོན་ཚན་ཉེར་གསུམ་པ། ཐོ་འགོད་ཡོང་རེ་ཞུས་ཉིན་ནས་བཟུང་སྡོད་ཁང་ཐོ་འགོད་ལས་ཁུངས་ཀྱིས་གཤམ་གསལ་གྱི་དུས་ཚད་ནང་ཐོ་འགོད་ཡོང་རེ་ཞུས་པའི་དོན་ཚན་དག་སྡོ་ཁང་ཐོ་འགོད་བྱེད་དེབ་ནང་བཀོད་རྒྱུའམ་ཡང་ན་ཐོ་འགོད་མི་བྱེད་པའི་ཐག་གཅོད་བྱེད་རྒྱུ།

(གཅིག)རྒྱལ་ཁབ་ལ་དབང་བའི་ས་ཆའི་ཁྱབ་ཁོངས་ནང་གི་སྡོད་ཁང་བདག་དབང་ཐོ་འགོད་བྱེད་པའི་དུས་ཚད་ནི་ལས་ཀའི་ཉིན་གྲངས་30ཡིན་ཞིང་། མུན་མོང་གི་ས་ཆའི་ཁྱབ་ཁོངས་ནང་གི་སྡོད་ཁང་བདག་དབང་ཐོ་འགོད་བྱེད་པའི་དུས་ཚད་ནི་ལས་ཀའི་ཉིན་གྲངས60ཡིན།

(གཉིས)གཏའ་མར་འཇོག་དབང་དང་ས་སྤྱོད་དབང་ཆ་ཐོ་འགོད་བྱེད་པའི་དུས་ཚད་ནི་ལས་ཀའི་ཉིན་གྲངས10ཡིན།

(གསུམ)སྔོན་བརྡའི་ཐོ་འགོད་དང་དག་བཅོས་ཀྱི་ཐོ་འགོད་བྱེད་པའི་དུས་ཚད་ནི་ལས་ཀའི་ཉིན་གྲངས10ཡིན།

(བཞི)བསམ་འཆར་མི་མཐུན་ཡོད་རིགས་ཐོ་འགོད་བྱེད་པའི་དུས་ཚད་ནི་ལས་ཀའི་ཉིན་གྲངས1ཡིན།

སྤྱི་བསྒྲགས་བྱེད་པའི་དུས་ཡུན་དེ་དོན་ཚན་སྔོན་མའི་གཏན་འབེབས་བྱས་པའི་དུས་ཚད་ནང་མི་བརྩི་རྒྱུ། དམིགས་བསལ་གྱི་གནས་ཚུལ་ཡོད་པའི་དབང་གིས་ཐོ་འགོད་བྱེད་པའི་དུས་ཚད་སྲིང་དགོས་ན། སྡོད་ཁང་ཐོ་འགོད་ལས་ཁུངས་ཀྱི་འགན་ཁུར་མི་སྣས་ཆོག་མཆན་བཀོད་རྗེས་དུས་ཚད་རིང་དུ་སྲིང་ཆོག་མོད། འོན་ཀྱང་ཆེས་རིང་ནའང་དེ་སྔའི་དུས་ཚད་ཀྱི་ལྡབ་གཅིག་ལས་བརྒལ་མི་ཆོག

བཅའ་ཁྲིམས་དང་ཁྲིམས་སྲོལ་དུ་ཐོ་འགོད་ཀྱི་དུས་ཚད་ལ་གཞན་པའི་གཏན་འཁེལ་ཡོད་ན། གཏན་འཁེལ་དེ་ལྟར་སྒྲུབ་རྒྱུ།

དོན་ཚན་ཉེར་བཞི་པ། སྡོད་ཁང་ཐོ་འགོད་བྱེད་དེབ་ནང་སྡོད་ཁང་གི་རང་བྱངུ་གི་གནས་ཚུལ་དང་། ཁེ་དབང་སྐོར་གྱི་གནས་ཚུལ། དེ་མིན་ཁྲིམས་ལྟར་ཐོ་འགོད་བྱེད་དགོས་པའི་དོན་ཚན་གཞན་དག་བཅས་འགོད་དགོས།

སྡོད་ཁང་ཐོ་འགོད་བྱེད་དེབ་ལ་ཤོག་བུའི་སྨྱན་རྫས་སྤྱད་ཆོག་ལ་གློག་རྡུལ་གྱི་སྨྱན་རྫས་སྤྱད་ཀྱང་ཆོག གློག་རྡུལ་གྱི་སྨྱན་རྫས་སྤྱད་རིགས་ལ་གཅིག་པུ་དང་གཏན་ཁེལ་ཡིན་པའི་ཤོག་བུའི་སྨྱན་རྫས་སུ་བསྒྱུར་བའི་རྣམ་པ་ཡོད་དགོས་ཐོག་དུས་ཚོད་ངེས་ཅན་ནང་གཞན་ཡུལ་དུ་ཉར་འཇོག་བྱེད་དགོས།

དོན་ཚན་ཉེར་ལྔ་བ། སྡོད་ཁང་ཐོ་འགོད་ལས་ཁུངས་ནས་སྡོད་ཁང་ཐོ་འགོད་བྱེད་དེབ་ནང་བཀོད་ཡོད་པ་ལྟར། གཙང་བཤུས་བྱས་ཐོག་ཁེ་དབང་འཛིན་མཁན་ལ་སྡོད་ཁང་དབང་སྐོར་གྱི་ལག་ཁྱེར་སྤྲོད་རྒྱུ།

སྡོད་ཁང་དབང་སྐོར་གྱི་ལག་ཁྱེར་ནི་ཁེ་དབང་འཛིན་མཁན་ལ་ཁང་བའི་ཁེ་དབང་སྤྱོད་དབང་ཡོད་པའི་བདེན་དཔང་ཡིན་ཞིང་། དེར《སྡོད་ཁང་ལ་བདག་དབང་འཛིན་པའི་ལག་ཁྱེར》དང་། 《སྡོད་ཁང་ལ་ཁེ་དབང་གཞན་པ་འཛིན་པའི་ལག་ཁྱེར》སོགས་འདུ།

ཐོ་འགོད་ཡོང་རེ་ཞུས་པའི་སྡོད་ཁང་དེ་ཐུན་མོང་ལ་དབང་བའི་སྡོད་ཁང་ཡིན་ན། སྡོད་ཁང་ཐོ་འགོད་ལས་ཁུངས་སྡོད་ཁང་ལ་བདག་དབང་འཛིན་པའི་ལག་ཁྱེར་ནང་ཐུན་མོང་ལ་དབང་བ་ཅེས་པའི་ཡི་གེ་འགོད་དགོས།

སྔོན་བརྡའི་ཐོ་འགོད་དང་། བཟོ་སྐྲུན་བྱེད་བཞིན་པའི་ཨར་ལས་གཏའ་མར་འཇོག་དབང་ཐོ་འགོད། དེ་མིན་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་དོན་ཚན་གཞན་དག་བཅས་སྡོད་ཁང་ཐོ་འགོད་བྱེད་དེབ་ནང་བཀོད་རྗེས། སྡོད་ཁང་ཐོ་འགོད་ལས་ཁུངས་ནས་ཐོ་འགོད་བྱས་པའི་བདེན་དཔང་སྤྲོད་དགོས།

དོན་ཚན་ཉེར་དྲུག་པ། སྡོད་ཁང་ལ་བདག་དབང་འཛིན་པའི་ལག་ཁྱེར་དང་ཐོ་འགོད་བྱས་པའི་བདེན་དཔང་དེ་སྡོད་ཁང་ཐོ་འགོད་བྱེད་དེབ་ནང་བཀོད་ཡོད་པ་དང་གཅིག་གྱུར་མིན་ན། ཐོ་འགོད་བྱེད་དེབ་ཏུ་བཀོད་པར་ནོལ་འཁྲུལ་དངོས་འབྲེལ་ཡོད་པའི་བརྗོད་བྱེད་པའི་བདེན་དབང་ཡོད་པ་ཕུད། སྡོད་ཁང་ཐོ་འགོད་བྱས་པ་གཞིར་འཛིན་རྒྱུ།

དོན་ཚན་ཉེར་བདུན་པ། སྡོད་ཁང་ལ་བདག་དབང་འཛིན་པའི་ལག་ཁྱེར་དང་ཐོ་འགོད་བྱས་པའི་བདེན་དཔང་ཆག་གྲུམ་དུ་སོང་ཡོད་ན། ཁེ་དབང་འཛིན་མཁན་ནས་སྡོད་ཁང་ཐོ་འགོད་ལས་ཁུངས་ལ་བརྗེ་སྤྲོད་བྱེད་རེ་ཞུས་ཆོག སྡོད་ཁང་ཐོ་འགོད་ལས་ཁུངས་ནས་བརྗེ་སྤྲོད་བྱེད་སྔོན་ལ་དེ་སྔའི་སྡོད་ཁང་བདག་དབང་འཛིན་པའི་ལག་ཁྱེར་དང་ཐོ་འགོད་བྱས་པའི་བདེན་དཔང་ཕྱིར་བསྡུ་དགོས་ཐོག་འབྲེལ་ཡོད་ཀྱི་དོན་ཚན་སྡོད་ཁང་ཐོ་འགོད་བྱེད་དེབ་ནང་འགོད་རྒྱུ།

སྡོད་ཁང་ལ་བདག་དབང་འཛིན་པའི་ལག་ཁྱེར་དང་ཐོ་འགོད་བྱས་པའི་བདེན་དཔང་བོར་བརླག་བྱུང་ཚེ། ཁེ་དབང་འཛིན་མཁན་ནས་ས་དེ་རུ་ཡོངས་གྲགས་སུ་འགྲེམ་སྤེལ་བྱེད་པའི་ཚགས་པར་སྟེང་གསལ་བསྒྲགས་བྱས་མཐར་གསབ་སྤྲོད་ཡོང་རེ་ཞུས་ཆོག་ཅིང་། སྡོད་ཁང་ཐོ་འགོད་ལས་ཁུངས་ནས་གསབ་སྤྲོད་བྱས་པར་འབྲེལ་ཡོད་ཀྱི་དོན་ཚན་སྡོད་ཁང་ཐོ་འགོད་བྱེད་དེབ་ནང་འགོད་རྒྱུ། གསབ་སྤྲོད་བྱས་པའི་སྡོད་ཁང་ལ་བདག་དབང་འཛིན་པའི་ལག་ཁྱེར་དང་ཐོ་འགོད་བྱས་པའི་བདེན་དཔང་ནང་དུ་“གསབ་སྤྲོད”ཅེས་པའི་ཡི་གེ་འགོད་དགོས།

ཐུན་མོང་གི་ས་ཆའི་ཁྱབ་ཁོངས་ནང་གི་གྲོང་མིའི་སྡོད་ཁང་གི་སྡོད་ཁང་ལ་བདག་དབང་འཛིན་པའི་ལག་ཁྱེར་དང་ཐོ་འགོད་བྱས་པའི་བདེན་དཔང་གསབ་སྤྲོད་བྱེད་སྔོན་ལ་སྡོད་ཁང་ཐོ་འགོད་ལས་ཁུངས་ནས་གསབ་སྤྲོད་བྱེད་རྒྱུའི་དོན་ཚན་སོགས་སྡོད་ཁང་གསན་སའི་གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ནང་ཁོངས་ལས་སྤྱི་བསྒྲགས་བྱ་རྒྱུ།

དོན་ཚན་ཉེར་བརྒྱད་པ། སྡོད་ཁང་ཐོ་འགོད་ལས་ཁུངས་ནས་སྡོད་ཁང་ཐོ་འགོད་བྱས་སྐོར་གྱི་ཡིག་ཆ་སོགས་དུས་ལྟར་ཡིག་ཚགས་ཀྱི་ཁོངས་སུ་བཅུག་ཐོག་དོ་དམ་ཡག་པོ་བྱེད་རྒྱུ།

སྡོད་ཁང་ཐོ་འགོད་བྱས་པའི་ཡིག་ཆར་འདྲི་རྟོག་དང་བསྐྱར་པར་བྱེད་རེ་ཞུས་པར་གཏན་འབེབས་བྱས་པའི་དབང་ཚད་དང་གོ་རིམ་ལྟར་སྒྲུབ་རྒྱུ།

དོན་ཚན་ཉེར་དགུ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འཛུགས་སྐྲུན(ཁང་ས་བདག་ཁོངས)གཙོ་སྐྱོང་སྡེ་ཁག་ནས་སྡོད་ཁང་ཐོ་འགོད་བྱེད་སྐོར་གྱི་ཆ་འཕྲིན་མ་ལག་འཛུགས་རྒྱུར་ཤུགས་བསྣན་ཏེ། རྒྱལ་ཡོངས་ཀྱི་སྡོད་ཁང་ཐོ་འགོད་བྱེད་དེབ་ནང་གི་ཆ་འཕྲིན་མཉམ་སྤྱོད་དང་ཡུལ་གཞན་ནས་འདྲི་རྟོག་ཐུབ་པ་བྱེད་རྒྱུ།

3 ལེའུ་གསུམ་པ། རྒྱལ་ཁབ་ལ་དབང་བའི་ས་ཆའི་ཁྱབ་ཁོངས་ལས་སྡོད་ཁང་ལ་ཐོ་འགོད་བྱེད་ཕྱོགས་སྐོར།

ས་བཅད་དང་པོ། བདག་དབང་ལ་ཐོ་འགོད་བྱེད་སྐོར།

དོན་ཚན་སུམ་ཅུ་པ། ཁྲིམས་དང་མཐུན་པར་ཁང་པ་རྒྱབ་རྐྱེན་སྡོད་ཁང་ལ་འཛིན་པའི་བདག་དབང་དེར་ཐོག་མའི་ཐོ་འགོད་ཡོང་རེ་ཞུ་ན། གཤམ་གསལ་གྱི་ཡིག་རིགས་འདོན་སྤྲོད་བྱ་དགོས་ཏེ།

(གཅིག)ཐོ་འགོད་ཡོང་རེ་ཞུ་ཡིག་དང་།

(གཉིས)ཐོ་འགོད་ཡོང་རེ་ཞུ་མཁན་གྱི་ཐོབ་ཐང་མཚོན་བྱེད་ཀྱི་བདེན་དཔང་།

(གསུམ)འཛུགས་སྐྲུན་ལ་མཁོ་བའི་ས་ཆ་བེད་སྤྱོད་བྱེད་དབང་སྐོར་གྱི་བདེན་དཔང་།

(བཞི)འཛུགས་སྐྲུན་ཨར་ལས་འཆར་བཀོད་དང་མཐུན་པའི་བདེན་དཔང་།

(ལྔ )སྡོད་ཁང་ལེགས་འགྲུབ་བྱུང་ཟིན་པའི་བདེན་དཔང་།

(དྲུག)སྡོད་ཁང་ལ་ཐིག་རིས་འབྲིབའི་སྙན་ཞུ།

(བདུན)དགོས་ངེས་ཀྱི་ཡིག་རིགས་གཞན་དག་བཅས་སོ། །

དོན་ཚན་སོ་གཅིག་པ། ཁང་ས་བདག་ཁུངས་གསར་སྤེལ་བྱེད་མཁན་ཁེ་ལས་ནས་སྡོད་ཁང་བདག་དབང་ལ་ཐོག་མའི་ཐོ་འགོད་ཡོང་རེ་ཞུ་སྐབས། བཟོ་བཀོད་ས་ཁོངས་ནང་གི་ཁྲིམས་ལྟར་ཁང་བདག་ཡོངས་རྫོགས་སྤྱི་ལ་དབང་བའི་མི་ཚོགས་འདུ་ས་དང་སྤྱི་སྤྱོད་སྒྲིག་བཀོད། སྡེ་ལས་ཞབས་ཞུར་མཁོ་བའི་ཁང་པ་བཅས་ལ་སོགས་པའི་ཁང་པ་མཉམ་གཅིག་ཏུ་ཐོ་འགོད་ཡོང་རེ་ཞུ་དགོས་ཤིང་། སྡོད་ཁང་ཐོ་འགོད་ལས་ཁུངས་ནས་སྡོད་ཁང་ཐོ་འགོད་བྱེད་དེབ་ནང་འགོད་རྒྱུ་ལས་སྡོད་ཁང་ཐོ་འགོད་ལས་ཁུངས་ནས་སྡོད་ཁང་ཐོ་འགོད་བྱེད་དེབ་ནང་འགོད་རྒྱུ་ལས་སྡོད་ཁང་གི་བདག་ཁོངས་ལག་ཁྱེར་མི་སྟེར་བ་ཡིན།

དོན་ཚན་སོ་གཉིས་པ། གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་བྱུང་ན། དོ་བདག་པས་འབྲེལ་ཡོད་ཀྱི་བཅའ་ཁྲིམས་ཡིག་ཆར་ནུས་པ་ཐོན་པའམ་ཡང་ན་དོན་དངོས་བྱུང་རྗེས་སྡོད་ཁང་ལ་འཛིན་པའི་བདག་དབང་སྤོ་སྒྱུར་གྱི་ཐོ་འགོད་ཡོང་རེ་ཞུ་དགོས་ཏེ།

(གཅིག)ཉོ་འཚོང་བྱས་པ།

(གཉིས)ཕན་ཚུན་བརྗེ་རེས་བྱས་པ།

(གསུམ)སྟེར་སྦྱིན་བྱས་པ།

(བཞི)ཤུལ་འཛིན་དང་ཤུལ་ནོར་བླངས་པ།

(ལྔ )སྡོད་ཁང་ཆ་བགོས་བཏང་བ་དང་ཟླ་སྒྲིལ་བྱས་རྐྱེན་བདག་དབང་སྤོ་སྒྱུར་བྱུང་རིགས།

(དྲུག)སྡོད་ཁང་མ་དངུལ་དུ་བཏང་བ་དང་མ་རྐང་དུ་བཞག་པ།

(བདུན)ཁྲིམས་མིའམ་ཡང་ན་རྩ་འཛུགས་གཞན་དག་ཆ་བགོས་བཏང་བ་དང་ཟླ་སྒྲིལ་བྱས་རྐྱེན་ཁང་པའི་བདག་དབང་སྤོ་སྒྱུར་བྱུང་རིགས།

(བརྒྱད)བཅའ་ཁྲིམས་དང་ཁྲིམས་སྲོལ་དུ་གཏན་འབེབས་བྱས་པའི་གནས་ཚུལ་གཞན་དག་བཅས་སོ།

དོན་ཚན་སོ་གསུམ་པ། ཁང་པའི་བདག་དབང་སྤོ་སྒྱུར་གྱི་ཐོ་འགོད་ཡོང་རེ་ཞུ་པར་གཤམ་གསལ་གྱི་ཡིག་རིགས་འདོན་སྤྲོད་བྱ་རྒྱུ།

(གཅིག)ཐོ་འགོད་ཡོང་རེ་ཞུ་ཡིག་དང་།

(གཉིས)ཐོ་འགོད་ཡོང་རེ་ཞུ་མཁན་གྱི་ཐོབ་ཐང་མཚོན་བྱེད་བདེན་དཔང་།

(གསུམ)ཁང་པར་བདག་དབང་འཛིན་པའི་ལག་ཁྱེར་རམ་ཡང་ན་ཁང་ས་བདག་ཁོངས་ཀྱི་དབང་ཆའི་ལག་ཁྱེར།

(བཞི)ཁང་པའི་བདག་དབང་སྤོ་སྒྱུར་བྱུང་བ་བདེན་དཔང་བྱེད་སྐོར་གྱི་ཡིག་ཆ།

(ལྔ)དགོས་ངེས་ཀྱི་ཡིག་ཆ་གཞན་དག་བཅས་སོ། །

གོང་གི་དོན་ཚན་ལས་ནང་གསེས་དོན་ཚན(བཞི)བའི་ཡིག་ཆ་དེ་ཉོ་འཚོང་གི་གན་རྒྱ་དང་། ཕན་ཚུན་བརྗེ་རེས་བྱེད་རྒྱུའི་གན་རྒྱ། སྟེར་སྦྱིན་བྱེད་རྒྱུའི་གན་རྒྱ། ཤུལ་ནོར་ལེན་རྒྱུའི་བདེན་དཔང་། ཤུལ་འཛིན་བྱེད་རྒྱུའི་བདེན་དཔང་། ཆ་བགོས་གཏོང་བའི་གྲོས་དོན། ཟླ་སྒྲིལ་བྱེད་རྒྱུའི་གྲོས་དོན། མི་དམངས་སྲིད་ཁྲིམས་ཁང་ངམ་ཡང་ན་འདུམ་གཅོད་ཨུ་ཡོན་ལྷན་ཁང་གི་ནུས་པ་ཐོན་ཟིན་པའི་བཅའ་ཁྲིམས་ཡི་གེ ཡང་ན་ཁང་པའི་བདག་དབང་སྤོ་སྒྱུར་བྱུང་བ་བདེན་དཔང་བྱེད་སྐོར་གྱི་ཡིག་ཆ་གཞན་དག་བཅས་ཡིན་ཆོག

དོན་ཚན་སོ་བཞི་པ། གཏའ་མར་བཞག་ཡུན་ནང་དུ་གཏའ་མར་འཇོག་མཁན་གྱིས་གཏའ་མར་བཞག་པའི་ཁང་པའི་བདག་དབང་བཤུག་སྤྲོད་བྱས་ནས། ཁང་པའི་བདག་དབང་སྤོ་སྒྱུར་གྱི་ཐོ་འགོད་ཡོང་རེ་ཞུས་ན། བྱེད་ཐབས་འདིའི་དོན་ཚན་སོ་གསུམ་པར་གཏན་ལ་ཕབ་པའི་ཡིག་ཆ་སོགས་འདོན་སྤྲོད་བྱེད་དགོས་པ་ལས་གཞན། ད་དུང་གཏམ་མར་འཇོག་དབང་ཡོད་པའི་མིའི་ཐོབ་ཐང་མཚོན་བྱེད་ཀྱི་བདེན་དཔང་དང་། གཏའ་མར་བཞག་པའི་ཁང་པ་བཤུག་སྤྲོད་བྱ་རྒྱུར་གཏའ་མར་འཇོག་དབང་ཡོད་མཁན་འཐད་པ་ཡིན་པའི་ཡི་གེ་དང་གཞན་སྦྱོར་ཁེ་དབང་ལག་ཁྱེར་བཅས་འདོན་སྤྲོད་བྱེད་དགོས།

དོན་ཚན་སོ་ལྔ་བ། མི་དམངས་ཁྲིམས་ཁང་ངམ་འདུམ་གཅོད་ཨུ་ཡོན་ལྷན་ཁང་གི་ནུས་པ་ཐོན་ཟིན་པའི་བཅའ་ཁྲིས་ཡི་གེ་དང་། ཁྲིམས་མཐུན་ངང་བཟོ་བཀོད་བྱས་པའི་ཁང་པ། ཤུལ་འཛིན་ནམ་ཡང་ན་ཤུལ་ནོར་བླངས་པ་བཅས་ཀྱི་དབང་གིས་ཁང་པའི་བདག་དབང་ཐོབ་ན། ཁེ་དབང་འཛིན་མཁན་གྱིས་ཁང་པའི་བདག་དབང་དེ་བཤུག་སྤྲོད་དམ་ཡང་ན་ཁང་པ་དེ་བེད་སྤྱད་ནས་གཏའ་མར་འཇོག་དབང་འཛུགས་སྐབས། ཁང་པ་དེ་ཁེ་དབང་འཛིན་མཁན་གྱི་མིང་ཐོག་ཏུ་ཐོ་འགོད་བྱས་རྗེས། ཁང་པའི་བདག་དབང་སྤོ་སྒྱུར་གྱི་ཐོ་འགོད་དམ་ཡང་ན་ཁང་པ་གཏའ་མར་འཇོག་དབང་འཛུགས་རྒྱུའི་ཐོ་འགོད་བྱེད་རྒྱུ།

མི་དམངས་ཁྲིམས་ཁང་ངམ་ཡང་ན་འདུམ་གཅོད་ཨུ་ཡོན་ལྷན་ཁང་གི་ནུས་པ་ཐོན་ཟིན་པའི་བཅའ་ཁྲིམས་ཡི་གེར་བརྟེན་ནས་ཁང་པའི་བདག་དབང་ཐོབ་ཅིང་། མི་དམངས་ཁྲིམས་ཁང་གི་ལག་བསྟར་བྱེད་སྒོར་གཞོགས་འདེགས་བྱེད་རྒྱུའི་བརྡ་ཡིག་ནང་ཁང་པར་ཐོ་འགོད་བྱེད་པའི་ལས་ཁུངས་ལ་ཐོ་འགོད་བྱེད་དགོས་པའི་བླང་བྱ་བཏོན་ཡོད་ན། ཁང་པར་ཐོ་འགོད་བྱེད་པའི་ལས་ཁུངས་ནས་ཐོ་འགོད་བྱེད་དགོས་རྒྱུ། ཁང་པར་ཐོ་འགོད་བྱེད་པའི་ལས་ཁུངས་ནས་ཐོ་འགོད་བྱས་ཟིན་ན། ཁང་པ་ཐོ་འགོད་བྱེད་དེབ་དུ་མི་དམངས་ཁྲིམས་ཁང་དང་འདུམ་གཅོད་ཨུ་ཡོན་ལྷན་ཁང་གི་ནུས་པ་ཐོན་ཟིན་པའི་བཅའ་ཁྲིམས་ཡི་གེ་ལྟར་ཐོ་འགོད་བྱས་པ་ཡིན་པའི་དོན་དངོས་འགོད་དགོས།

དོན་ཚན་སོ་དྲུག་པ། གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་བྱུང་ན། ཁེ་དབང་འཛིན་མཁན་ནས་འབྲེལ་ཡོད་ཀྱི་བཅའ་ཁྲིམས་ཡིག་ཆར་ནུས་པ་ཐོན་ཟིན་པའམ་ཡང་ན་དོན་དངོས་བྱུང་རྗེས་ཁང་པའི་བདག་དབང་བསྒྱུར་བའི་ཐོ་འགོད་བྱེད་རྒྱུ།

(གཅིག)ཁང་པའི་བདག་དབང་འཛིན་མཁན་གྱི་རུས་མིང་ངམ་ཡང་ན་མིང་བསྒྱུར་རིགས་དང་།

(གཉིས)ཁང་པ་ཆགས་སའི་སྲང་ལམ་དང་སྒོ་རྟགས་ཨང་གྲངས་སམ་ཡང་ན་ཁང་བའི་མི་ང་བསྒྱུར་རིགས།

(གསུམ)ཁང་པའི་རྒྱ་ཁྱོན་འཕར་བ་དང་ཉུང་དུ་སོང་རིགས།

(བཞི)བདག་དབང་འཛིན་མཁན་གཅིག་པ་ཡིས་ཁང་པ་ཆ་བགོས་གཏོང་བ་དང་ཟླ་སྒྲིལ་བྱས་རིགས།

(ལྔ)བཅའ་ཁྲིམས་དང་ཁྲིམས་སྲོལ་དུ་གཏན་འབེབས་བྱས་པའི་གནས་ཚུལ་གཞན་དག་བཅས་སོ། །

དོན་ཚན་སོ་བདུན་པ། ཁང་པའི་བདག་དབང་བསྒྱུར་བའི་ཐོ་འགོད་ཡོང་རེ་ཞུ་སྐབས། གཤམ་གསལ་གྱི་ཡིག་རིགས་འདོན་སྤྲོད་བྱ་དགོས་ཏེ།

(གཅིག)ཐོ་འགོད་ཡོང་རེ་ཞུ་ཡིག་དང་།

(གཉིས)ཐོ་འགོད་ཡོང་རེ་ཞུ་མཁན་གྱི་ཐོབ་ཐང་མཚོན་བྱེད་ཀྱི་བདེན་དཔང་།

(གསུམ)ཁང་པའི་བདག་དབང་ལག་ཁྱེར་རམ་ཡང་ན་ཁང་ས་བདག་ཁོངས་ཀྱི་དབང་ཆའི་ལག་ཁྱེར།

(བཞི)བསྒྱུར་བའི་དོན་དངོས་བྱུང་ཚུལ་བདེན་དཔང་བྱེད་ཡས་ཀྱི་ཡིག་རིགས།

(ལྔ)དགོས་ངེས་ཀྱི་ཡིག་ཆ་གཞན་དག་བཅས་སོ། །

དོན་ཚན་སོ་བརྒྱད་པ། ཁྲིམས་ལྟར་ཐོ་འགོད་བྱས་པའི་ཁང་པར་གཤམ་གསལ་གྱི་གནས་ཚུལ་ལས་གཅིག་བྱུང་ན། ཁང་པ་ཐོ་འགོད་བྱེད་དེབ་ཏུ་བཀོད་པའི་བདག་དབང་འཛིན་མཁན་ནས་དོན་དངོས་བྱུང་བའི་ཉིན་མོའི་རྗེས་སུ་ཁང་པའི་བདག་དབང་ཐོ་ཁོངས་ནས་སུབ་པའི་རེ་འདུན་ཞུ་རྒྱུ།

(གཅིག)ཁང་པ་ཡལ་བའི་རིགས།

(གཉིས)བདག་དབང་དོར་བའི་རིགས།

(གསུམ)བཅའ་ཁྲིམས་དང་ཁྲིམས་སྲོལ་དུ་གཏན་འབེབས་བྱས་པའི་གནས་ཚུལ་གཞན་དག་བཅས་སོ། །

དོན་ཚན་སོ་དགུ་པ། ཁང་པའི་བདག་དབང་ཐོ་ཁོངས་ནས་སུབ་རེ་ཞུ་ན། གཤམ་གསལ་གྱི་ཡིག་རིགས་འདོན་སྤྲོད་བྱ་དགོས་ཏེ།

(གཅིག)ཐོ་འགོད་རེ་འདུན་ཞུ་ཡིག་དང་།

(གཉིས)རེ་འདུན་ཞུ་མིའི་ཐོབ་ཐང་མཚོན་བྱེད་ཀྱི་བདེན་དཔང་།

(གསུམ)ཁང་པའི་བདག་དབང་ལག་ཁྱེར།

(བཞི)ཁང་པའི་བདག་དབང་འཇིག་པར་བདེན་དཔང་བྱེད་ཡས་ཀྱི་ཡིག་རིགས།

(ལྔ)དགོས་ངེས་ཀྱི་ཡིག་རིགས་གཞན་དག་བཅས་སོ།

དོན་ཚན་བཞི་ཅུ་པ། ཁྲིམས་ལྟར་ཐོ་འགོད་བྱས་པའི་ཁང་པའི་ཐོག་ཏུ་གཞན་སྤྱོད་ཁེ་དབང་གནས་པའི་སྐབས་སུ། བདག་དབང་འཛིན་མཁན་ནས་ཁང་པའི་བདག་དབང་དོར་ནས་ཐོ་ཁོངས་ནས་སུབ་པའི་ཐོ་འགོད་ཡོང་རེ་ཞུས་རིགས་ཀྱིས་གཞན་སྤྱོད་ཁེ་དབང་འཛིན་མཁན་གྱི་ཡིག་ཐོག་གི་མོས་མཐུན་བྱུང་བའི་ཡིག་ཆ་འདོན་སྤྲོད་བྱེད་དགོས།

དོན་ཚན་ཞེ་གཅིག་པ། ཐོ་འགོད་བྱས་པའི་ཁང་པའི་བདག་དབང་འཇིག་རྗེས་སུ། དེ་སྔའི་ཁེ་དབང་འཛིན་མཁན་ནས་ཐོ་ཁོངས་ནས་སུབ་རྒྱུའི་རེ་འདུན་མ་ཞུས་ན། ཁང་པར་ཐོ་འགོད་བྱེད་པའི་ལས་ཁུངས་ཀྱིས་མི་དམངས་ཁྲིམས་ཁང་དང་འདུམ་གཅོད་ཨུ་ཡོན་ལྷན་ཁང་གི་ནུས་པ་ཐོན་ཟིན་པའི་བཅའ་ཁྲིམས་ཡི་གེའམ་ཡང་ན་མི་དམངས་སྲིད་གཞུང་གི་ནུས་པ་ཐོན་ཟིན་པའི་བསྡུ་ལེན་ཐག་གཅོད་ལྟར་ཁང་པའི་བདག་དབང་ཐོ་ཁོངས་ནས་སུབ་ཆོག་ཅིང་། ཐོ་ཁོངས་ནས་སུབ་པའི་དོན་ཚན་དག་ཁང་པ་ཐོ་འགོད་བྱེད་དེབ་ནང་བཀོད་ནས་དེ་སྔའི་ཁང་པའི་བདག་དབང་ལག་ཁྱེར་ཚུར་བསྡུ་རྒྱུའམ་ཡང་ན་དེ་གོ་མི་ཆོད་པར་གྱུར་བ་སྤྱི་བསྒྲགས་བྱེད་དགོས།

ས་བཅད་གཉིས་པ། གཏའ་མར་འཇོག་དབང་ཐོ་འགོད་བྱེད་སྐོར།

དོན་ཚན་ཞེ་གཉིས་པ། ཁང་པ་གཏའ་མར་འཇོག་ཚེ་དོ་བདག་པས་གཏའ་མར་འཇོག་དབང་ཐོ་འགོད་ཡོང་རེ་ཞུ་དགོས།

དོན་ཚན་ཞེ་གསུམ་པ། གཏའ་མར་འཇོག་དབང་ཐོ་འགོད་ཡོང་རེ་ཞུ་ན། གཤམ་གསལ་གྱི་ཡིག་རིགས་འདོན་སྤྲོད་བྱ་དགོས་ཏེ།

(གཅིག)ཐོ་འགོད་ཡོང་རེ་ཞུ་ཡིག་དང་།

(གཉིས)རེ་འདུན་ཞུ་མིའི་ཐོབ་ཐང་མཚོན་བྱེད་ཀྱི་བདེན་དབང་།

(གསུམ)ཁང་པའི་བདག་དབང་ལག་ཁྱེར་རམ་ཡང་ན་ཁང་ས་བདག་ཁོངས་ཀྱི་དབང་ཆའི་ལག་ཁྱེར།

(བཞི)གཏའ་འཇོག་གན་རྒྱ།

(ལྔ)བུན་དབང་གཙོ་བོའི་གན་རྒྱ།

(དྲུག)དགོས་ངེས་ཀྱི་ཡིག་རིགས་གཞན་དག་བཅས་སོ།

དོན་ཚན་ཞེ་བཞི་པ། གཏན་འབེབས་ཀྱི་ཆ་རྐྱེན་དང་མཐུན་པའི་གཏའ་མར་འཇོག་དབང་འཛུགས་པར་ཐོ་འགོད་བྱེད་སྐབས། ཁང་པར་ཐོ་འགོད་བྱེད་པའི་ལས་ཁུངས་ནས་གཤམ་གསལ་གྱི་དོན་ཚན་དག་ཁང་པ་ཐོ་འགོད་བྱེད་དེབ་ནང་འགོད་རྒྱུ།

(གཅིག)གཏའ་འཇོག་དོ་བདག་པ་དང་བུ་ལོན་འཇལ་མཁན་གྱི་རུས་མིང་ངམ་ཡང་ན་མིང་དང་།

(གཉིས)ཁག་འཁུར་བྱེད་ཡུལ་གྱི་བུན་དབང་གི་གྲངས་འབོར།

(གསུམ)ཐོ་འགོད་བྱེད་པའི་དུས་ཚོད་བཅས་སོ། །

དོན་ཚན་ཞེ་ལྔ་པ། བྱེད་ཐབས་འདིའི་དོན་ཚན་ཞེ་བཞི་པར་བཀོད་ཡོད་པའི་དོན་ཚན་དག་ལ་འགྱུར་ལྡོག་བྱུང་བའམ་ཡང་ན་བཅའ་ཁྲིམས་དང་ཁྲིམས་སྲོལ་དུ་གཏའ་མར་འཇོག་དབང་བསྒྱུར་དགོས་པའི་གནས་ཚུལ་གཞན་དག་ཡོད་ན། དོ་བདག་པས་གཏའ་མར་འཇོག་དབང་བསྒྱུར་པའི་ཐོ་འགོད་ཡོང་རེ་ཞུ་དགོས།

དོན་ཚན་ཞེ་དྲུག་པ། གཏའ་མར་འཇོག་དབང་བསྒྱུར་རྒྱུའི་ཐོ་འགོད་ཡོང་རེ་ཞུ་ན། གཤམ་གསལ་གྱི་ཡིག་རིགས་འདོན་སྤྲོད་བྱ་དགོས་ཏེ།

(གཅིག)ཐོ་འགོད་ཡོང་རེ་ཞུ་ཡིག་དང་།

(གཉིས)རེ་འདུན་ཞུ་མིའི་ཐོབ་ཐང་མཚོན་བྱེད་ཀྱི་བདེན་དཔང་།

(གསུམ)ཁང་པའི་གཞན་སྤྱོད་ཁེ་དབང་ལག་ཁྱེར།

(བཞི )ཁང་པ་གཏའ་མར་འཇོག་དབང་འཇིག་པའི་བདེན་དཔང་ཡིག་རིགས།

(ལྔ)དགོས་ངེས་ཀྱི་ཡིག་རིགས་གཞན་དག་བཅས་སོ། །

དོན་ཚན་ལྔ་ཅུ་པ། ཁང་པར་ཆེས་མཐོའི་གྲངས་འབོར་གྱི་གཏའ་མ་འཛུགས་ཚེ། དོ་བདག་གིས་ཆེས་མཐོའི་གྲངས་འབོར་གྱི་གཏའ་མ་འཇོག་དབང་འཛུགས་པའི་ཐོ་འགོད་བྱེད་དགོས།

དོན་ཚན་ང་གཅིག་པ། གྲངས་འབོར་མཐོ་ཤེས་ཀྱི་གཏའ་མར་འཇོག་དབང་འཛུགས་པའི་ཐོ་འགོད་ཡོང་རེ་ཞུ་སྐབས། གཤམ་གསལ་གྱི་ཡིག་རིགས་འདོན་སྤྲོད་བྱ་རྒྱུ།

(གཅིག)ཐོ་འགོད་ཡོང་རེ་ཞུ་ཡིག་དང་།

(གཉིས)རེ་འདུན་ཞུ་མིའི་ཐོབ་ཐང་མཚོན་བྱེད་ཀྱི་བདེན་དཔང་།

(གསུམ)ཁང་པའི་བདག་དབང་ལག་ཁྱེར་རམ་ཡང་ན་ཁང་ས་བདག་ཁོངས་ཀྱི་ཁེ་དབང་ལག་ཁྱེར།

(བཞི )གྲངས་འབོར་མཐོ་ཤོས་ཀྱི་གཏའ་མ་བཞག་པའི་གན་རྒྱ།

(ལྔ )དུས་ཡུན་ངེས་ཅན་ཞིག་གི་ནང་དུ་བསྟུན་མར་འབྱུང་སྲིད་པའི་བུན་དབང་གི་གན་རྒྱའམ་ཡང་ན་ཐོ་འགོད་བྱེད་དགོས་དོན་ལ་བདེན་བྱེད་ཡས་ཀྱི་ཡིག་རིགས་གཞན་དག

(དྲུག)དགོས་ངེས་ཀྱི་ཡིག་རིགས་གཞན་དག་བཅས་སོ། །

དོན་ཚན་ལྔ་གཉིས་པ། དོ་བདག་པས་གྲངས་འབོར་མཐོ་ཤོས་ཀྱི་གཏམ་མར་འཇོག་དབང་འཛུགས་སྔོན་ལ་བུན་དབང་གྲངས་འབོར་མཐོ་ཤོས་ཀྱི་གཏའ་མར་བཞག་ཏེ་ཁག་འཁུར་བྱེད་པའི་བུན་དབང་གི་ཁྱབ་ཁོངས་སུ་སྤོར་ནས་ཐོ་འགོད་ཡོང་རེ་ཞུ་རིགས་ཀྱིས་གཤམ་གསལ་གྱི་ཡིག་རིགས་འདོན་སྤྲོད་བྱ་རྒྱུ།

(གཅིག)བུན་དབང་གནས་ཟིན་པའི་གན་རྒྱའམ་ཡང་ན་ཐོ་འགོད་བྱེད་དགོས་དོན་ལ་བདེན་བྱེད་ཡས་ཀྱི་ཡིག་རིགས་འདོན་སྤྲོད་བྱ་རྒྱུ།

(གཉིས)བུན་དབང་གྲངས་འབོར་མཐོ་ཤོས་ཀྱི་བུན་དབང་གཏའ་མར་འཇོག་དབང་ཁག་འཁུར་བྱེད་རྒྱུའི་ཁྱབ་ཁོངས་སུ་འཇོག་རྒྱུར་གཏའ་མ་འཇོག་མཁན་དང་གཏའ་མ་འཇོག་དབང་ཡོད་པའི་མི་པར་འཐད་བྱུང་བའི་ཡི་གེ

དོན་ཚན་ང་གསུམ་པ། གཏན་འབེབས་བྱས་པའི་ཆ་རྐྱེན་དང་མཐུན་པའི་གྲངས་འབོར་མཐོ་ཤོས་ཀྱི་གཏའ་མར་འཇོག་དབང་འཛུགས་རྒྱུའི་ཐོ་འགོད་བྱེད་པར་བྱེད་ཐབས་འདིའི་དོན་ཚན་ཞེ་བཞི་པར་བཀོད་པའི་དོན་ཚན་ཕུད། ཐོ་འགོད་ལས་ཁུངས་ནས་ད་དུང་བུན་དབང་གི་གྲངས་འབོར་མཐོ་ཤོས་དང་བུན་དབང་གཏན་འཁེལ་བྱས་པའི་དུས་ཡུན་ཁང་པ་ཐོ་འགོད་བྱེད་དེབ་ནང་བཀོད་དགོས་ཐོག་དེ་གྲངས་འབོར་མཐོ་ཤོས་ཀྱི་གཏའ་མར་འཇོག་དབང་ཡིན་པ་གསལ་བོར་བཀོད་དགོས།

དོན་ཚན་ང་བཞི་པ། གྲངས་འབོར་མཐོ་ཤོས་ཀྱི་གཏའ་མར་འཇོག་དབང་བསྒྱུར་བའི་ཐོ་འགོད་བྱེད་རྒྱུའི་དོན་ཚན་ནམ་ཡང་ན་བཅའ་ཁྲིམས་དང་ཁྲིམས་སྲོལ་དུ་གཏམ་འབེབས་བྱས་པའི་གྲངས་འབོར་མཐོ་ཤོས་ཀྱི་གཏའ་མར་འཇོག་དབང་བསྒྱུར་བའི་གནས་ཚུལ་གཞན་པ་ཡོད་ན། དོ་བདག་པས་གྲངས་འབོར་མཐོ་ཤོས་ཀྱི་གཏའ་མར་འཇོག་དབང་བསྒྱུར་བའི་ཐོ་འགོད་ཡོང་རེ་དགོས།

དོན་ཚན་ང་ལྔ་པ། གྲངས་འབོར་མཐོ་ཤོས་ཀྱི་གཏའ་མར་འཇོག་དབང་བསྒྱུར་བའི་ཐོ་འགོད་ཡོང་རེ་ཞུ་ན། གཤམ་གསལ་གྱི་ཡིག་རིགས་འདོན་སྤྲོད་བྱ་དགོས་ཏེ།

(གཅིག)ཐོ་འགོད་ཡོང་རེ་ཞུ་ཡིག་དང་།

(གཉིས)རེ་འདུན་ཞུ་མིའི་ཐོབ་ཐང་མཚོན་བྱེད་ཀྱི་བདེན་དཔང་།

(གསུམ)ཁང་པའི་གཞན་སྤྱོད་ཁེ་དབང་ལག་ཁྱེར།

(བཞི)གྲངས་འབོར་མཐོ་ཤོས་ཀྱི་གཏའ་མར་འཇོག་དབང་ཁག་འཁུར་གྱི་བུན་དབང་ད་དུང་གཏན་ཁེལ་བྱས་མེད་པར་བདེན་དཔང་བྱེད་ཡས་ཀྱི་ཡིག་རིགས།

(ལྔ)གྲངས་འབོར་མཐོ་ཤོས་ཀྱི་གཏའ་མར་འཇོག་དབང་འཕོ་འགྱུར་བྱུང་བར་བདེན་དཔང་བྱེད་ཡས་ཀྱི་ཡིག་རིགས།

(དྲུག)དགོས་ངེས་ཀྱི་ཡིག་རིགས་གཞན་དག་བཅས་སོ། །

བུན་དབང་གི་གྲངས་འབོར་མཐོ་ཤོས་དང་བུན་དབང་གཏན་ཁེལ་གྱི་དུས་ཡུན་འགྱུར་རྐྱེན་བསྒྱུར་བའི་ཐོ་འགོད་བྱེད་རིགས་ཀྱིས་གཏའ་མར་འཇོག་དབང་ཡོད་མཁན་གཞན་དག་འཐད་པ་བྱུང་བའི་ཡི་གེའང་འདོན་སྤྲོད་བྱེད་རྒྱུ།

དོན་ཚན་ང་དྲུག་པ། གྲངས་འབོར་མཐོ་ཤོས་ཀྱི་གཏའ་མར་འཇོག་དབང་ཁག་འཁུར་གྱི་བུན་དབང་གཏན་ཁེལ་བྱེད་སྔོན་ལ་གྲངས་འབོར་མཐོ་ཤོས་ཀྱི་གཏའ་མར་འཇོག་དབང་སྤོ་བསྒྱུར་བྱུང་པར་གྲངས་འབོར་མཐོ་ཤོས་ཀྱི་གཏའ་མར་འཇོག་དབང་སྤོ་བསྒྱུར་གྱི་ཐོ་འགོད་ཡོང་རེ་ཞུ་ན། བཤུག་སྤྲོད་བྱེད་མཁན་དང་བཤུག་ལེན་བྱེད་མཁན་གྱིས་གཤམ་གསལ་གྱི་ཡིག་རིགས་འདོན་སྤྲོད་བྱ་དགོས་ཏེ།

(གཅིག)ཐོ་འགོད་ཡོང་རེ་ཞུ་ཡིག་དང་།

(གཉིས)རེ་འདུན་ཞུ་མིའི་ཐོབ་ཐང་མཚོན་བྱེད་ཀྱི་བདེན་དཔང་།

(གསུམ)ཁང་པ་གཞན་སྤྱོད་ཁེ་དབང་ལག་ཁྱེར།

(བཞི)གྲངས་འབོར་མཐོ་ཤོས་ཀྱི་གཏའ་མར་འཇོག་དབང་ཁག་འཁུར་གྱི་བུན་དབང་ད་དུང་གཏན་ཁེལ་བྱས་མེད་པར་བདེན་དཔང་བྱེད་ཡས་ཀྱི་ཡིག་རིགས།

(ལྔ)གྲངས་འབོར་མཐོ་ཤོས་ཀྱི་གཏའ་མར་འཇོག་དབང་སྤོ་བསྒྱུར་བྱུང་བར་བདེན་དཔང་བྱེད་ཡས་ཀྱི་ཡིག་རིགས།

(དྲུག)དགོས་ངེས་ཀྱི་ཡིག་རིགས་གཞན་དག་བཅས་སོ། །

གྲངས་འབོར་མཐོ་ཤོས་ཀྱི་གཏའ་མར་འཇོག་དབང་ཁག་འཁུར་གྱི་བུན་དབང་གཏན་ཁེལ་བྱེད་སྔོན་ལ་བུན་བདག་ནས་བུན་བདང་ཁག་ཅིག་བཤུག་སྤྲོད་བྱས་ན། དོན་བདག་པས་གཞན་པའི་ཁ་ཆད་བྱས་ཡོད་པ་མ་གཏོགས་ཁང་པར་ཐོ་འགོད་བྱེད་པའི་ལས་ཁུངས་ཀྱིས་གྲངས་འབོར་མཐོ་ཤོས་ཀྱི་གཏའ་མར་འཇོག་དབང་སྤོ་བསྒྱུར་གྱི་ཐོ་འགོད་མི་བྱེད་རྒྱུ། དོ་བདག་པས་ཁ་ཆད་བྱས་པ་ལྟར་གྲངས་འབོར་མཐོ་ཤོས་ཀྱི་གཏའ་མར་འཇོག་དབང་དེ་བུན་དབང་ཁག་ཅིག་དང་ལྷན་དུ་བཤུག་སྤྲོད་བྱས་པར་བརྟེན་སྤོ་བསྒྱུར་བྱེད་རིགས་ཀྱིས་གྲངས་འབོར་མཐོ་ཤོས་ཀྱི་གཏའ་མར་འཇོག་དབང་གཏན་ཁེལ་གྱི་ཐོ་འགོད་བྱས་པའི་རྗེས་སུ། བྱེད་ཐབས་འདིའི་དོན་ཚན་ཞེ་བདུན་པའི་གཏན་འབེབས་ལྟར་གཏའ་མར་འཇོག་དབང་སྤོ་བསྒྱུར་གྱི་ཐོ་འགོད་བྱ་རྒྱུ།

དོན་ཚན་ང་བདུན་པ། ཁྲིམས་ལྟར་ཐོ་འགོད་བྱས་པའི་གྲངས་འབོར་མཐོ་ཤོས་ཀྱི་གཏའ་མར་འཇོག་དབང་ཁག་འཁུར་གྱི་བུན་དབང་གཏན་ཁེལ་བྱས་རྗེས། གྲངས་འབོར་མཐོ་ཤོས་ཀྱི་གཏའ་མར་འཇོག་དབང་གཏན་ཁེལ་བྱས་པ་ཐོ་འགོད་བྱེད་ན། གཤམ་གལས་གྱི་ཡིག་རིགས་འདོན་སྤྲོད་བྱ་དགོས་ཏེ།

(གཅིག)ཐོ་འགོད་ཡོང་རེ་ཞུ་ཡིག་དང་།

(གཉིས)རེ་འདུན་ཞུ་མིའི་ཐོབ་ཐང་མཚོན་བྱེད་ཀྱི་བདེན་དཔང་།

(གསུམ)ཁང་པའི་གཞན་སྤྱོད་ཁེ་དབང་ལག་ཁྱེར།

(བཞི)གྲངས་འབོར་མཐོ་ཤོས་ཀྱི་གཏའ་མར་འཇོག་དབང་ཁག་འཁུར་གྱི་བུན་དབང་གཏན་ཁེལ་བྱས་ཟིན་པར་བདེན་དཔང་བྱེད་ཡས་ཀྱི་ཡིག་རིགས།

(ལྔ )དགོས་ངེས་ཀྱི་ཡིག་རིགས་གཞན་དག་བཅས་སོ། །

དོན་ཚན་ང་བརྒྱད་པ། གཏན་འབེབས་བྱས་པའི་ཆ་རྐྱེན་དང་མཐུན་པའི་གྲངས་འབོར་མཐོ་ཤོས་ཀྱི་གཏའ་མར་འཇོག་དབང་གཏན་ཁེལ་བྱས་པར་ཐོ་འགོད་བྱེད་སྐབས། ཐོ་འགོད་བྱེད་པའི་ལས་ཁུངས་ནས་གྲངས་འབོར་མཐོ་ཤོས་ཀྱི་གཏའ་མར་འཇོག་དབང་གཏན་ཁེལ་བྱས་ཟིན་པའི་དོན་དངོས་དེ་ཁང་པ་ཐོ་འགོད་བྱེད་དེབ་ནང་བཀོད་དགོས།

དོ་བདག་པས་གྲོས་ཐག་བཅད་དེ་གཏན་ཁེལ་བྱས་པའམ་ཡང་ན་མི་དམངས་ཁྲིམས་ཁང་དང་འདུམ་གཅོད་ཨུ་ཡོན་ལྷན་ཁང་གི་ནུས་པ་ཐོན་ཟིན་པའི་བཅའ་ཁྲིམས་ཡི་གེ་རུ་བུན་དབང་གཏན་ཁེལ་བྱས་རིགས་ལ། ཁང་པར་ཐོ་འགོད་བྱེད་པའི་ལས་ཁུངས་ནས་དོ་བདག་པ་ཕྱོགས་གཅིག་གིས་རེ་འདུན་ཞུས་པ་ལྟར་བུན་དབང་གི་གྲངས་འབོར་གཏན་ཁེལ་བྱས་པའི་དོན་དངོས་དེ་ཁང་པ་ཐོ་འགོད་བྱེད་དེབ་ནང་བཀོད་རྒྱུ།

དོན་ཚན་ང་དགུ་པ། བཟོ་བཀོད་བྱེད་བཞིན་པའི་ཨར་ལས་གཏའ་མར་བཞག་རིགས་ཀྱི་དོ་བདག་པས་བཟོ་བཀོད་བྱེད་བཞིན་པའི་ཨར་ལས་གཏའ་མར་འཇོག་དབང་འཛུགས་རྒྱུའི་ཐོ་འགོད་ཡོང་རེ་ཞུ་དགོས།

དོན་ཚན་དྲུག་ཅུ་པ། བཟོ་བཀོད་བྱེད་བཞིན་པའི་ཨར་ལས་གཏའ་མར་འཇོག་དབང་འཛུགས་རྒྱུའི་ཐོ་འགོད་ཡོང་རེ་ཞུ་ན། གཤམ་གསལ་གྱི་ཡིག་རིགས་འདོན་སྤྲོད་བྱ་དགོས་ཏེ།

(གཅིག)ཐོ་འགོད་ཡོང་རེ་ཞུ་ཡིག་དང་།

(གཉིས)རེ་འདུན་ཞུ་མིའི་ཐོབ་ཐང་མཚོན་བྱེད་ཀྱི་བདེན་དཔང་།

(གསུམ)གཏའ་འཇོག་གན་རྒྱ།

(བཞི)བུན་དབང་གཙོ་བོའི་གན་རྒྱ།

(ལྔ )འཛུགས་སྐྲུན་ལ་མཁོ་བའི་ས་ཆ་བེད་སྤྱོད་བྱེད་དབང་ལག་ཁྱེར་རམ་ཡང་ན་ས་ཆ་བེད་སྤྱོད་བྱེད་དབང་གི་གནས་ཚུལ་བཀོད་པའི་ཁང་ས་བདག་ཁོངས་ཀྱི་དབང་ཆའི་ལག་ཁྱེར།

(དྲུག)བཟོ་བཀོད་ཨར་ལས་འཆར་འགོད་ཆོག་འཐུས་ལག་ཁྱེར།

(བདུན)དགོས་ངེས་ཀྱི་ཡིག་རིགས་གཞན་དག་བཅས་སོ། །

དོན་ཚན་རེ་གཅིག་པ། ཐོ་འགོད་བྱས་ཟིན་པའི་བཟོ་བཀོད་བྱེད་བཞིན་པའི་ཨར་ལས་གཏའ་མར་འཇོག་དབང་བསྒྱུར་བ་དང་། བཤུག་སྤྲོད་དམ་ཡང་ན་འཇིག་རིགས་ཀྱི་དོ་བདག་པས་གཤམ་གསལ་གྱི་ཡིག་རིགས་འདོན་སྤྲོད་བྱས་ཏེ། བསྒྱུར་བའི་ཐོ་འགོད་དང་། སྤོ་བསྒྱུར་གྱི་ཐོ་འགོད། ཐོ་ཁོངས་ནས་སུབ་པའི་ཐོ་འགོད་བཅས་ཡོང་རེ་ཞུ་དགོས་ཏེ།

(གཅིག)ཐོ་འགོད་ཡོང་རེ་ཞུ་ཡིག་དང་།

(གཉིས)རེ་འདུན་ཞུ་མིའི་ཐོབ་ཐང་མཚོན་བྱེད་ཀྱི་བདེན་དཔང་།

(གསུམ)ཐོ་འགོད་བྱས་པའི་བདེན་དཔང་།

(བཞི)བཟོ་བཀོད་བྱེད་བཞིན་པའི་ཨར་ལས་གཏའ་མར་འཇོག་དབང་བསྒྱུར་བ་དང་སྤོ་བསྒྱུར་རམ་ཡང་ན་འཇིག་པར་བདེན་དཔང་བྱེད་ཡས་ཀྱི་ཡིག་རིགས།

(ལྔ)དགོས་ངེས་ཀྱི་ཡིག་རིགས་གཞན་དག་བཅས་སོ། །

དོན་ཚན་རེ་གཉིས་པ། བཟོ་བཀོད་བྱེད་པའི་ཨར་ལས་ལེགས་འགྲུབ་ཟིན་ཐོག་ཁང་པའི་བདག་དབང་ལ་ཐོག་མའི་ཐོ་འགོད་བྱས་རྗེས། དོ་བདག་པས་བཟོ་བཀོད་བྱེད་བཞིན་པའི་ཨར་ལས་གཏའ་མར་འཇོག་དབང་ཐོ་འགོད་བྱས་པ་དེ་ཁང་པ་གཏའ་མར་འཇོག་དབང་དུ་བསྒྱུར་བའི་ཐོ་འགོད་ཡོང་རེ་ཞུ་དགོས།

ས་བཅད་གསུམ་པ། ས་སྤྱོད་དབང་ཆ་ཐོ་འགོད་བྱེད་སྐོར།

དོན་ཚན་རེ་གསུམ་པ། སྡོད་ཁང་གི་སྟེང་དུ་ས་སྤྱོད་དབང་ཆ་འཛུགས་ན། དོ་བདག་པས་ས་སྤྱོད་དབང་ཆ་འཛུགས་རྒྱུའི་ཐོ་འགོད་ཡོང་རེ་ཞུས་ཆོག

དོན་ཚན་རེ་བཞི་པ། ས་སྤྱོད་དབང་ཆ་འཛུགས་རྒྱུའི་ཐོ་འགོད་ཡོང་རེ་ཞུ་ན། གཤམ་གསལ་གྱི་ཡིག་རིགས་འདོན་སྤྲོད་བྱ་དགོས་ཏེ།

(གཅིག)ཐོ་འགོད་ཡོང་རེ་ཞུ་ཡིག་དང་།

(གཉིས)རེ་འདུན་ཞུ་མིའི་ཐོབ་ཐང་མཚོན་བྱེད་ཀྱི་བདེན་དཔང་།

(གསུམ)ས་སྤྱོད་དབང་ཆའི་གན་རྒྱ།

(བཞི)ཁང་པའི་བདག་དབང་ལག་ཁྱེར་རམ་ཡང་ན་ཁང་སའི་བདག་དབང་ལག་ཁྱེར།

(ལྔ)དགོས་ངེས་ཀྱི་ཡིག་རིགས་གཞན་དག་བཅས་སོ། །

དོན་ཚན་རེ་ལྔ་པ། གཏན་འབེབས་བྱས་པའི་ཆ་རྐྱེན་དང་མཐུན་པའི་ས་སྤྱོད་དབང་ཆ་འཛུགས་རྒྱུའི་ཐོ་འགོད་བྱེད་པར་དོ་དམ་བྱེད་པའི་ལས་ཁུངས་ཀྱིས་འབྲེལ་ཡོད་ཀྱི་དོན་ཚན་དག་བཀོལ་མཁོའི་ས་ཆ་དང་བཀོད་སྤྲོད་ས་ཆའི་ཁང་པ་ཐོ་འགོད་བྱེད་དེབ་ནང་བཀོད་དགོས་ཐོག་ས་སྤྱོད་དབང་ཆའི་གན་རྒྱ་བཀོལ་མཁོའི་ས་ཆ་དང་བཀོལ་སྤྲོད་ས་ཆའི་ཁང་པ་ཐོ་འགོད་བྱེད་དེབ་ནང་ཟུར་དུ་བཀོད་རྒྱུ།

དོན་ཚན་རེ་དྲུག་པ། ཐོ་འགོད་བྱས་ཟིན་པའི་ས་སྤྱོད་དབང་ཆ་བསྒྱུར་བ་དང་བཤུག་སྤྲོད་བྱེད་པའམ་ཡང་ན་ཐོ་ཁོངས་ནས་སུབ་རིགས་ལ། དོ་བདག་པས་གཤམ་གསལ་གྱི་ཡིག་རིགས་འདོན་སྤྲོད་བྱས་ཏེ། བསྒྱུར་བའི་ཐོ་འགོད་དང་། སྤོད་བསྒྱུར་བྱེད་པའི་ཐོ་འགོད། ཐོ་ཁོངས་ནས་སུབ་པའི་ཐོ་འགོད་བཅས་བྱ་རྒྱུ་སྟེ།

(གཅིག)ཐོ་འགོད་ཡོང་རེ་ཞུ་ཡིག་དང་།

(གཉིས)རེ་འདུན་ཞུ་མིའི་ཐོབ་ཐང་མཚོན་བྱེད་ཀྱི་བདེན་དཔང་།

(གསུམ)ཐོ་འགོད་བྱས་པའི་བདེན་དཔང་།

(བཞི)ས་སྤྱོད་དབང་ཆ་འགྱུར་བ་དང་སྤོ་བསྒྱུར་རམ་ཡང་ན་འཇིག་པ་བདེན་དཔང་བྱེད་པའི་ཡིག་རིགས།

(ལྔ)དགོས་ངེས་ཀྱི་ཡིག་རིགས་གཞན་དག་བཅས་སོ། །

ས་བཅད་བཞི་པ། སྔོན་བརྡའི་ཐོ་འགོད་བྱེད་སྐོར།

དོན་ཚན་རེ་བདུན་པ། གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་པར་དོ་བདག་པས་སྔོན་བརྡའི་ཐོ་འགོད་བྱས་ཆོག་སྟེ།

(གཅིག)ཚོང་ཟོག་སྡོད་ཁང་མངག་ཉོ་དང་།

(གཉིས)མངག་ཉི་བྱས་པའི་ཚོང་ཟོག་སྡོད་ཁང་ལ་གཏའ་མ་འཛུགས་པ།

(གསུམ)ཁང་པའི་བདག་དབང་བཤུག་སྤྲོད་དང་གཏའ་མར་འཇོག་པ།

(བཞི)བཅའ་ཁྲིམས་དང་ཁྲིམས་སྲོལ་དུ་གཏན་འབེབས་བྱས་པའི་གནས་ཚུལ་གཞན་དག་བཅས་སོ། །

དོན་ཚན་རེ་བརྒྱད་པ། སྔོན་བརྡའི་ཐོ་འགོད་བྱས་རྗེས། སྔོན་བརྡའི་ཐོ་འགོད་བྱས་པའི་ཁེ་དབང་འཛིན་མཁན་གྱི་ཡིག་ཐོག་གི་མོས་མཐུན་མ་ཐོབ་པར་སྡོད་ཁང་དེ་ཐག་གཅོད་གཏོང་རྒྱུའི་ཐོ་འགོད་ཡོང་རེ་ཞུས་པར་ཁང་པར་དོ་དམ་བྱེད་པའི་ལས་ཁུངས་ནས་སྔོན་བརྡའི་ཐོ་འགོད་བྱས་པའི་དོན་ཚན་ལྟར་དེར་འབྲེལ་གྱི་ཐོ་འགོད་བྱེད་དགོས།

དོན་ཚན་རེ་དགུ་པ། མངག་འཚོང་བྱེད་མཁན་དང་མངག་ཉོ་བྱེད་མཁན་ནས་ཚོང་ཟོག་སྡོད་ཁང་ཉོ་འཚོང་གི་གན་རྒྱ་བཞག་རྗེས་སུ། མངག་འཚོང་བྱེད་མཁན་གྱིས་ཁ་ཆད་བཞག་ཡོད་པ་ལྟར་དུ་མངག་ཉོ་བྱེད་མཁན་དང་ལྷན་དུ་སྔོན་བརྡའི་ཐོ་འགོད་ཡོང་རེ་ཞུས་ན། མངག་ཉོ་བྱེད་མཁན་ནས་ཁེར་རྐྱང་དུ་སྔོན་བརྡའི་ཐོ་འགོད་ཡོང་རེ་ཞུས་ཆོག

དོན་ཚན་བདུན་ཅུ་པ། མངག་ཉོ་བྱས་པའི་ཚོང་ཟོག་སྡོད་ཁང་ལ་སྔོན་བརྡའི་ཐོ་འགོད་ཡོང་རེ་ཞུ་ན། གཤམ་གསལ་གྱི་ཡིག་རིགས་འདོན་སྤྲོད་བྱ་དགོས་ཏེ།

(གཅིག)ཐོ་འགོད་ཡོང་རེ་ཞུ་ཡིག་དང་།

(གཉིས)རེ་འདུན་ཞུ་མིའི་ཐོབ་ཐང་མཚོན་བྱེད་ཀྱི་བདེན་དཔང་།

(གསུམ)ཐོ་འགོད་སྙན་ཐོ་དཔོད་ཟིན་པའི་ཚོང་ཟོག་སྡོད་ཁང་མངག་འཚོང་བྱེད་རྒྱུའི་གན་རྒྱ།

(བཞི)དོ་བདག་པས་སྔོན་བརྡའི་ཐོ་འགོད་བྱེད་སྐབས་བཞག་པའི་ཁ་ཆད།

(ལྔ )དགོས་ངེས་ཀྱི་ཡིག་རིགས་གཞན་དག་བཅས་སོ། །

མངག་ཉོ་བྱེད་མཁན་ཁེར་རྐྱང་ནས་མངག་ཉོ་བྱས་པའི་ཚོང་ཟོག་སྡོད་ཁང་ལ་སྔོན་བརྡའི་ཐོ་འགོད་ཡོང་རེ་ཞུ་ཚེ། མངག་འཚོང་བྱེད་མཁན་དང་མངག་ཉོ་བྱེད་མཁན་བར་བཞག་པའི་ཚོང་ཟོག་སྡོད་ཁང་མངག་འཚོང་བྱེད་རྒྱུའི་གན་རྒྱའི་ནང་སྔོན་བརྡའི་ཐོ་འགོད་བྱ་ཐད་ལ་ཆ་རྐྱེན་དང་དུས་བཅད་ཟུར་དུ་བཀོད་ཡོད་ན། མངག་ཉོ་བྱེད་མཁན་ནས་དེར་འབྲེལ་གྱི་བདེན་དཔང་ཡིག་རིགས་འདོན་སྤྲོད་བྱ་དགོས།

དོན་ཚན་དོན་གཅིག་པ། མངག་ཉོ་བྱེད་པའི་ཚོང་ཟོག་སྡོད་ཁང་ལ་སྔོན་བརྡའི་ཐོ་འགོད་ཡོང་རེ་ཞུ་ན། གཤམ་གསལ་གྱི་ཡིག་རིགས་འདོན་སྤྲོད་བྱ་དགོས་ཏེ།

(གཅིག)ཐོ་འགོད་ཡོང་རེ་ཞུ་ཡིག་དང་།

(གཉིས)རེ་འདུན་ཞུ་མིའི་ཐོབ་ཐང་མཚོན་བྱེད་ཀྱི་བདེན་དཔང་།

(གསུམ)གཏའ་འཇོག་གན་རྒྱ།

(བཞི)བུན་དབང་གཙོ་བོའི་གན་རྒྱ།

(ལྔ)མངག་ཉོ་བྱེད་པའི་ཚོང་ཟོག་སྡོད་ཁང་ལ་སྔོན་བརྡའི་ཐོ་འགོད་བྱས་པའི་བདེན་དཔང་།

(དྲུག)དོ་བདག་པས་སྔོན་བརྡའི་ཐོ་འགོད་བྱེད་སྐབས་བཞག་པའི་ཁ་ཆད།

(བདུན)དགོས་ངེས་ཀྱི་ཡིག་རིགས་གཞན་དག་བཅས་སོ། །

དོན་ཚན་དོན་གཉིས་པ། ཁང་པའི་བདག་དབང་སྤོ་བསྒྱུར་བྱེད་པར་སྔོན་བརྡའི་ཐོ་འགོད་བྱེད་རེ་ཞུ་སྐབས། གཤམ་གསལ་གྱི་ཡིག་རིགས་འདོན་སྤྲོད་བྱ་དགོས་ཏེ།

(གཅིག)ཐོ་འགོད་ཡོང་རེ་ཞུ་ཡིག་དང་།

(གཉིས)རེ་འདུན་ཞུ་མིའི་ཐོབ་ཐང་མཚོན་བྱེད་ཀྱི་བདེན་དཔང་།

(གསུམ)ཁང་པའི་བདག་དབང་བཤུག་སྤྲོད་བྱེད་རྒྱུའི་གན་རྒྱ།

(བཞི)བཤུག་སྤྲོད་བྱེད་མཁན་ཕྱོགས་ཀྱི་ཁང་པའི་བདག་དབང་ལག་ཁྱེར་རམ་ཡང་ན་ཁང་སའི་བདག་དབང་ལག་ཁྱེར།

(ལྔ)དོ་བདག་པས་སྔོན་བརྡའི་ཐོ་འགོད་བྱེད་སྐབས་བཞག་པའི་ཁ་ཆད།

(དྲུག)དགོས་ངེས་ཀྱི་ཡིག་རིགས་གཞན་དག་བཅས་སོ། །

དོན་ཚན་དོན་གསུམ་པ། ཁང་པ་གཏའ་མར་འཇོག་དབང་ལ་སྔོན་བརྡའི་ཐོ་འགོད་ཡོང་རེ་ཞུ་སྐབས། གཤམ་གསལ་གྱི་ཡིག་རིགས་འདོན་སྤྲོད་བྱ་དགོས་ཏེ།

(གཅིག)ཐོ་འགོད་ཡོང་རེ་ཞུ་ཡིག་དང་།

(གཉིས)རེ་འདུན་ཞུ་མིའི་ཐོབ་ཐང་མཚོན་བྱེད་ཀྱི་བདེན་དབང་།

(གསུམ)གཏའ་འཇོག་གན་རྒྱ།

(བཞི)བུན་དབང་གཙོ་བོའི་གན་རྒྱ།

(ལྔ)ཁང་པའི་བདག་དབང་ལག་ཁྱེར་རམ་ཡང་ན་ཁང་སའི་བདག་དབང་ལག་ཁྱེར། ཡང་ན་ཁང་པའི་བདག་དབང་སྤོ་བསྒྱུར་གྱི་ཐོ་འགོད་བྱས་པར་སྔོན་བརྡ་བཏང་སྐོར་གྱི་བདེན་དཔང་།

(དྲུག)དོ་བདག་པས་སྔོན་བརྡའི་ཐོ་འགོད་བྱེད་སྐབས་བཞག་པའི་ཁ་ཆད།

(བདུན)དགོས་ངེས་ཀྱི་ཡིག་རིགས་གཞན་དག་བཅས་སོ།

ས་བཅད་ལྔ་པ། གཞན་པའི་ཐོ་འགོད་བྱེད་སྐོར།

དོན་ཚན་དོན་བཞི་པ། ཁེ་དབང་འཛིན་མཁན་དང་། ཁེ་གྱོང་གི་འབྲེལ་བར་ཐུག་པའི་མིས་ཁང་པ་ཐོ་འགོད་བྱེད་དེབ་ནང་བཀོད་པའི་དོན་ཚན་ལ་ནོར་འཆུག་ཡོད་སྙམ་ན། གཤམ་གསལ་གྱི་ཡིག་རིགས་འདོན་སྤྲོད་བྱས་ཏེ། དག་བཅོས་ཀྱི་ཐོ་འགོད་ཡོང་རེ་ཞུ་རྒྱུ་སྟེ།

(གཅིག)ཐོ་འགོད་ཡོང་རེ་ཞུ་ཡིག་དང་།

(གཉིས)རེ་འདུན་ཞུ་མིའི་ཐོབ་ཐང་མཚོན་བྱེད་ཀྱི་བདེན་དཔང་།

(གསུམ)ཁང་པ་ཐོ་འགོད་བྱེད་དེབ་ནང་བཀོད་པའི་དོན་ཚན་ལ་ནོར་འཆུག་ཡོད་པར་བདེན་དཔང་བྱེད་ཡས་ཀྱི་ཡིག་རིགས་བཅས་སོ། །

ཁེ་གྱོང་གི་འབྲེལ་བར་ཐུག་པའི་མིས་དག་བཅོས་ཀྱི་ཐོ་འགོད་ཡོང་རེ་ཞུས་ན། ཁེ་དབང་འཛིན་མཁན་བཅོས་བྱ་རྒྱུར་འཐད་པ་ཡིན་ཚུལ་བདེན་དཔང་བྱེད་ཡས་ཀྱི་ཡིག་རིགས་ཀྱང་འདོན་སྤྲོད་བྱ་དགོས།

ཁང་པ་ཐོ་འགོད་བྱེད་དེབ་ནང་བཀོད་པའི་དོན་ཚན་ལ་དངོས་གནས་ནོར་འཆུག་ཡོད་ན་དེ་དག་བཅོས་བྱ་རྒྱུ། ཁང་པའི་བདག་ཁོངས་ལག་ཁྱེར་གྱི་ནང་དོན་དག་བཅོས་བྱ་དགོས་བྱུང་ན། ཁེ་དབང་འཛིན་མཁན་ལ་ཡིག་ཐོག་ནས་བརྡ་སྦྱར་ཏེ་ཁང་པའི་བདག་ཁོངས་ལག་ཁྱེར་བརྗེ་ལེན་བྱེད་དུ་འཇུག་རྒྱུ། ཁང་པ་ཐོ་འགོད་བྱེད་དེབ་ལ་ནོར་འཆུག་མེད་ན། དག་བཅོས་བྱེད་མི་རུང་ཐོག་རེ་འདུན་ཞུ་མཁན་ལ་ཡིག་ཐོག་ནས་བརྡ་སྦྱར་རྒྱུ།

དོན་ཚན་དོན་ལྔ་པ། ཁང་པར་ཐོ་འགོད་བྱེད་པའི་ལས་ཁུངས་ནས་ཁང་པ་ཐོ་འགོད་བྱེད་དེབ་ཏུ་བཀོད་པའི་དོན་ཚན་ལ་ནོར་འཆུག་ཡོད་པ་ཤེས་ན། ཁང་པའི་ཁེ་དབང་གཏོགས་ཁོངས་དང་ནང་དོན་ལ་འབྲེལ་མེད་ན། འབྲེལ་ཡོད་ཀྱི་ཁེ་དབང་འཛིན་མཁན་ལ་ཡིག་ཐོག་ནས་བརྡ་སྦྱར་ཏེ་གཏན་ཁེལ་གྱི་དུས་བཅད་ནང་དག་བཅོས་ཀྱི་ཐོ་འགོད་བྱེད་དུ་འཇུག་རྒྱུ། དོ་བདག་པས་ཚུལ་མཐུན་གྱི་གནས་ལུགས་མེད་པར་དུས་འགྱངས་བྱས་ཏེ་དག་བཅོས་ཀྱི་ཐོ་འགོད་མི་བྱེད་ན། ཁང་པར་དོ་དམ་བྱེད་པའི་ལས་ཁུངས་ཀྱིས་ཐོ་འགོད་ཡོང་རེ་ཞུས་པའི་ཡིག་རིགས་སམ་ཡང་ན་ནུས་པ་ཐོན་ཟིན་པའི་བཅའ་ཁྲིམས་ཡིག་ཆ་གཞིར་བཟུང་སྟེ་ཁང་པ་ཐོ་འགོད་བྱེད་དེབ་ནང་བཀོད་པའི་དོན་ཚན་ལ་དག་བཅོས་བྱས་ཆོག་པ་མ་ཟད། དོ་བདག་པར་ཡིག་ཐོག་ནས་བརྡ་སྦྱར་རྒྱུ།

ཁང་པ་ཐོ་འགོད་བྱེད་དེབ་ནང་གི་ནོར་འཆུག་ཡོད་པའི་དོན་ཚན་དེ་ཁང་པའི་ཁེ་དབང་གཏོགས་ཁོངས་དང་ནང་དོན་ལ་འབྲེལ་ཡོད་ན། ཁང་པ་ཐོ་འགོད་བྱེད་པའི་ལས་ཁུངས་ཀྱིས་འབྲེལ་ཡོད་ཀྱི་ཁེ་དབང་འཛིན་མཁན་ལ་ཡིག་ཐོག་ནས་བརྡ་སྦྱར་ཏེ་གཏན་ཁེལ་གྱི་དུས་བཀག་ནང་དག་བཅོས་ཀྱི་ཐོ་འགོད་བྱེད་དུ་འཇུག་རྒྱུ། དག་བཅོས་ཀྱི་ཐོ་འགོད་བྱེད་ཡུན་ནང་ཁེ་དབང་འཛིན་མཁན་གྱིས་ཁང་པའི་ཁེ་དབང་ཐག་གཅོད་བྱས་རྐྱེན་ཐོ་འགོད་ཡོང་རེ་ཞུས་པར་ཁང་པ་ཐོ་འགོད་བྱེད་པའི་ལས་ཁུངས་ནས་རེ་ཞིག་ནང་འགྱངས་བྱ་རྒྱུ།

དོན་ཚན་དོན་དྲུག་པ། ཁ་གྱོང་གི་འབྲེལ་བར་ཐུག་པའི་མིས་ཁང་པ་ཐོ་འགོད་བྱེད་དེབ་ཏུ་བཀོད་པའི་དོན་ཚན་ལ་ནོར་འཆུག་ཡོད་སྙམ་ནའང་། ཁེ་དབང་འཛིན་མཁན་དག་བཅོས་བྱེད་རྒྱུར་འཐད་པ་མིན་ན། ཁེ་གྱོང་གི་འབྲེལ་བར་ཐུག་པའི་མིས་ཐོ་འགོད་ཡོང་རེ་ཞུ་ཡིག་དང་། རེ་འདུན་ཞུ་མིའི་ཐོབ་ཐང་མཚོན་བྱེད་ཀྱི་བདེན་དཔང་། ཁང་པ་ཐོ་འགོད་བྱེད་དེབ་ཏུ་བཀོད་པའི་དོན་ཚན་ལ་ནོར་འཆུག་ཡོད་པར་བདེན་དཔང་བྱེད་ཡས་ཀྱི་ཡིག་ཆ་བཅས་ལ་སོགས་པའི་ཡི་གེ་འཁྱེར་ནས་བསམ་འཆར་མི་མཐུན་པ་ཡོད་རིགས་ཀྱི་ཐོ་འགོད་ཡོང་རེ་ཞུས་ཆོག

དོན་ཚན་དོན་བདུན་པ། ཁང་པར་ཐོ་འགོད་བྱེད་པའི་ལས་ཁུངས་ནས་བཆམ་འཆར་མི་མཐུན་པ་ཡོད་རིགས་ཀྱི་ཐོ་འགོད་ཡོང་རེ་ཞུས་པ་དང་ལེན་བྱས་ཚེ། བསམ་འཆར་མི་མཐུན་པ་ཡོད་རིགས་ཀྱི་དོན་ཚན་དག་ཁང་པ་ཐོ་འགོད་བྱེད་དེབ་ནང་བཀོད་རྒྱུ།

དོན་ཚན་དོན་བརྒྱད་པ། བསམ་འཆར་མི་མཐུན་པ་ཡོད་རིགས་ཐོ་འགོད་བྱེད་པའི་དུས་ཡུན་ནང་ཁང་པ་ཐོ་འགོད་བྱེད་དེབ་ཏུ་བཀོད་པའི་ཁེ་དབང་འཛིན་མཁན་ནས་ཁང་པ་ཐག་གཅོད་བྱེད་རྒྱུའི་ཐོ་འགོད་ཡོང་རེ་ཞུས་པར་ཁང་པར་ཐོ་འགོད་བྱེད་མཁན་ལས་ཁུངས་ཀྱིས་རེ་ཞིག་ནར་འགྱངས་བྱ་རྒྱུ།

ཁེ་དབང་འཛིན་མཁན་གྱིས་ཁང་པ་ཐག་གཅོད་བྱེད་རྒྱུའི་ཐོ་འགོད་ཡོང་རེ་ཞུས་པར་ཁང་པར་ཐོ་འགོད་བྱེད་མཁན་ལས་ཁུངས་ནས་དང་ལེན་བྱས་མོད། འོན་ཀྱང་ཐོ་འགོད་ཡོང་རེ་ཞུས་པའི་དོན་ཚན་དག་ཁང་པ་ཐོ་འགོད་བྱེད་དེབ་ནང་མ་བཀོད་སྔོན་ལ་ཕུང་གསུམ་པས་བསམ་འཆར་མི་མཐུན་པ་ཡོད་རིགས་ཀྱི་ཐོ་འགོད་ཡོང་རེ་ཞུས་ན། ཁང་པར་ཐོ་འགོད་བྱེད་མཁན་ལས་ཁུངས་ནས་དེ་སྔའི་ཐོ་འགོད་རེ་འདུན་བསྒྲུབ་པ་བར་མཚམས་འཇོག་དགོས་ཐོག་རེ་འདུན་ཞུ་མཁན་ལ་ཡིག་ཐོག་ནས་བརྡ་སྦྱར་རྒྱུ།

དོན་ཚན་དོན་དགུ་པ། བསམ་འཆར་མི་མཐུན་པ་ཡོད་རིགས་ཐོ་འགོད་བྱེད་པའི་དུས་ཡུན་ནང་། བསམ་འཆར་མི་མཐུན་པ་ཡོད་རིགས་ཐོ་འགོད་བྱེད་རྒྱུར་རེ་འདུན་ཞུ་མཁན་ནས་གཏུག་བཤེར་བྱས་ཀྱང་མི་དམངས་ཁྲིམས་ཁང་གིས་བདག་སྤྲོད་མི་བྱེད་པའམ་ཡང་ན་དེའི་གཏུག་བཤེར་ཞུ་འདུན་ཕྱིར་སློག་ཚེ། བསམ་འཆར་མི་མཐུན་པ་ཡོད་རིགས་ཐོ་འགོད་ཡོང་རེ་ཞུ་མཁན་ནམ་ཡང་ན་ཁང་པ་ཐོ་འགོད་བྱེད་དེབ་ནང་བཀོད་པའི་ཁེ་དབང་འཛིན་མཁན་ནས་ཐོ་འགོད་ཡོང་རེ་ཞུ་ཡིག་དང་། རེ་འདུན་ཞུ་མིའི་ཐོབ་ཐང་མཚོན་བྱེད་ཀྱི་བདེན་དཔང་། དེར་འབྲེལ་གྱི་བདེན་དཔང་ཡིག་ཆ་བཅས་འཁྱེར་ནས་བསམ་འཆར་མི་མཐུན་ཡོད་རིགས་ཀྱི་ཐོ་འགོད་བྱས་པ་ཐོ་ཁོངས་ནས་སུབ་རྒྱུའི་རེ་འདུན་ཞུ་ཆོག

དོན་ཚན་བརྒྱད་ཅུ་པ། མི་དམངས་ཁྲིམས་ཁང་དང་། འདུམ་གཅོད་ཨུ་ཡོན་ལྷན་ཁང་གི་ནུས་པ་ཐོན་ཟིན་པའི་བཅའ་ཁྲིམས་ཡི་གེ་རུ་གཏན་ཁེལ་བྱས་པའི་ཁང་པའི་ཁེ་དབང་གཏོགས་ཁོངས་སམ་ཡང་ན་ཁེ་དབང་གི་ནང་དོན་དེ་ཁང་པ་ཐོ་འགོད་བྱེད་དེབ་ནང་བཀོད་པའི་གནས་ཚུལ་དང་གཅིག་མཐུན་མིན་ན། ཁང་པར་ཐོ་འགོད་བྱེད་མཁན་ལས་ཁུངས་ནས་དོ་བདག་པའི་རེ་འདུན་ནམ་ཡང་ན་འབྲེལ་ཡོད་ཀྱི་བཅའ་ཁྲིམས་ཡི་གེ་ལྟར་དེར་འབྲེལ་གྱི་ཐོ་འགོད་བྱ་རྒྱུ།

དོན་ཚན་གྱ་གཅིག་པ། ཁྲིམས་འཛིན་ལས་ཁུངས་དང་། སྲིད་འཛིན་ལས་ཁུངས། འདུམ་གཅོད་ཨུ་ཡོན་ལྷན་ཁང་བཅས་ཀྱི་བཅའ་ཁྲིམས་ཀྱི་ནུས་པ་ཐོན་པའི་ཡིག་ཆ་ཡིས་དོ་བདག་པས་གནས་ཚུལ་ངོ་མ་གསང་བ་དང་། ཡིག་རིགས་རྫུན་མ་འདོན་སྤྲོད་བྱེད་པ་སོགས་ཀྱི་ཁྲིམས་འགལ་གྱི་བྱེད་ཐབས་ལ་བརྟེན་ནས་ཁང་པ་ཐོ་འགོད་བྱས་པ་བདེན་དཔང་བྱས་ན། ཁང་པ་ཐོ་འགོད་བྱེད་མཁན་ལས་ཁུངས་གྱིས་དེ་སྔའི་ཁང་པ་ཐོ་འགོད་བྱས་པ་ཕྱིར་འཐེན་བྱས་ནས་ཁང་པའི་བདག་དབང་གཏོགས་ཁོངས་ལག་ཁྱེར་དང་ཐོ་འགོད་བྱས་པའི་བདེན་དཔང་ཕྱིར་བསྡུ་རྒྱུའམ་ཡང་ན་དེ་མི་དགོས་པར་བཟོས་པའི་སྤྱི་བསྒྲགས་བྱེད་རྒྱུ། ཡིན་ནའང་ཁང་པར་འཛིན་པའི་ཁེ་དབང་མི་གཞན་གྱིས་སེམས་བཟང་བཤུག་ལེན་བྱས་ཕུད་རྒྱུ།

4 ལེའུ་བཞི་པ། ཐུན་མོང་གི་ས་ཆའི་ཁྱབ་ཁོངས་ནང་དུ་སྡོད་ཁང་ཐོ་འགོད་བྱེད་ཐབས་སྐོར།

དོན་ཚན་གྱ་གཉིས་པ། ཁྲིམས་ལྟར་ཁང་ས་བེད་སྤྱད་དེ་བཟོས་པའི་གྲོང་མིའི་སྡོད་ཁང་དང་། ཁྲིམས་ལྟར་ཐུན་མོང་ལ་དབང་བའི་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་གཞན་དག་བེད་སྤྱད་དེ་བཟོས་པའི་ཁང་པར་བྱེད་ཐབས་འདིའི་ནང་འཁོད་གཏན་འབེབས་ལྟར་ཁང་པ་ཐོ་འགོད་ཡོང་རེ་ཞུ་ཆོག

བཅའ་ཁྲིམས་དང་ཁྲིམས་སྲོལ་དུ་ཐུན་མོང་གི་ས་ཆའི་ཁྱབ་ཁོངས་ནང་གི་ཁང་པ་ཐོ་འགོད་སྐོར་ལ་གཏན་ཁེལ་གཞན་པ་ཡོད་ན། གཏན་ཁེལ་དེ་གཞིར་འཛིན་དགོས།

དོན་ཚན་གྱ་གསུམ་པ། ཁྲིམས་མཐུན་ངང་ཁང་པ་བཟོ་རྐྱེན་ཁང་པའི་བདག་དབང་ལ་ཐོག་མའི་ཐོ་འགོད་ཡོང་རེ་ཞུ་ན། གཤམ་གསལ་གྱི་ཡིག་རིགས་འདོན་སྤྲོད་བྱ་དགོས་ཏེ།

(གཅིག)ཐོ་འགོད་ཡོང་རེ་ཞུ་ཡིག་དང་།

(གཉིས)རེ་འདུན་ཞུ་མིའི་ཐོབ་ཐང་མཚོན་བྱེད་ཀྱི་བདེན་དཔང་།

(གསུམ)ཁང་ས་བཀོལ་སྤྱོད་བྱེད་དབང་སྐོར་གྱི་བདེན་དཔང་ངམ་ཡང་ན་ཐུན་མོང་ལ་དབང་བའི་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་བཀོལ་སྤྱོད་བྱེད་དབང་སྐོར་གྱི་བདེན་དཔང་།

(བཞི)ཐོ་འགོད་ཡོང་རེ་ཞུས་པའི་ཁང་པ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་བཀོད་དང་མཐུན་པའི་བདེན་དཔང་།

(ལྔ )ཁང་པར་ཐིག་རིས་འབྲི་བའི་སྙན་ཞུའམ་ཡང་ན་གྲོང་མིའི་སྡོད་ཁང་གི་ངོས་མཉམ་དཔེ་རིས།

(དྲུག)དགོས་ངེས་ཀྱི་ཡིག་རིགས་གཞན་དག་བཅས་སོ།།

གྲོང་མིའི་སྡོད་ཁང་བདག་དབང་ལ་ཐོག་མའི་ཐོ་འགོད་ཡོང་རེ་ཞུས་ན། ད་དུང་རེ་འདུན་ཞུ་མི་དེ་ཁང་པ་གནས་སའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མི་ཡིན་པའི་བདེན་དཔང་ཡང་འདོན་སྤྲོད་བྱ་དགོས།

གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ནས་ཁང་པའི་བདག་དབང་སྤོ་བསྒྱུར་གྱི་ཐོ་འགོད་ཡོང་རེ་ཞུས་ན། ད་དུང་གྲོང་མིའི་གྲོས་ཚོགས་མོས་མཐུན་ཐོབ་པའམ་ཡང་ན་གྲོང་མིའི་གྲོས་ཚོགས་ནས་དབང་བཅོལ་དང་གྲོང་མིའི་འཐུས་མི་གྲོས་ཚོགས་མོས་མཐུན་ཐོབ་སྐོར་གྱི་བདེན་དཔང་ཡིག་རིགས་ཀྱང་འདོན་སྤྲོད་བྱེད་དགོས།

དོན་ཚན་གྱ་བཞི་པ། གྲོང་མིའི་སྡོད་ཁང་ལ་ཐོག་མའི་ཐོ་འགོད་ཡོང་རེ་ཞུ་བ་དང་། གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ལ་དབང་བའི་ཁང་པའི་བདག་དབང་ལ་ཐོག་མའི་ཐོ་འགོད་ཡོང་རེ་ཞུ་བར་ཁང་པར་ཐོ་འགོད་བྱེད་མཁན་ལས་ཁུངས་ཀྱིས་ཐོ་འགོད་རེ་ཞུ་དང་ལེན་བྱས་པའི་རྗེས་སུ། ཐོ་འགོད་ཡོང་རེ་ཞུས་པའི་དོན་ཚན་དག་ཁང་པ་གནས་སའི་གྲོང་གསེབ་ཐུན་མོང་དཔལ་འབྱོར་རྩ་འཛུགས་ནང་ཁོངས་ནས་སྤྱི་བསྒྲགས་བྱེད་རྒྱུ། སྤྱི་བསྒྲགས་བྱས་མཐར་བསམ་འཆར་མི་མཐུན་པ་མེད་པའམ་ཡང་ན་བསམ་འཆར་ཚུགས་མི་ཐུབ་ན་ད་གཟོད་ཐོ་འགོད་བྱས་ཆོག

དོན་ཚན་གྱ་ལྔ་པ། གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན། ཁེ་དབང་འཛིན་མཁན་ནས་འབྲེལ་ཡོད་ཀྱི་བཅའ་ཁྲིམས་ཡིག་ཆར་ནུས་པ་ཐོན་པའམ་ཡང་ན་དོན་དངོས་བྱུང་རྗེས་ཁང་པའི་བདག་དབང་བསྒྱུར་བའི་ཐོ་འགོད་ཡོང་རེ་ཞུ་རྒྱུ་སྟེ།

(གཅིག)ཁང་པའི་བདག་དབང་འཛིན་མཁན་གྱི་རུས་མིང་ངམ་ཡང་ན་མིང་བསྒྱུར་རིགས་དང་།

(གཉིས)ཁང་པའི་གནས་ས་བསྒྱུར་རིགས།

(གསུམ)ཁང་པའི་རྒྱ་ཁྱོན་འཕར་སྣོན་དང་ཉུང་ཏུ་སོང་རིགས།

(བཞི)བདག་དབང་འཛིན་མཁན་གཅིག་པ་ཡིས་ཁང་པ་ཆ་བགོས་གཏོང་བ་དང་ཟླ་སྒྲིལ་བྱེད་རིགས།

(ལྔ)བཅའ་ཁྲིམས་དང་ཁྲིམས་སྲོལ་དུ་གཏན་འབེབས་བྱས་པའི་གནས་ཚུལ་གཞན་དག་བཅས་སོ།

དོན་ཚན་གྱ་དྲུག་པ། ཁང་པའི་བདག་དབང་ཁྲིམས་ལྟར་སྤོ་བསྒྱུར་བྱུང་བས་ཁང་པའི་བདག་དབང་སྤོ་བསྒྱུར་གྱི་ཐོ་འགོད་བྱེད་རིགས་ཀྱིས་གཤམ་གསལ་གྱི་ཡིག་རིགས་འདོན་སྤྲོད་བྱ་དགོས་ཏེ།

(གཅིག)ཐོ་འགོད་ཡོང་རེ་ཞུ་ཡིག་དང་།

(གཉིས)རེ་འདུན་ཞུ་མིའི་ཐོབ་ཐང་མཚོན་བྱེད་ཀྱི་བདེན་དཔང་།

(གསུམ)ཁང་པའི་བདག་དབང་ལག་ཁྱེར།

(བཞི)ཁང་ས་བཀོལ་སྤྱོད་བྱེད་དབང་སྐོར་གྱི་བདེན་དཔང་ངམ་ཡང་ན་ཐུན་མོང་ལ་དབང་བའི་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་བཀོལ་སྤྱོད་བྱེད་དབང་སྐོར་གྱི་བདེན་དཔང་།

(ལྔ)ཁང་པའི་བདག་དབང་སྤོ་བསྒྱུར་བྱས་པར་བདེན་དཔང་བྱེད་ཡས་ཀྱི་ཡིག་རིགས།

(དྲུག)དགོས་ངེས་ཀྱི་ཡིག་རིགས་གཞན་དག་བཅས་སོ།།

གྲོང་མིའི་སྡོད་ཁང་བདག་དབང་སྤོ་བསྒྱུར་བྱེད་པར་ཐོ་འགོད་ཡོང་རེ་ཞུ་རིགས་ཀྱིས་ད་དུང་གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ནས་སྤོ་བསྒྱུར་བྱེད་པར་མོས་མཐུན་བྱུང་བ་བདེན་དཔང་བྱེད་ཡས་ཀྱི་ཡིག་རིགས་ཀྱང་འདོན་སྤྲོད་བྱ་དགོས།

གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ནས་ཁང་པའི་བདག་དབང་སྤོ་བསྒྱུར་གྱི་ཐོ་འགོད་ཡོང་རེ་ཞུས་ན། ད་དུང་གྲོང་མིའི་གྲོས་ཚོགས་མོས་མཐུན་ཐོབ་པའམ་ཡང་ན་གྲོང་མིའི་གྲོས་ཚོགས་ནས་དབང་བཅོལ་དང་གྲོང་མིའི་འཐུས་མི་གྲོས་ཚོགས་མོས་མཐུན་ཐོབ་སྐོར་གྱི་བདེན་དཔང་ཡིག་རིགས་ཀྱང་འདོན་སྤྲོད་བྱེད་དགོས།

དོན་ཚན་གྱ་བདུན་པ། གྲོང་གསེབ་ཀྱི་གྲོང་མིའི་སྡོད་ཁང་གི་བདག་དབང་སྤོ་བསྒྱུར་བྱེད་པར་ཐོ་འགོད་ཡོང་རེ་ཞུས་པར། བཤུག་ལེན་བྱེད་མཁན་ཁང་པ་གནས་སའི་གྲོང་གསེབ་གྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་དེའི་ཁོངས་མི་མིན་ན། བཅའ་ཁྲིམས་དང་ཁྲིམས་སྲོལ་དུ་གཏན་འབེབས་གཞན་པ་བྱས་ཡོད་པ་ཕུད། ཁང་པར་ཐོ་འགོད་བྱེད་མཁན་ལས་ཁུངས་ནས་དེ་སྒྲུབ་མི་དགོས་རྒྱུ།

དོན་ཚན་གྱ་བརྒྱད་པ། ཁྲིམས་ལྟར་གྲོང་གསེབ་དང་གྲོང་རྡལ། གྲོང་གསེབ་ཀྱི་ཁེ་ལས་བཅས་ཀྱི་བཟོ་ཁང་ལ་སོགས་པའི་བཟོ་བཀོད་གཏའ་མར་བཞག་ནས་གཏའ་མར་འཇོག་དབང་ཐོ་འགོད་ཡོང་རེ་ཞུ་རིགས་ཀྱིས་གཤམ་གསལ་གྱི་ཡིག་རིགས་འདོན་སྤྲོད་བྱ་དགོས་ཏེ།

(གཅིག)ཐོ་འགོད་ཡོང་རེ་ཞུ་ཡིག་དང་།

(གཉིས)རེ་འདུན་ཞུ་མིའི་ཐོབ་ཐང་མཚོན་བྱེད་ཀྱི་བདེན་དཔང་།

(གསུམ)ཁང་པའི་བདག་དབང་ལག་ཁྱེར།

(བཞི )ཐུན་མོང་ལ་དབང་བའི་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་བཀོལ་སྤྱོད་བྱེད་དབང་ལག་ཁྱེར།

(ལྔ)བུན་དབང་གཙོ་བོའི་གན་རྒྱ་དང་གཏའ་འཇོག་གན་རྒྱ།

(དྲུག)དགོས་ངེས་ཀྱི་ཡིག་རིགས་གཞན་དག་བཅས་སོ། །

དོན་ཚན་གྱ་དགུ་པ། ཁང་པར་ཐོ་འགོད་བྱེད་མཁན་ལས་ཁུངས་ནས་ཐུན་མོང་གི་ས་ཆའི་ཁོངས་ཀྱི་ཁང་པར་ཐོ་འགོད་ཡོང་རེ་ཞུས་པར་ཁང་པ་ཐོ་འགོད་བྱེད་དེབ་དང་ཁང་པའི་བདག་ཁོངས་ལག་ཁྱེར་སྟེང“ཐུན་མོང་གི་ས་ཞིང”ཞེས་པའི་ཡི་གེ་བཀོད་རྒྱུ།

དོན་ཚན་དགུ་ཅུ་པ། ཐུན་མོང་གི་ས་ཆའི་ཁོངས་ལས་ཁང་པའི་ས་སྤྱོད་དབང་ཆ་ཐོ་འགོད་དང་། སྔོན་བརྡའི་ཐོ་འགོད། དག་བཅོས་ཀྱི་ཐོ་འགོད། བསམ་འཆར་མི་མཐུན་པ་ཡོད་རིགས་ཀྱི་ཐོ་འགོད་བཅས་བྱེད་སྐབས། རྒྱལ་ཁབ་ལ་དབང་བའི་ས་ཆའི་ཁོངས་ལས་ཁང་པར་ཐོ་འགོད་བྱེད་སྐོར་གྱི་འབྲེལ་ཡོད་གཏན་ཁེལ་གཞིར་འཛིན་པ་དང་སྤྱད་འཐུས་བྱས་ཆོག

5 ལེའུ་ལྔ་པ། ཁྲིམས་འབྲེལ་ཁུར་འཁྲིའི་སྐོར།

དོན་ཚན་གོ་གཅིག་པ། ཁྲིམས་དང་མི་མཐུན་པར་ཁང་པའིབདག་ཁོངས་ལག་ཁྱེར་རམ་ཡང་ན་ཐོ་འགོད་བདེན་དཔང་པར་བཟོ་དང་། རྫུན་བཟོ། བསྒྱུར་བཟོ་བཅས་བྱས་པའམ་ཡང་ན་ཁྲིམས་འགལ་གྱིས་པར་བཟོ་དང་། རྫུན་བཟོ། བསྒྱུར་བཟོ་བཅས་བྱས་པའི་ཁང་པའི་བདག་ཁོངས་ལག་ཁྱེར་རམ་ཡང་ན་ཐོ་འགོད་བདེན་དཔང་བཀོལ་སྤྱོད་བྱས་པར། ཁང་པར་ཐོ་འགོད་བྱེད་མཁན་ལས་ཁུངས་ཀྱིས་དེ་རྩིས་ལེན་བྱེད་རྒྱུ་དང་། ནག་ཉེས་སུ་གྲུབ་རིགས་ལ་ཁྲིམས་ལྟར་ཉེས་འགལ་བདའ་འདེད་བྱེད་རྒྱུ།

དོན་ཚན་གོ་གཉིས་པ། རེ་འདུན་ཞུ་མཁན་ནས་ཡིག་རིགས་ནོར་འཆུག་ཅན་དང་རྫུན་མ་འདོན་སྤྲོད་བྱས་ཏེ་ཁང་པ་ཐོ་འགོད་ཡོང་རེ་ཞུས་ནས་གཞན་ལ་གྱོང་གུན་བཟོས་ཚེ། ཁང་པར་ཐོ་འགོད་བྱེད་མཁན་ལས་ཁུངས་ནས་དེར་འབྲེལ་གྱི་བཅའ་ཁྲིམས་འགན་འཁྲི་འཁུར་རྒྱུ།

ཁང་པར་ཐོ་འགོད་བྱེད་མཁན་ལས་ཁུངས་དང་དེའི་ལས་སྒྲུབ་པས་བྱེད་ཐབས་འདིའི་ནང་འཁོད་གཏན་འབེབས་དང་འགལ་ནས་ཁང་པ་ཐོ་འགོད་བྱས་ནས་གཞན་ལ་གྱོང་གུན་བཟོས་ཚེ། ཁང་པར་ཐོ་འགོད་བྱེད་མཁན་ལས་ཁུངས་ཀྱིས་དེར་འབྲེལ་གྱི་བཅའ་ཁྲིམས་འགན་འཁྲི་འཁུར་དགོས། ཁང་པར་ཐོ་འགོད་བྱེད་མཁན་ལས་ཁུངས་ཀྱིས་སྐྱིན་ཚབ་འཇལ་རྒྱུའི་འགན་འཁྲི་འཁུར་རྗེས། བསམ་བཞིན་དུའམ་ཡང་ན་ལས་འཛོལ་ཚབས་ཆེན་བྱུང་ནས་ཐོ་འགོད་ནོར་འཆུག་བྱས་པའི་ལས་བྱེད་པའི་བྱ་སྤྱོད་དེར་སྐྱིན་ཚབ་འདེད་དབང་ཡོད།

དོན་ཚན་གོ་གསུམ་པ། ཁང་པར་ཐོ་འགོད་བྱེད་མཁན་ལས་ཁུངས་ཀྱི་ལས་སྒྲུབ་པར་གཤམ་གསལ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་ན། ཁྲིམས་ལྟར་ཆད་པ་གཅོད་རྒྱུ་དང་། ནག་ཉེས་སུ་གྲུབ་རིགས་ལ་ཁྲིམས་ལྟར་དེའི་ཉེས་འགན་བདའ་འདེད་བྱེད་རྒྱུ་སྟེ།

(གཅིག)རང་མཚམས་ཀྱིས་ཁང་པ་ཐོ་འགོད་བྱེད་དེབ་སུབ་བཅོས་རྒྱག་པ་དང་། གཏོར་བརླག་གཏོང་བ། རྫུན་བཟོ་བཅས་བྱེད་རིགས།

(གཉིས)ཐོ་འགོད་བྱེད་རྒྱུའི་ཆ་རྐྱེན་དང་མི་མཐུན་པའི་ཐོ་འགོད་ཡོང་རེ་ཞུས་པ་ལ་ཐོ་འགོད་བྱས་པའམ་ཡང་ན་ཐོ་འགོད་བྱེད་རྒྱུའི་ཆ་རྐྱེན་དང་མཐུན་པའི་ཐོ་འགོད་ཡོང་རེ་ཞུས་པ་ལ་ཐོ་འགོད་མ་བྱས་རིགས།

(གསུམ)ལས་འགན་སྣང་མེད་ལྷོད་གཡེང་དུ་གཏོང་བ་དང་། འགན་དབང་གང་དགར་སྤྱོད་པ། ཉེར་ཕྱོགས་གཡོ་ཟོལ་བཅས་བྱེད་རིགས་སོ། །

6 ལེའུ་དྲུག་པ། ཞར་བྱུང་དོན་ཚན།

དོན་ཚན་གོ་བཞི་པ། ཁང་པ་ཐོ་འགོད་བྱེད་དེབ་ཀྱི་ནང་དོན་དང་དེར་དོ་དམ་བྱེད་པའི་ཚད་གཞི་སོགས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་གིས་ཟུར་དུ་གཏན་འབེབས་བྱ་རྒྱུ།

དོན་ཚན་གོ་ལྔ་པ། ཁང་པའི་བདག་ཁོངས་ལག་ཁྱེར་དང་ཐོ་འགོད་བདེན་དཔང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་ནས་གཅིག་གྱུར་སྒོས་བཟོ་དབྱིབས་གཏན་འབེབས་དང་། གཅིག་གྱུར་སྒོས་ལྟ་ཞིབ་བྱས་འོག་བཟོ་རྒྱུ། གཅིག་གྱུར་སྒོས་ཨང་སྒྲིག་པ་བཅས་བྱ་རྒྱུ།

རྫོང་རིམ་པ་ཡན་གྱི་ས་གནས་ཀྱི་མི་དམངས་སྲིད་གཞུང་གི་སྡེ་ཁག་ཞིག་གིས་གཅིག་གྱུར་སྒོས་ཁང་པ་དང་ས་ཆ་ཐོ་འགོད་ཀྱི་ལས་ཀའི་འགན་འཁུར་བ་ཡིན་ན། དེས་གཅིག་གྱུར་སྒོས་ཁང་སའི་བདག་ཁོངས་ལག་ཁྱེར་བཟོ་རྒྱུ་དང་སྟེར་ཆོག་ཅིང་། ཁང་སའི་བདག་ཁོངས་ལག་ཁྱེར་གྱི་བཟོ་དབྱིབས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་ཐོ་འགོད་རྒྱུ།

དོན་ཚན་གོ་དྲུག་པ། རང་ཚུགས་ཀྱིས་བེད་སྤྱོད་བྱེད་རྒྱུའི་རིན་ཐང་ལྡན་པའི་དམིགས་བསལ་གྱི་གནས་ས་དང་དེ་མིན་གྲུ་ཁ་དང་། སྣུམ་མཛོད་བཅས་ལ་སོགས་པའི་བཟོ་བཀོད་ལ་ཐོ་འགོད་བྱེད་སྐབས། བྱེད་ཐབས་འདིར་དཔེར་བལྟས་ནས་ལག་བསྟར་བྱས་ཆོག

དོན་ཚན་གོ་བདུན་པ། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་འཛུགས་སྐྲུན(ཁང་ས་བདག་ཁོངས།)གཙོ་སྐྱོང་སྡེ་ཁག་ནས་བཅའ་ཁྲིམས་དང་ཁྲིམས་སྲོལ། བྱེད་ཐབས་འདི་བཅས་ཀྱི་གཏན་འབེབས་དང་ས་གནས་རང་གི་གནས་ཚུལ་དངོས་ལ་གཞིགས་ནས་ཁང་པ་ཐོ་འགོད་ཀྱི་ལག་བསྟར་སྲོལ་ཞིབ་གཏན་འབེབས་བྱས་ཆོག

དོན་ཚན་གོ་བརྒྱད་པ། བྱེད་ཐབས་འདི2008ལོའི་ཟླ7ཚེས1ཉིན་ནས་ལག་བསྟར་བྱས་པ་ཡིན། 《གྲོང་ཁྱེར་གྱི་ཁང་པར་དོ་དམ་བྱེད་སྐོར་གྱི་བྱེད་ཐབས》(འཛུགས་སྐྲུན་པུའུ་ཡི་བཀའ་རྒྱ་ཨང་57པ)དང་། 《འཛུགས་སྐྲུན་པུའུ་ཡི〈གྲོང་ཁྱེར་གྱི་ཁང་པར་དོ་དམ་བྱེད་སྐོར་གྱི་བྱེད་ཐབས〉ལ་བཟོ་བཅོས་རྒྱག་སྐོར་གྱི་ཐག་གཅོད》(འཛུགས་སྐྲུན་པུའུ་ཡི་བཀའ་རྒྱ་ཨང99པ )དུས་མཚུངས་སུ་མེད་པ་བཟོས་པ་ཡིན།

དཔྱད་གཞིའི་ཡིག་ཆ།

1 མགོན་པོ་རྒྱལ་གྱིས་བསྒྱུར་བའི 《ས་ཞིང་བཤུག་སྤྲོད་དང་ཁང་པ་ཉོ་འཚོང》 མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ2010ལོའི་ཟླ12པར་པར་གཞི་དང་པོ་བསྒྲིགས། ཤོག་གྲངས227ནས263བར།

2 པའེ་ཏུའུ་རིག་མཛོད། 2015-12-22