ས་ཆའི་བདག་དབང་དང་ས་ཆ་བཀོལ་སྤྱོད་བྱེད་དབང་གཏན་ཁེལ་བྱེད་སྐོར་གྱི་གཏན་འབེབས་དུ་མ།

ས་ཆའི་བདག་དབང་དང་ས་ཆ་བཀོལ་སྤྱོད་བྱེད་དབང་གཏན་ཁེལ་བྱེད་སྐོར་གྱི་གཏན་འབེབས་དུ་མ།

སྤྱི་ལོ1995ལོའི་ཟླ3ཚེས11ཉིན་འགྲེམ་སྤེལ་བྱས་ཤིང་། 1995ལོའི་ཟླ5ཚེས1ཉིན་ལག་བསྟར་བྱས།

གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།确定土地所有权和使用权的若干规定

ཁྱབ་བསྒྲགས་ལོ་ཚིགས།སྤྱི་ལོ1995ལོའི་ཟླ3པའི་ཚེས11ཉིན།

ཁྱབ་བསྒྲགས་སྡེ་ཁགརྒྱལ་ཁབ་ས་ཆ་དོ་དམ་ཅུའུ།

དཀར་ཆག

1 ལེའུ་དང་པོ། སྤྱིའི་དོན་ཚན།

2 ལེའུ་གཉིས་པ། རྒྱལ་ཁབ་ལ་དབང་པའི་ས་ཆའི་བདག་དབང་སྐོར།

3 ལེའུ་གསུམ་པ། ཐུན་མོང་གི་ས་ཆའི་བདག་དབང་སྐོར།

4 ལེའུ་བཞི་པ། རྒྱལ་ཁབ་ལ་དབང་བའི་ས་ཆ་བཀོལ་སྤྱོད་བྱེད་དབང་སྐོར།

5 ལེའུ་ལྔ་པ། ཐུན་མོང་གི་ས་ཆ་འཛུགས་སྐྲུན་ལ་མཁོ་བའི་ས་ཆར་བཀོལ་སྤྱོད་བྱེད་དབང་སྐོར།

6 ལེའུ་དྲུག་པ། ཞར་བྱུང་དོན་ཚན།

1ལེའུ་དང་པོ། སྤྱིའི་དོན་ཚན།

དོན་ཚན་དང་པོ། ས་ཆའི་བདག་དབང་དང་ས་ཆ་བཀོལ་སྤྱོད་བྱེད་དབང་གཏན་ཁེལ་དང་ཁྲིམས་ལྟར་ས་ཆ་ཐོ་འགོད་བྱ་ཆེད། འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྲིད་ཇུས་བཅས་བཞིར་བཟུང་ནས་གཏན་ཁེལ་འདི་བཟོས་པ་ཡིན།

དོན་ཚན་གཉིས་པ། ས་ཆའི་བདག་དབང་དང་ས་ཆ་བཀོལ་སྤྱོད་བྱེད་དབང་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་གཏན་ཁེལ་བྱེད་རྒྱུ་དང་། ས་ཆར་དོ་དམ་བྱེད་པའི་སྡེ་ཁག་གྱིས་སྒྲུབ་འགན་འཁུར་ལེན་བྱེད་རྒྱུ།

ས་ཆའི་བདག་ཁོངས་དང་འབྲེལ་བའི་རྩོད་གཞི་བྱུང་ཚེ། ས་ཆར་དོ་མ་བྱེད་པའི་སྡེ་ཁག་གིས་ཇི་ལྟར་ཐག་གཅོད་བྱེད་རྒྱུའི་བསམ་འཆར་འདོན་རྒྱུ་དང་། མི་དམངས་སྲིད་གཞུང་ལ་ཕུལ་ཏེ་ཁྲུན་ཐག་བཅད་པའི་ཐག་གཅོད་འོག་རིམ་ལ་འགྲེམ་རྒྱུའམ་ཡང་ན་མི་དམངས་སྲིད་གཞུང་ལ་སྙན་སེང་ཞུས་ཏེ་ཆོག་མཆན་བཀོད་རྗེས་ས་ཆར་དོ་དམ་བྱེད་པའི་སྡེ་ཁག་གིས་ཁྲུན་ཐག་བཅད་པའི་ཐག་གཅོད་འོག་རིམ་ལ་འགྲེམ་རྒྱུ།

2 ལེའུ་གཉིས་པ། རྒྱལ་ཁབ་ལ་དབང་པའི་ས་ཆའི་བདག་དབང་སྐོར།

དོན་ཚན་གསུམ་པ། གྲོང་ཁྱེར་མངའ་ཁོངས་ཀྱི་ས་ཆ་རྣམས་རྒྱལ་ཁབ་ལ་དབང་བ་ཡིན།

དོན་ཚན་བཞི་པ། 1950ལོའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཞིང་བཅོས་བསྒྱུར་གྱི་བཅའ་ཁྲིམས》ལྟར། སྐབས་དེར་ས་ཞིང་བདག་དབང་ཞིང་བར་བགོ་བཤའ་མ་བྱས་པའི་ས་ཞིང་རྣམས་རྒྱལ་ཁབ་ལ་དབང་བ་ཡིན།

1962ལོའི《གྲོང་གསེབ་ཀྱི་མི་དམངས་ཀུང་ཧྲེའི་ལས་ཀའི་སྲོལ་ཡིག་ལ་དག་བཅོས་ཀྱི་འཆར་ཟིན》(མན་ཆད་དུ་བསྡུས་མིང་ལ《དོན་ཚན་དྲུག་ཅུ་མ》ཞེས་བརྗོད་པ་ཡིན)དངོས་བསྟར་བྱེད་སྐབས། ཞིང་པ་ཐུན་མོང་གི་ཁྱབ་ཁོངས་ནང་དུ་མ་བཞག་པའི་ས་ཞིང་རྣམས་རྒྱལ་ཁབ་ལ་དབང་བ་ཡིན།

དོན་ཚན་ལྔ་པ། རྒྱལ་ཁབ་ནས་འཛུགས་སྐྲུན་གྱི་ཆེད་དུ་བསྡུ་སྤྱོད་བྱས་པའི་ས་ཞིང་རྣམས་རྒྱལ་ཁབ་ལ་དབང་བ་ཡིན།

དོན་ཚན་དྲུག་པ། རྒྱལ་ཁབ་ལ་དབང་བའི་ས་ཆ་གསར་སྦོལ་བེད་སྤྱོད་བྱས་ན། གསར་སྦོལ་བེད་སྤྱོད་བྱེད་མཁན་ལ་ཁྲིམས་ལྟར་ས་ཆ་བེད་སྤྱོད་བྱེད་དབང་ཡོད་ལ། ས་ཆའི་བདག་དབང་སྔར་བཞིན་རྒྱལ་ཁབ་ལ་དབང་བ་ཡིན།

དོན་ཚན་བདུན་པ། རྒྱལ་ཁབ་ལ་དབང་བའི་ལྕགས་ལམ་གྱི་ལམ་ཐིག་དང་། མེ་འཁོར་འབབ་ཚིགས། དོས་ཁང་བཅས་ཐད་ལ་བཀོལ་རྒྱུའི་ས་ཆ་དང་དེ་མིན་ཁྲིམས་ལྟར་ཉར་སྤྱོད་བྱས་ཏེ་ལྕགས་ལམ་ཐད་བཀོལ་རྒྱུའི་ས་ཆ་གཞན་དག་རྒྱལ་ཁབ་ལ་དབང་བ་ཡིན། ས་ཞིང་བཅོས་བསྒྱུར་གྱི་སྐབས་སུ་བགོ་བཤའ་བརྒྱབ་སྟེ་ཞིང་བར་དབང་ཟིན་པའི་དེ་སྔ་ལྕགས་ལམ་ཐད་སྤྱད་པའི་ས་ཆ་དང་གསར་དུ་བསྐྲུན་པའི་ལྕགས་ལམ་གཞོགས་གཉིས་ཀྱི་བསྡུ་སྤྱོད་མ་བྱས་པའི་ཞིང་པ་ཐུན་མོང་ལ་དབང་བའི་ས་ཆ་རྣམས་ཞིང་པ་ཐུན་མོང་ལ་དབང་བ་ཡིན།

དོན་ཚན་བརྒྱད་པ། རྫོང་རིམ་པ་ཡན(རྫོང་རིམ་པ་འདུ)གྱི་གཞུང་ལམ་ལམ་ཐིག་ཐག་སྤྱད་པའི་ས་ཆ་རྣམས་རྒྱལ་ཁབ་ལ་དབང་བ་ཡིན། གཞུང་ལམ་གཞོགས་གཉིས་སྲུང་སྐྱོབ་བྱ་ཐད་ལ་སྤྱོད་པའི་ས་ཆ་དང་གཞུང་ལམ་ཐད་སྤྱོད་རྒྱུའི་ས་ཆ་གཞན་དག་ལས་བསྡུ་སྤྱོད་བྱས་མེད་པའི་ཞིང་པ་ཐུན་མོང་ལ་དབང་བའི་ས་ཆ་རྣམས་སྔར་བཞིན་ཞིང་པ་ཐུན་མོང་ལ་དབང་བ་ཡིན།

དོན་ཚན་དགུ་པ། རྒྱལ་ཁབ་ལ་དབང་བའི་གློག་ཤུགས་དང་། འཕྲིན་སྐྱེལ་སྒྲིག་བཀོད་ཐད་སྤྱོད་རྒྱུའི་ས་ཆ་རྣམས་རྒྱལ་ཁབ་ལ་དབང་བ་ཡིན། ཡིན་ནའང་རྒྱལ་ཁབ་ལ་དབང་བའི་གློག་ཤུགས་དང་འཕྲིན་སྐྱེལ་གློག་སྡོང་གིས་ཞིང་པ་ཐུན་མོང་ལ་དབང་བའི་ས་ཆ་བཟུང་སྤྱོད་བྱས་ཤིང་། ས་ཆ་བསྡུ་སྤྱོད་ཀྱི་འགྲོ་ལུགས་འགྲིམ་མེད་ན། ས་ཆ་དེ་སྔར་བཞིན་ཞིང་པ་ཐུན་མོང་ལ་དབང་བ་ཡིན་ཞིང་། གློག་ཤུགས་དང་འཕྲིན་སྐྱེལ་གཉེར་སྐྱོང་སྡེ་ཚན་གྱི་གཞན་སྤྱོད་ཁེ་དབང་ཡིན་པར་གཏན་ཁེལ་བྱས་ཆོག

དོན་ཚན་བཅུ་པ། དམག་དཔུང་གིས་བསྡུ་ལེན་བྱས་པའི་དགྲ་བོ་དང་སྲིད་དབང་རྫུས་མའི་ས་གཞིས་དང་བཅིངས་གྲོལ་བྱས་རྗེས་མི་དམངས་སྲིད་གཞུང་ནས་ཆོག་མཆན་བཀོད་དེ་བསྡུ་སྤྱོད་དང་གཏོང་སྤྲོད་བྱས་པའི་དམག་དོན་ཐད་སྤྱོད་པའི་ས་ཆ་རྣམས་རྒྱལ་ཁབ་ལ་དབང་བ་ཡིན།

དོན་ཚན་བཅུ་གཅིག་པ། ཆུ་ལམ་འགྲམ་ངོགས་ཀྱི་ཆུ་རགས་ནང་ཚུན་གྱི་ས་ཆ་དང་ཆུ་རགས་ཕྱིའི་རགས་སྲུང་ས་ཆ། ཆུ་རགས་མེད་པའི་ཆུ་ལམ་གྱི་ལོ་རྒྱུས་ཐོག་ཆེས་མཐོ་བའི་ཆུ་ལོག་གི་ཆུ་ཁ་མཐོ་དམན་གྱི་ཚད་དམ་ཡང་ན་ཆུ་ལོག་གི་ཆུ་ཁ་མཐོ་དམན་གྱི་ཚད་ཐིག་མན་ཆད་ས་ཀྱི་ཆ་རྣམས་ས་ཞིང་བཅོས་བསྒྱུར་གྱི་སྐབས་སུ་ས་ཆའི་བདག་དབང་ཞིང་བར་བགོ་བཤའ་བརྒྱབ་ཟིན་ཡང་རྒྱལ་ཁབ་ཀྱིས་བསྡུ་སྤྱོད་མ་བྱས་ཐོག་ད་ལྟའི་བར་ཞིང་པ་ཐུན་མོང་གིས་བཀོལ་བྱེད་པ་རྣམས་ཕུད། རྒྱལ་ཁབ་ལ་དབང་བ་ཡིན།

དོན་ཚན་བཅུ་གཉིས་པ། རྫོང་རིམ་པ་ཡན(རྫོང་རིམ་པ་འདུ)གྱི་ཆུ་བེད་སྡེ་ཁག་ནས་ཐད་ཀར་དུ་དོ་དམ་བྱེད་པའི་ཆུ་མཛོད་དང་ཆུ་རྐ་ལ་སོགས་པའི་ཆུ་བེད་ཨར་ལས་ཐད་བཀོལ་བའི་ས་ཆ་དག་རྒྱལ་ཁབ་ལ་དབང་བ་ཡིན། ཆུ་བེད་ཨར་ལས་ལ་དོ་དམ་དང་སྲུང་སྐྱོང་བྱེད་ཁུལ་ལས་བསྡུ་སྤྱོད་བྱས་མེད་པའི་ཞིང་པ་ཐུན་མོང་གི་ས་ཆ་རྣམས་སྔར་བཞིན་ཞིང་པ་ཐུན་མོང་ལ་དབང་བ་ཡིན།

དོན་ཚན་བཅུ་གསུམ་པ། རྒྱལ་ཁབ་ནས་འཛུགས་སྐྲུན་བྱ་ཆེད་ཞིང་པ་ཐུན་མོང་ཡོངས་རྫོགས་གནས་སྤོས་བཀོད་སྒྲིག་བྱས་ཐོག་ས་ཆ་སྙོམས་སྒྲིག་བྱས་རྗེས་སུ། གནས་སྤོས་ཞིང་པ་ཐུན་མོང་ལ་དེ་སྔར་དབང་བའི་ས་ཆ་རྣམས་རྒྱལ་ཁབ་ལ་དབང་བ་རུ་སྒྱུར་ཡོད། ཡིན་ནའང་ཡུལ་མི་གནས་སྤོས་རྗེས་དེ་སྔའི་ཐུན་མོང་ནས་མུ་མཐུད་དེ་བཀོལ་སྤྱོད་བྱེད་པའི་ཐུན་མོང་ལ་དབང་བའི་ས་ཆ་རྣམས་རྒྱལ་ཁབ་ཀྱིས་བསྡུ་སྤྱོད་མ་བྱས་རིགས་ཀྱི་བདག་དབང་མི་འགྱུར་བ་ཡིན།

དོན་ཚན་བཅུ་བཞི་པ། རྒྱལ་ཁབ་ཀྱི་འཛུགས་སྐྲུན་ཐད་ས་ཆ་བསྡུ་སྤྱོད་བྱས་རྐྱེན་ཞིང་པ་ཐུན་མོང་གི་འཛུགས་ལུགས་གཏོར་བའམ་ཡང་ན་མི་གྲངས་ཡོངས་རྫོགས་ཞིང་བའི་ཐེམ་ཐོ་མིན་པའི་མི་འབོར་ཏུ་བསྒྱུར་རྗེས། དེའི་བསྡུ་སྤྱོད་མ་བྱས་པའི་ས་ཆ་རྣམས་རྒྱལ་ཁབ་ལ་དབང་བ་ཡིན། མུ་མཐུད་དེ་དེ་སྔའི་ས་ཆ་བཀོལ་སྤྱོད་བྱེད་པའི་དེ་སྔའི་ཞིང་པ་ཐུན་མོང་དང་དེའི་ཁོངས་མིར་རྒྱལ་ཁབ་ལ་དབང་བའི་ས་ཆ་བཀོལ་སྤྱོད་བྱེད་དབང་ཡོད།

དོན་ཚན་བཅོ་ལྔ་པ། དམངས་ཡོངས་ལ་དབང་བའི་ལམ་ལུགས་ཀྱི་སྡེ་ཚན་དང་གྲོང་ཁྱེར་དང་གྲོང་རྡལ་ཐུན་མོང་ལ་དབང་བའི་ལམ་ལུགས་ཀྱི་སྡེ་ཚན་གྱིས་ཞིང་པ་ཐུན་མོང་གི་ཁེ་ལས་ཟླ་སྒྲིལ་བྱས་རིགས་ཀྱིས་འབྲེལ་ཡོད་ཀྱི་འགྲོ་ལུགས་འགྲིམ་རྗེས། ཟླ་སྒྲིལ་བྱས་པའི་དེ་སྔའི་ཞིང་པ་ཐུན་མོང་གི་ཁེ་ལས་ནས་བཀོལ་སྤྱོད་བྱེད་པའི་ཞིང་པ་ཐུན་མོང་ལ་དབང་བའི་ས་ཆ་རྣམས་རྒྱལ་ཁབ་ལ་དབང་བར་བསྒྱུར་རྒྱུ། ཞང(གྲོང་རྡལ)གི་ཁེ་ལས་ནས་རྒྱལ་ཁབ་ཀྱི་འཛུགས་སྐྲུན་ཐད་ས་ཆ་བསྡུ་སྤྱོད་བྱེད་པར་ཞིབ་བཤེར་ཆོག་མཆན་འགོད་པའི་གོ་རིམ་དང་སྐྱིན་གསབ་ཚད་གཞི་ལྟར་བཀོལ་སྤྱོད་བྱེད་པའི་ཞང་(གྲོང་རྡལ)དང་གྲོང་གསེབ་དེ་ཉིན་ཀྱི་ཞིང་པ་ཐུན་མོང་ལ་དབང་བའི་ས་ཆ་མ་ཡིན་པའི་ས་ཆ་དག་རྒྱལ་ཁབ་ལ་དབང་བར་བསྒྱུར་རྒྱུ།

དོན་ཚན་བཅུ་དྲུག་པ། 1962ལོའི་ཟླ9པའི《དོན་ཚན་དྲུག་ཅུ་མ》ཁྱབ་བསྒྲགས་མ་བྱས་སྔོན་ལ། དམངས་ཡོངས་ལ་དབང་བའི་ལམ་ལུགས་ཀྱི་སྡེ་ཚན་དང་། གྲོང་ཁྱེར་གྱི་ཐུན་མོང་ལ་དབང་བའི་ལམ་ལུགས་ཀྱི་སྡེ་ཚན། ཐུན་མོང་ལ་དབང་བའི་ལམ་ལུགས་ཀྱི་ཕྱིར་སྡོད་རང་མིའི་ཞིང་ར་བཅས་ཀྱིས་བཀོལ་སྤྱོད་བྱེད་པའི་དེ་སྔའི་ཞིང་པ་ཐུན་མོང་ལ་དབང་བའི་ས་ཆ(མཉམ་ལས་ཅན་དུ་བསྒྱུར་སྔོན་གྱི་མི་སྒེར་གྱི་ས་ཆ་འདུ)རྣམས་ད་ལྟའི་བར་ཞིང་པ་ཐུན་མོང་ལ་ཕྱིར་མ་སྤྲད་པའི་ས་ཆ་རྣམས་རྒྱལ་ཁབ་ལ་དབང་བ་ཡིན།

《དོན་ཚན་དྲུག་ཅུ་མ》ཁྱབ་བསྒྲགས་བྱས་པ་ནས་བཟུང་སྟེ1982ལོའི་ཟླ5པར་《རྒྱལ་ཁབ་ཀྱི་འཛུགས་སྐྲུན་ཐད་ལ་ས་ཆ་བསྡུ་སྤྱོད་བྱེད་སྐོར་གྱི་སྲོལ་ཡིག》ཁྱབ་བསྒྲགས་བྱེད་བར་དུ། དམངས་ཡོངས་ལ་དབང་བའི་ལམ་ལུགས་ཀྱི་སྡེ་ཚན་དང་། གྲོང་ཁྱེར་ཐུན་མོང་ལ་དབང་བའི་ལམ་ལུགས་ཀྱི་སྡེ་ཚན་ནས་བེད་སྤྱོད་པའི་དེ་སྔའི་ཞིང་པ་ཐུན་མོང་ལ་དབང་བའི་ས་ཆར་གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན་རྒྱལ་ཁབ་ལ་དབང་བ་ཡིན་ཏེ།

1.ས་ཆ་སྤོ་བསྒྱུར་བྱེད་པ་སོགས་ཀྱི་འབྲེལ་ཡོད་ཀྱི་གྲོས་མཐུན་བཞག་ཡོད་རིགས།

2.རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ནས་ཆོག་མཆན་བཀོད་ཏེ་བཀོལ་སྤྱོད་བྱེད་རིགས།

3.སྐྱིན་གསབ་ངེས་ཅན་འཇལ་བའམ་ངལ་རྩོལ་པ་བཀོད་སྒྲིག་བྱས་རིགས།

4.ཞིང་པ་ཐུན་མོང་གི་སྐྱེས་འབུལ་བྱས་པ་དང་ལེན་བྱས་རིགས།

5.དེ་སྔའི་ཐུན་མོང་ལ་དབང་བའི་བཟོ་བཀོད་ཉི་སྒྲུབ་བྱས་རིགས།

6.ཞིང་པ་ཐུན་མོང་ལ་དབང་བའི་ལམ་ལུགས་ཀྱི་ཁེ་ལས་དང་བྱ་ལས་སྡེ་ཚན་དེ་དམངས་ཡོངས་ལ་དབང་བའི་ལམ་ལུགས་སམ་ཡང་ན་གྲོང་ཁྱེར་ཐུན་མོང་ལ་དབང་བའི་ལམ་ལུགས་ཀྱི་སྡེ་ཚན་ལ་བསྒྱུར་རིགས་བཅས་སོ། །

1982ལོའི་ཟླ5པར《རྒྱལ་ཁབ་ཀྱི་འཛུགས་སྐྲུན་ཐད་ས་ཆ་བསྡུ་སྤྱོད་བྱེད་སྐོར་གྱི་སྲོལ་ཡིག》ཁྱབ་བསྒྲགས་བྱས་པ་ནས་བཟུང་སྟེ1987ལོར《ས་ཆ་བདག་སྤྲོད་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》ལག་བསྟར་བྱེད་འགོ་རྩོམ་པའི་བར་དུ། དམངས་ཡོངས་ལ་དབང་བའི་ལམ་ལུགས་ཀྱི་སྡེ་ཚན་དང་གྲོང་ཁྱེར་ཐུན་མོང་ལ་དབང་བའི་ལམ་ལུགས་ཀྱི་སྡེ་ཚན་ནས་གཏན་འབེབས་དང་འགལ་ཏེ་བཀོལ་སྤྱོད་བྱས་པའི་ཞིང་པ་ཐུན་མོང་གི་ས་ཆ་ལ་འབྲེལ་ཡོད་ཀྱི་གཏན་འབེབས་ལྟར་གཙང་བཤེར་ཐག་གཅོད་བྱས་རྗེས་ད་རུང་དམངས་ཡོངས་ལ་དབང་བའི་ལམ་ལུགས་ཀྱི་སྡེ་ཚན་དང་གྲོང་ཁྱེར་ཐུན་མོང་ལ་དབང་བའི་ལམ་ལུགས་ཀྱི་སྡེ་ཚན་ནས་བཀོལ་སྤྱོད་བྱེད་པ་ཡིན་ན། ས་ཆ་དེ་རྒྱལ་ཁབ་ལ་དབང་བ་གཏན་ཁེལ་བྱ་རྒྱུ།

གོང་གི་གནས་ཚུལ་ལ་གཏོགས་རིགས་རྣམས་ཕུད་ས་ཆ་བསྡུ་བའི་འགྲོ་ལུགས་འགྲིམ་མེད་པར་བཀོལ་སྤྱོད་བྱེད་པའི་ཞིང་པ་ཐུན་མོང་གི་ས་ཆ་ལ་རྫོང་རིམ་པ་ཡན་གྱི་ས་གནས་ཀྱི་མི་དམངས་སྲིད་གཞུང་ནས་གནས་ཚུལ་དངོས་ལ་གཞིགས་ནས། སྐབས་དེའི་གཏན་འབེབས་ལྟར་ས་ཆ་བསྡུ་བའི་འགྲོ་ལུགས་རྗེས་འགྲིམ་བྱེད་རྒྱུའམ་ཡང་ན་ས་ཞིང་པ་ཐུན་མོང་ལ་ཕྱིར་སྤྲོད་རྒྱུ། 1987ལོར《ས་ཆ་བདག་སྤྲོད་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》ལག་བསྟར་བྱས་པའི་རྗེས་སུ་ཁྲིམས་ལྟར་བདག་བཟུང་བྱས་པའི་ཞིང་པ་ཐུན་མོང་གི་ས་ཆ་ལ་ངེས་པར་དུ་ཁྲིམས་ལྟར་ཐག་གཅོད་བྱས་རྗེས་ས་ཆའི་བདག་དབང་གཏན་འཁེལ་བྱ་རྒྱུ།

དོན་ཚན་བཅུ་བདུན་པ། སྤྱི་ལོ1986ལོའི་ཟླ3པར་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི《ས་ཆར་དོ་དམ་བྱེད་རྒྱུར་ཤུགས་སྣོན་དང་རྨོ་ཞིང་གང་བྱུང་དུ་བདག་བཟུང་བྱེད་པ་འགོག་སྐོར་གྱི་བརྡ་ཐོ》ཁྱབ་བསྒྲགས་བྱེད་སྔོན་ལ། དམངས་ཡོངས་ལ་དབང་བའི་ལམ་ལུགས་ཀྱི་སྡེ་ཚན་དང་གྲོང་ཁྱེར་ཐུན་མོང་ལ་དབང་བའི་ལམ་ལུགས་ཀྱི་སྡེ་ཚན་ནས་ཞིང་པ་ཐུན་མོང་ལ་དབང་བའི་ས་ཆ་གླས་སྤྱོད་བྱས་པར་འབྲེལ་ཡོད་ཀྱི་གཏན་འབེབས་ལྟར་ཐག་གཅོད་བྱས་རྗེས། རྨོ་འདེབས་བསྐྱར་གསོ་བྱེད་ཐུབ་རིགས་རྣམས་ཞིང་པ་ཐུན་མོང་ལ་ཕྱིར་སྤྲད་དེ་རྨོ་འདེབས་བྱེད་དུ་འཇུག་རྒྱུ་དང་། ས་ཆའི་བདག་དབང་སྔར་བཞིན་ཞིང་པ་ཐུན་མོང་ཡོད་པ་ཡིན། གཏན་ཚུགས་བརྩིགས་བཟོས་སུ་གྱུར་ཡོད་པ་རྣམས་ས་ཆ་སྤྱོད་མཁན་སྡེ་ཚན་ནས་གླས་སྤྱོད་བྱེད་སྐབས་ཀྱི་གཏན་འབེབས་ལྟར་འགྲོ་ལུགསས་རྗེས་འགྲིམ་བྱེད་རྒྱུ་དང་། ས་ཆ་རྒྱལ་ཁབ་ལ་དབང་བ་ཡིན། འབྲེལ་ཡོད་ཀྱི་གཏན་འབེབས་ལྟར་ཐག་གཅོད་བྱས་ཟིན་ཡོད་རིགས་ལ་བཀོད་སྒྲིག་བཏང་པའི་ཐག་གཅོད་ལྟར་ས་ཆའི་བདག་དབང་དང་ས་ཆ་བཀོལ་སྤྱོད་བྱེད་དབང་གཏན་ཁེལ་བྱས་ཆོག

དོན་ཚན་བཅོ་བརྒྱད་པ། ས་ཆའི་བདག་དབང་ཐད་ལ་རྩོད་གཞི་ཡོད་ཅིང་། རྩོད་གཞི་ཡོད་པའི་ས་ཆ་དེ་ཞིང་པ་ཐུན་མོང་ལ་དབང་པ་ཁྲིམས་ལྟར་བདེན་དཔང་བྱེད་མི་ཐུབ་ན། ས་ཆ་དེ་རྒྱལ་ཁབ་ལ་དབང་བ་ཡིན།

3 ལེའུ་གསུམ་པ། ཐུན་མོང་གི་ས་ཆའི་བདག་དབང་སྐོར།

དོན་ཚན་བཅུ་དགུ་པ། ས་ཞིང་བཅོས་བསྒྱུར་བྱེད་སྐབས་ཞིང་བར་བགོས་ཐོག་ས་ཆའི་བདག་དབང་ལག་ཁྱེར་སྤྲད་པའི་ས་ཆ་རྣམས་ཞིང་པ་ཐུན་མོང་ལ་དབང་བ་ཡིན། 《དོན་ཚན་དྲུག་ཅུ་མ》དངོས་སུ་ལག་བསྟར་བྱེད་སྐབས་ཐུན་མོང་ལ་དབང་བ་གཏན་འཁེལ་བྱས་ཟིན་པའི་ས་ཆ་རྣམས་ཞིང་པ་ཐུན་མོང་ལ་དབང་བ་ཡིན། ལེའུ་གཉིས་པའི་ནང་འཁོད་གཏན་འབེབས་ལྟར་རྒྱལ་ཁབ་ལ་དབང་བ་རྣམས་འདིའི་གྲས་སུ་མི་ཚུད།

དོན་ཚན་ཉི་ཤུ་པ། གྲོང་གསེབ་ཀྱི་ཞིང་པ་ཐུན་མོང་ལ་དབང་བའི་ས་ཆར་མིག་སྔར་གྲོང་གསེབ་དེའི་ཞིང་པ་ཐུན་མོང་ནས་དངོས་སུ་བཀོལ་སྤྱོད་བྱེད་པའི་ཐུན་མོང་དེ་གའི་ས་ཆའི་བདག་དབང་གི་དབྱེ་མཚམས་ལྟར་བདག་དབང་གཏན་འཁེལ་བྱ་རྒྱུ།

《དོན་ཚན་དྲུག་ཅུ་མ》རུ་གཏན་འཁེལ་བྱས་པའི་ཞིང་པ་ཐུན་མོང་གི་ས་ཆའི་བདག་དབང་ལ་གཤམ་གསལ་གྱི་རྒྱུ་རྐྱེན་གྱི་དབང་གིས་འགྱུར་ལྡོག་བྱུང་རིགས་ལ། འགྱུར་ལྡོག་བྱུང་རྗེས་ཀྱི་གནས་ཚུལ་ལྟར་ཐུན་མོང་གི་ས་ཆའི་བདག་དབང་གཏན་འཁེལ་བྱ་རྒྱུ།

(གཅིག)གྲོང་གསེབ་དང་། རུ་ཁག ཧྲེ། ར་བ་བཅས་སོགས་ཟླ་སྒྲིལ་བྱས་པའམ་ཡང་ན་ཆ་བགོས་བཏང་བ་སོགས་ཀྱི་དབང་གིས་དོ་དམ་སྒྲིག་གཞིར་འགྱུར་ལྡོག་བྱུང་པས་ས་ཆའི་བདག་དབང་བསྒྱུར་དགོས་བྱུང་རིགས།

(གཉིས)ས་ཆ་གསར་སྦོལ་དང་། རྒྱལ་ཁབ་ནས་ས་ཆ་བསྡུས་པ། ཐུན་མོང་ནས་ཁེ་ལས་དང་བྱ་ལས་གསར་འཛུགས་སམ་ཡང་ན་རང་བྱུང་གནོད་འཚེ་བྱུང་བ་བཅས་ལ་སོགས་པའི་རྒྱུ་རྐྱེན་གྱི་དབང་གིས་ས་ཆར་ལེགས་སྒྲིག་བྱས་མྱོང་རིགས།

(གསུམ)ཞིང་སར་གཞི་རྩའི་འཛུགས་སྐྲུན་དང་སྲིད་འཛིན་ས་ཁོངས་ལ་དབྱེ་མཚམས་ཕྱེས་པར་བྱུང་རྐྱེན་ས་ཆའི་བདག་དབང་གི་དབྱེ་མཚམས་ཡང་བསྐྱར་དབྱེ་རིགས། སྲིད་འཛིན་ས་ཁོངས་ལ་དབྱེ་མཚམས་ཕྱེས་པར་འགྱུར་ལྡོག་བྱུང་བ་དེ་ས་ཆའི་བདག་ཁོངས་བསྒྱུར་རྒྱུ་དང་འབྲེལ་བ་མེད་ན། དེ་སྔའི་ས་ཆའི་བདག་ཁོངས་མི་འགྱུར།

དོན་ཚན་ཉེར་གཅིག་པ། ཞིང་པ་ཐུན་མོང་ནས་ཞིང་པ་ཐུན་མོང་གཞན་དག་ལ་དབང་བའི་ས་ཆ་བསྟུད་མར་བཀོལ་སྤྱོད་བྱས་ནས་ལོ་ཉི་ཤུ་གང་ཡོད་རིགས་ལ་ས་ཆ་དེ་ད་ལྟའི་བཀོལ་སྤྱོད་བྱེད་མཁན་ལ་དབང་བར་བརྩི་རྒྱུ་དང་། བསྟུད་མར་བཀོལ་སྤྱོད་བྱས་ཡུན་ལོ་ཉི་ཤུར་ཐོན་མེད་པའམ་ཡང་ན་ལོ་ཉི་ཤུ་གང་ཡོད་མོད། འོན་ཀྱང་ལོ་ཉི་ཤུ་གང་སྔོན་ལ་བདག་དབང་འཛིན་མཁན་ནས་ད་ལྟའི་བཀོལ་སྤྱོད་བྱེད་མཁན་ནམ་ཡང་ན་འབྲེལ་ཡོད་སྡེ་ཁག་ལ་ཕྱིར་སྤྲོད་དགོས་པའི་རེ་བ་བཏོན་མྱོང་ན། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ནས་གནས་ཚུལ་དངོས་ལ་གཞིགས་ནས་ས་ཆའི་བདག་དབང་གཏན་འཁེལ་བྱ་རྒྱུ།

དོན་ཚན་ཉེར་གཉིས་པ། ཞང(གྲོང་རྡལ)ངམ་གྲོང་གསེབ་ནས་ཐུན་མོང་ལ་དབང་བའི་ས་ཆའི་ཐོག་བཟོ་བཀོད་བྱས་ཐོག་དོ་དམ་བྱེད་པའི་གཞུང་ལམ་དང་ཆུ་བེད་སྒྲིག་བཀོད་ཐད་ལ་སྤྱད་པའི་ས་ཆ་དེ་སོ་སོར་ཞང(གྲོང་རྡལ)ངམ་གྲོང་གསེབ་ཀྱི་ཞིང་པ་ཐུན་མོང་ལ་དབང་བ་ཡིན།

དོན་ཚན་ཉེར་གསུམ་པ། ཞང(གྲོང་རྡལ)ངམ་གྲོང་གསེབ་ཀྱིས་གཉེར་བའི་ཁེ་ལས་བྱ་ལས་སྡེ་ཚན་ནས་བཀོལ་སྤྱོད་བྱེད་པའི་ཐུན་མོང་གི་ས་ཆ་དེ《དོན་ཚན་དྲུག་ཅུ་མ》ཁྱབ་བསྒྲགས་བྱེད་སྔོན་ལ་བཀོལ་སྤྱོད་བྱས་པ་ཡིན་ན། ས་ཆ་དེ་སོ་སོར་ཞང(གྲོང་རྡལ)ངམ་གྲོང་གསེབ་ཀྱི་ཞིང་པ་ཐུན་མོང་ལ་དབང་བ་ཡིན། 《དོན་ཚན་དྲུག་ཅུ་མ》ཁྱབ་བསྒྲགས་བྱས་སྐབས་ནས་བཟུང་སྟེ1982ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས《གྲོང་རྡལ་གྱི་ཁང་པ་རྒྱག་ཐད་ལ་མཁོ་པའི་ས་ཆར་དོ་དམ་བྱེད་སྐོར་གྱི་སྲོལ་ཡིག》ཁྱབ་བསྒྲགས་བྱེད་པའི་བར་བཀོལ་སྤྱོད་བྱས་པའི་ཐུན་མོང་གི་ས་ཆ་དེར་གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན།

སོ་སོར་ཞང(གྲོང་རྡལ)དེ་གའམ་ཡང་ན་གྲོང་གསེབ་ཀྱི་ཞིང་པ་ཐུན་མོང་ལ་དབང་བ་ཡིན་ཏེ།

1.ས་ཆ་སྤྱོད་པའི་གྲོས་མཐུན་བཞག་ཡོད་རིགས་དང་། (བོགས་མར་བཏང་བའམ་གཞན་ལ་གཡར་བ་མི་འདུ།)

2.རྫོང་དང་། ཞང(ཀུང་ཧྲེ)།གྲོང་སྡེ(རུ་ཆེན)བཅས་ནས་ཆོག་མཆན་བཀོད་པའམ་ཡང་ན་མོས་མཐུན་བྱུང་ཐོག་ས་ཆ་ལེགས་སྒྲིག་འོས་འཚམ་བྱས་པའམ་ཡང་ན་སྐྱིན་གསབ་ངེས་ཅན་བྱས་རིགས།

3.ཁང་པ་ཉོ་སྒྲུབ་བྱེད་པར་བརྟེན་ནས་ཐོབ་རིགས།

4.དེ་སྔའི་ཐུན་མོང་གི་ཁེ་ལས་དང་བྱ་ལས་སྡེ་ཚན་གྱི་སྒྲིག་གཞི་ཆོག་མཆན་སྤྲད་རྗེས་བསྒྱུར་བའི་རིགས་བཅས་སོ། །

1982ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི《གྲོང་རྡལ་གྱི་ཁང་པ་རྒྱག་ཐད་ལ་སྤྱོད་པའི་ས་ཆར་དོ་དམ་བྱེད་སྐོར་གྱི་སྲོལ་ཡིག》ཁྱབ་བསྒྲགས་བྱས་པ་ནས་བཟུང་སྟེ་1987ལོར་《ས་ཆ་བདག་སྤྲོད་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་》ལག་བསྟར་བྱེད་འགོ་བརྩམས་པའི་བར་ལ་ཞང(གྲོང་རྡལ)དང་གྲོང་གསེབ་ཀྱིས་གཉེར་བའི་ཁེ་ལས་དང་བྱ་ལས་སྡེ་ཚན་ནས་གཏན་ཁེལ་དང་འགལ་ནས་བྱེད་སྤྱོད་བྱས་པའི་ཐུན་མོང་གི་ས་ཆར་འབྲེལ་ཡོད་ཀྱི་གཏན་འབེབས་ལྟར་གཙང་བཤེར་བྱས་ཏེ་ཐག་གཅོད་བྱས་རྗེས། ཞང(གྲོང་རྡལ)དང་གྲོང་གསེབ་ཀྱི་ཐུན་མོང་སྡེ་ཚན་ནས་མུ་མཐུད་དེ་བཀོལ་སྤྱོད་བྱེད་པ་དེ་ཞང(གྲོང་རྡལ)དང་གྲོང་གསེབ་ཐུན་མོང་དེ་གར་དབང་བ་གཏན་འཁེལ་བྱས་ཆོག

ཞང(གྲོང་རྡལ)དང་གྲོང་གསེབ་ཀྱིས་གཉེར་བའི་ཁེ་ལས་དང་བྱ་ལས་སྡེ་ཚན་ནས་གོང་གསལ་གྱི་དོན་ཚན་མ་ཚུད་པའི་བྱེད་ཐབས་སྤྱད་དེ་ཐུན་མོང་གི་ས་ཆ་བདག་བཟུང་བྱེད་པའམ་ཡང་ན་གོང་གསལ་གྱི་བྱེད་ཐབས་སྤྱད་མོད་ཀྱང་། མིག་སྔར་ས་ཆ་བཀོལ་སྤྱོད་བྱས་པ་ལུགས་མཐུན་མིན་རིགས་ཏེ། དཔེར་ན་ས་རྒོད་དུ་བཞག་པ་དང་བེད་མེད་དུ་སྐྱུར་བ་སོགས་ལ་ས་ཆ་ཡོངས་རྫོགས་སམ་ཡང་ན་ཆ་ཤས་དེ་སྔའི་གྲོང་གསེབ་བམ་ཞིང་པ་ཐུན་མོང་ལ་ཕྱིར་སྤྲོད་རྒྱུའམ་ཡང་ན་འབྲེལ་ཡོད་ཀྱི་གཏན་འབེབས་ལྟར་ཐག་གཅོད་རྒྱུ། 1987ལོར་《ས་ཆ་བདག་སྤྲོད་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》ལག་བསྟར་བྱས་རྗེས་སུ་ཁྲིམས་འགལ་གྱིས་བདག་བཟུང་བྱས་པའི་ས་ཆར་ངེས་པར་དུ་ཁྲིམས་ལྟར་ཐག་གཅོད་བྱས་རྗེས་བདག་དབང་གཏན་འཁེལ་བྱ་རྒྱུ།

དོན་ཚན་ཉེར་བཞི་པ། ཞང(གྲོང་རྡལ)གི་ཁེ་ལས་ནས་ཞང(གྲོང་རྡལ)དང་གྲོང་གསེབ་རང་གི་ཐུན་མོང་ལ་དབང་བའི་ས་ཆ་བཀོལ་སྤྱོད་བྱས་པར་འབྲེལ་ཡོད་ཀྱི་གཏན་འབེབས་ལྟར་སྐྱིན་གསབ་འཇལ་རྒྱུ་དང་བཀོད་སྒྲིག་བཏང་པར། ས་ཆའི་བདག་དབང་ཞང(གྲོང་རྡལ)གི་ཞིང་པ་ཐུན་མོང་ལ་དབང་བར་བསྒྱུར་རྒྱུ། ཁྲིམས་ལྟར་ཆོག་མཆན་བཀོད་པའི་ཞང(གྲོང་རྡལ)དང་གྲོང་གསེབ་ཀྱི་སྤྱི་བའི་སྒྲིག་བཀོད་དང་སྤྱི་ཕན་ལས་དོན་ཐད་སྤྱོད་རྒྱུའི་ཞིང་པ་ཐུན་མོང་གི་ས་ཆ་དེ་སོ་སོར་ཞང(གྲོང་རྡལ)དང་གྲོང་གསེབ་ཀྱི་ཞིང་པ་ཐུན་མོང་ལ་དབང་བ་ཡིན།

དོན་ཚན་ཉེར་ལྔ་པ། ཞིང་པ་ཐུན་མོང་ནས་ཁྲིམས་ལྟར་ཆོག་མཆན་བཀོད་རྗེས་ས་ཆ་བཀོལ་སྤྱོད་བྱེད་དབང་དེ་མཉམ་གཉེར་གྱི་ཆ་རྐྱེན་དུ་བརྩིས་ཏེ་གཞན་པའི་སྡེ་ཚན་ནམ་ཡང་ན་མི་སྒེར་དང་མཉམ་གཉེར་གྱི་ཁེ་ལས་འཛུགས་རིགས་སམ་ཡང་ན་ཞིང་པ་ཐུན་མོང་ནས་ཁྲིམས་ལྟར་ཆོག་མཆན་བཀོད་རྗེས་ཐུན་མོང་ལ་དབང་བའི་ས་ཆ་བཀོལ་སྤྱོད་བྱེད་དབང་ལ་གོང་ཐག་བཅད་དེ་མ་རྐང་དུ་བཞག་ནས་ཕྱི་རྒྱལ་གྱིས་མ་དངུལ་བཏང་བའི་ཁེ་ལས་དང་ནང་འབྲེལ་གྱི་ཞང་དང་གྲོང་རྡལ་གྱི་ཁེ་ལས་འཛུགས་པར་དེའི་ཐུན་མོང་ལ་དབང་བའི་ས་ཆའི་བདག་དབང་མི་འགྱུར་བ་ཡིན།

4 ལེའུ་བཞི་པ། རྒྱལ་ཁབ་ལ་དབང་བའི་ས་ཆ་བཀོལ་སྤྱོད་བྱེད་དབང་སྐོར།

དོན་ཚན་ཉེར་དྲུག་པ། ས་ཆ་བཀོལ་སྤྱོད་བྱེད་དབང་དེ་ཐད་ཀར་དུ་ས་ཆ་བཀོལ་སྤྱོད་བྱེད་ཅིང་ཁྲིམས་མིའི་ཐོབ་ཐང་ལྡན་པའི་སྡེ་ཚན་ནམ་མི་སྒེར་ལ་གཏན་འཁེལ་བྱ་རྒྱུ། ཡིན་ནའང་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྲིད་ཇུས་བཅས་དང་བྱེད་ཐབས་འདིར་གཞན་པའི་གཏན་ཁེལ་ཡོད་པ་ཕུད།

དོན་ཚན་ཉེར་བདུན་པ། ས་ཆ་བཀོལ་སྤྱོད་བྱེད་མཁན་ནས་རྒྱལ་ཁབ་ཀྱིས་ཁྲིམས་ལྟར་གཏོང་སྤྲོད་བྱས་པ་དང་། ནང་བཤུག་བཏང་བའམ་བཅིངས་གྲོལ་བྱས་པའི་དུས་འགོར་བླངས་པ་དང་། མུ་མཐུད་དེ་བེད་སྤྱོད་བྱས་པ་དང་། ཡང་ན་ཁྲིམས་ལྟར་ས་ཆའི་ཐོག་གི་བཟོ་བཀོད་དངོས་རིགས་བཤུག་སྤྲོད་དང་། ཤུལ་འཛིན། དང་ལེན་བཅས་བྱེད་པའི་ཐབས་ཚུལ་ལ་བརྟེན་ནས་རྒྱལ་ཁབ་ལ་དབང་བའི་ས་ཆ་བཀོལ་སྤྱོད་བྱེད་པ་ཡིན་ན། དེར་རྒྱལ་ཁབ་འ་དབང་བའི་ས་ཆ་བཀོལ་སྤྱོད་བྱེད་དབང་གཏན་འཁེལ་བྱས་ཆོག

དོན་ཚན་ཉེར་བརྒྱད་པ། ས་ཞིང་སྤྱི་ལ་དབང་བའི་ལམ་ལུགས་ཀྱི་སྔོན་ལ། ཁང་པ་དང་ས་ཆ་ཉོ་སྒྲུབ་བྱེད་པ་དང་བོགས་མར་གཏོང་ལེན་གྱི་ཐབས་ཚུལ་ལ་བརྟེན་ནས་སྒེར་ལ་དབང་བའི་ས་ཆ་བཀོལ་སྤྱོད་བྱེད་པ་དང་། ས་ཆ་རྒྱལ་ཁབ་ལ་དབང་བར་བསྒྱུར་རྗེས་ད་ལྟའི་བར་མུ་མཐུད་དེ་བཀོལ་སྤྱོད་བྱས་པར་ད་ལྟའི་བཀོལ་སྤྱོད་བྱེད་མཁན་གྱི་རྒྱལ་ཁབ་ལ་དབང་བའི་ས་ཆ་བཀོལ་སྤྱོད་བྱེད་དབང་གཏན་འཁེལ་བྱས་ཆོག

དོན་ཚན་ཉེར་དགུ་པ། དེ་སྔའི་ཁང་པ་བཤིག་པ་དང་བསྐྱར་བཟོ་བྱེད་པའམ་རང་ཤུགས་ཀྱིས་རྡིབ་པ་བཅས་སོགས་ཀྱི་རྒྱུ་རྐྱེན་གྱི་དབང་གིས་དོན་ངོ་མས་ས་ཆ་བཀོལ་སྤྱོད་བྱེད་མཁན་བསྒྱུར་ཡོད་ཟིན་ན། ཁྲིམས་ལྟར་ཞིབ་བཤེར་ཆོག་མཆན་སྤྲད་རྗེས། ས་ཆ་བཀོལ་སྤྱོད་བྱེད་དབང་དོན་ངོ་མས་ས་ཆ་བཀོལ་སྤྱོད་བྱེད་མཁན་ལ་གཏན་འཁེལ་བྱེད་རྒྱུ། ས་སྟོང་དང་ཁང་པ་རྡིབ་པའམ་ཡང་ན་ཁང་པ་བཤིག་རྗེས་ལོ་གཉིས་ཡན་འགྱངས་རུང་ད་དུང་བཀོལ་སྤྱོད་བྱེད་པའི་ས་ཆ་བསྐྱར་གསོ་མ་བྱས་ན། ས་དེ་གའི་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ནས་ས་ཆ་བཀོལ་སྤྱོད་བྱེད་དབང་ཕྱིར་བསྡུ་རྒྱུ།

དོན་ཚན་སུམ་ཅུ་པ། དེ་སྔའི་ཆོས་ལུགས་ཚོགས་པ་དང་དགོན་པའི་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་བར་མཁོ་བའི་ས་ཆ་དེ་སྡེ་ཚན་གཞན་པའི་བདག་བཟུང་བྱས་ཤིང་། དེ་སྔའི་བཀོལ་སྤྱོད་བྱེད་མཁན་སྡེ་ཚན་ནས་ཆོས་ལུགས་ཀྱི་བྱེད་སྒོ་སླར་གསོ་བྱས་རྐྱེན་ཕྱིར་སློག་ནས་བཀོལ་སྤྱོད་བྱེད་དགོས་བྱུང་རིགས་དེ་འབྲེལ་ཡོད་ཀྱི་གཏན་འབྲེལ་ཡོད་ཀྱི་གཏན་འབེབས་ལྟར་ཕྱིར་སློག་དགོས་རྒྱུ། དངོས་གནས་ཕྱིར་སློག་ཐབས་མེད་པའམ་ཡང་ན་ས་ཆ་བཀོལ་སྤྱོད་བྱེད་དབང་ལ་རྩོད་གཞི་ཡོད་ན། གྲོས་མོལ་གྱིས་ཐག་གཅོད་བྱས་པའི་རྗེས་སུ་ས་ཆ་བཀོལ་སྤྱོད་བྱེད་དབང་གཏན་འཁེལ་བྱེད་རྒྱུ།

དོན་ཚན་སོ་གཅིག་པ། དམག་དོན་སྒྲིག་བཀོད་ལ་མཁོ་བའི་ས་ཆར(དབེན་ར་དང་། ཚོད་ལྟ་བྱེད་ས། སྦྱོང་བརྡར་བྱེད་ས་བཅས་འདུ)བཅིངས་གྲོལ་བྱས་པའི་དུས་འགོར་ས་ཆ་རྩིས་ལེན་བྱས་པའི་ཡིག་ཆ་དང་མི་དམངས་སྲིད་གཞུང་ནས་ཆོག་མཆན་བཀོད་དེ་བསྡུ་སྤྱོད་བྱས་པའམ་ཡང་ན་ས་ཆ་གཏོང་སྤྲོད་བྱས་སྐོར་གྱི་ཡིག་ཆ་བཅས་ལྟར་ས་ཆ་བཀོལ་སྤྱོད་བྱེད་དབང་གཏན་འཁེལ་བྱེད་རྒྱུ། ས་ཆ་བཀོལ་སྤྱོད་བྱེད་དབང་ཐད་ལ་རྩོད་གཞི་ཡོད་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་ཨུའི་འབྲེལ་ཡོད་ཀྱི་ཡིག་ཆའི་གཏན་འབེབས་ལྟར་སླར་ཡང་ས་ཆ་བཀོལ་སྤྱོད་བྱེད་དབང་གཏན་འཁེལ་བྱེད་རྒྱུ།

རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་ཏེ་སོར་ཉར་རམ་ཡང་ན་ས་གནས་ཀྱིས་ཚབ་བྱས་དོ་དམ་བྱེད་པའི་དམག་དོན་སྒྲིག་བཀོད་ལ་མཁོ་བའི་ས་ཆ་བཀོལ་སྤྱོད་བྱེད་དབང་དམག་དཔུང་ལ་གཏན་འཁེལ་བྱས་ཤིང་། ད་ལྟ་སྡེ་ཚན་གཞན་པས་བཀོལ་སྤྱོད་བྱེད་པ་ཡིན་ན། འབྲེལ་ཡོད་ཀྱི་གཏན་འབེབས་ལྟར་གཞན་སྤྱོད་ཁེ་དབང་ཡིན་པར་གཏན་འཁེལ་བྱ་རྒྱུ།

རྒྱལ་ཁབ་ནས་ཆོག་མཆན་བཀོད་དེ་མེད་པར་བཟོས་པའི་དམག་དོན་སྒྲིག་བཀོད་ཐད་ལ་བཀོལ་བའི་ས་ཆ་ཡི་ས་ཆ་བཀོལ་སྤྱོད་བྱེད་དབང་དེ་འབྲེལ་ཡོད་ཀྱི་གཏན་འབེབས་ལྟར་ས་དེ་གའི་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ནས་ཕྱིར་བསྡུས་ཐོག་བཀོལ་སྤྱོད་བྱེད་དབང་ཡང་བསྐྱར་གཏན་འཁེལ་བྱེད་རྒྱུ།

དོན་ཚན་སོ་གཉིས་པ། ཁྲིམས་ལྟར་རྩིས་ལེན་དང་བསྡུ་སྤྱོད། གཏོང་སྤྲོད་བཅས་བྱས་པའི་ལྕགས་ལམ་གྱི་ལམ་ཐིག་ལ་མཁོ་བའི་ས་ཆ་དང་ལྕགས་ལམ་གྱི་སྒྲིག་བཀོད་ལ་མཁོ་བའི་ས་ཆ་གཞན་དག་སོགས་ད་ལྟ་ད་དུང་ལྕགས་ལམ་སྡེ་ཚན་ནས་བཀོལ་སྤྱོད་བྱེད་པ་ཡིན་ན། ས་ཆ་བཀོལ་སྤྱོད་བྱེད་དབང་དེ་ལྕགས་ལམ་སྡེ་ཚན་ལ་གཏན་འཁེལ་བྱེད་རྒྱུ། ལྕགས་ལམ་ལམ་ཐིག་གི་ལོགས་གཉིས་ཀྱི་ཁྲིམས་ལྟར་བཀོལ་སྤྱོད་བྱེད་དབང་ཐོབ་པའི་སྲུང་སྐྱོང་ལ་མཁོ་བའི་ས་ཆ་བེད་སྤྱོད་བྱེད་དབང་ལྕགས་ལམ་སྡེ་ཚན་ལ་གཏན་འཁེལ་བྱེད་རྒྱུ།

དོན་ཚན་སོ་གསུམ་པ། རྒྱལ་ཁབ་ཀྱི་ཆུ་བེད་དང་གཞུང་ལམ་སྒྲིག་བཀོད་ལ་མཁོ་བའི་ས་ཆ་ལ་བསྡུ་སྤྱོད་དང་གཏོང་སྤྲོད་བྱས་པའི་ཡིག་ཆ་དང་། འབྲེལ་ཡོད་ཀྱི་བཅའ་ཁྲིམས། ཁྲིམས་སྲོལ་བཅས་ལྟར་ས་ཆའི་དབྱེ་མཚམས་འབྱེད་རྒྱུ།

དོན་ཚན་སོ་བཞི་པ། བཅའ་སྡོད་ལས་ཁུངས་དང་། ཁེ་ལས་དང་བྱ་ལས་སྡེ་ཚན་ནང་ཁོངས་ཀྱི་ཞབས་ཞུའི་རང་བཞིན་གྱི་སྡེ་ཚན་ནས་རྒྱལ་ཁབ་ཀྱིས་ཆོག་མཆན་བཀོད་རྗེས་ས་ཆ་བཀོལ་སྤྱོད་བྱེད་པར། ས་ཆར་དོ་དམ་བྱེད་པའི་སྡེ་ཁག་དང་བཅའ་སྡོད་སྡེ་ཚན་ནས་ས་ཆའི་སྤྱོད་སྒོ་དང་ཚོད་འཛིན་གྱི་ཆ་རྐྱེན་གཞན་དག་གཏན་འཁེལ་བྱས་རྗེས། སོ་སོ་བྱས་ཏེ་དོན་ངོ་མས་ས་ཆ་བཀོལ་སྤྱོད་བྱེད་མཁན་གྱི་ས་ཆ་བཀོལ་སྤྱོད་བྱེད་དབང་གཏན་འཁེལ་བྱ་དགོས། ཡིན་ནའང་ཁང་པ་གླས་སྤྱོད་བྱས་རིགས་ཕུད།

དོན་ཚན་སོ་ལྔ་བ། དེ་སྔར་ལྕགས་ལམ་དང་། གཞུང་ལམ། ཆུ་བེད། གློག་ཤུགས། དམག་དཔུང་བཅས་དང་དེ་མིན་སྡེ་ཚན་གཞན་པ་དང་མི་སྒེར་ནས་བཀོལ་སྤྱོད་བྱེད་པའི་ས་ཆ་དེ1982ལོའི་ཟླ5བར་《རྒྱལ་ཁབ་ཀྱི་འཛུགས་སྐྲུན་ཐད་ས་ཆ་བསྡུ་སྤྱོད་བྱེད་སྐོར་གྱི་སྲོལ་ཡིག》ཁྱབ་བསྒྲགས་བྱེད་སྔོན་དུ་སྡེ་ཚན་གཞན་པའམ་ཡང་ན་མི་སྒེར་གྱིས་བཀོལ་སྤྱོད་བྱེད་པར་བསྒྱུར་རིགས་རྣམས། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་སྲིད་ཇུས་ལྟར་ཕྱིར་སློག་དགོས་པ་ལས་གཞན། དེའི་རྒྱལ་ཁབ་ལ་དབང་བའི་ས་ཆ་བཀོལ་སྤྱོད་བྱེད་དབང་དོན་ངོ་མས་ས་ཆ་བཀོལ་སྤྱོད་བྱེད་མཁན་ལ་གཏན་འཁེལ་བྱས་ཆོག ཡིན་ནའང་གོང་གསལ་སྡེ་ཁག་གི་སྒྲིག་བཀོད་བདེ་འཇགས་ཡོང་བ་དང་རྒྱུན་ལྡན་ངང་བཀོལ་སྤྱོད་བྱེད་པར་ཤུགས་རྐྱེན་ཚབས་ཆེན་ཡོད་ན། ས་ཆ་བཀོལ་སྤྱོད་བྱེད་དབང་གནས་སྐབས་སུ་གཏན་འཁེལ་མི་བྱེད་པར་འབྲེལ་ཡོད་ཀྱི་གཏན་འབེབས་ལྟར་ཐག་གཅོད་བྱས་རྗེས། སླར་ཡང་ས་ཆ་བཀོལ་སྤྱོད་བྱེད་དབང་གཏན་འཁེལ་བྱེད་རྒྱུ། 1982ལོའི་ཟླ5པའི་རྗེས་སུ་ཁྲིམས་འགལ་སྒོས་བཤུག་སྤྲོད་བྱས་རིགས་ལ་ཁྲིམས་ལྟར་ཐག་གཅོད་བྱས་རྗེས་སླར་ཡང་ས་ཆ་བཀོལ་སྤྱོད་བྱེད་དབང་གཏན་འཁེལ་བྱེད་རྒྱུ།

དོན་ཚན་སོ་དྲུག་པ། ཞིང་པ་ཐུན་མོང་ནས་བཀོལ་སྤྱོད་བྱེད་པའི་རྒྱལ་ཁབ་ལ་དབང་བའི་ས་ཆ་བཀོལ་སྤྱོད་བྱེད་དབང་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་གཙོ་སྐྱོང་དེ་ཁག་གིས་ཆོག་མཆན་བཀོད་པ་དང་གཏོང་སྤྲོད་བྱས་སྐོར་གྱི་ཡིག་ཆ་ལྟར་གཏན་འཁེལ་བྱེད་རྒྱུ་དང་།

ཆོག་མཆན་བཀོད་པ་དང་གཏོང་སྤྲོད་བྱས་སྐོར་གྱི་ཡིག་ཆ་མེད་ན། སྐབས་དེའི་གཏན་ཁེལ་ལྟར་འགྲོ་ལུགས་རྗེས་འགྲིམ་བྱས་རྗེས། བཀོལ་སྤྱོད་བྱེད་པའི་གནས་ཚུལ་ལྟར་གཏན་འཁེལ་བྱེད་རྒྱུ། སྔར་བཀོལ་སྤྱོད་བྱེད་དབང་ལ་དབྱེ་མཚམས་གསལ་བོ་ཕྱེས་མེད་པར་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ནས་ས་ཆ་དོན་ངོ་མས་བཀོལ་སྤྱོད་བྱེད་པའི་གནས་ཚུལ་ལ་གཞིགས་ནས་བཀོལ་སྤྱོད་བྱེད་དབང་གཏན་འཁེལ་བྱེད་རྒྱུ།

དོན་ཚན་སོ་བདུན་པ། གཏན་འབེབས་བྱས་པའི་སྤྱོད་སྒོ་ལྟར་རྒྱལ་ཁབ་ལ་དབང་བའི་ས་ཆ་བཀོལ་སྤྱོད་མ་བྱས་པར་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ནས་ས་ཆ་ཕྱིར་བསྡུས་ཏེ་ཡང་བསྐྱར་བཀོལ་སྒྲིག་བྱ་རྒྱུའམ་ཡང་ན་འབྲེལ་ཡོད་ཀྱི་གཏན་འབེབས་ལྟར་ཐག་གཅོད་བྱས་རྗེས་ས་ཆ་བཀོལ་སྤྱོད་བྱེད་དབང་གཏན་འཁེལ་བྱེད་རྒྱུ།

དོན་ཚན་སོ་བརྒྱད་པ། 1987ལོས་ཟླ1པོར《ས་ཆ་བདག་སྤྲོད་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》ལག་བསྟར་བྱེད་སྔོན་ལ་ཡང་བསྐྱར་གཏོང་སྤྲོད་དམ་བསྡུ་སྤྱོད་བྱས་པའི་ས་ཆའི་མིག་སྔར་དོན་ངོ་མས་བཀོལ་སྤྱོད་བྱེད་པའི་གནས་ཚུལ་ལམ་ཡང་ན་མཇུག་མཐར་གཏོང་སྤྲོད་དམ་བསྡུ་སྤྱོད་ཐེངས་གཅིག་བྱས་པའི་ཡིག་ཆ་ལྟར་ས་ཆ་བཀོལ་སྤྱོད་བྱེད་དབང་གཏན་འཁེལ་བྱེད་རྒྱུ།

དོན་ཚན་སོ་དགུ་པ། ས་ཆ་བཀོལ་སྤྱོད་བྱེད་དབང་ཆ་རྐྱེན་དུ་བརྩིས་ཏེ་སྡེ་ཚན་གཞན་པའམ་མི་སྒེར་དང་མཉམ་དུ་ཁང་པ་བརྒྱབ་པར། ཆོག་མཆན་བཀོད་པའི་ཡིག་ཆ་དང་གྲོས་དོན་ནམ་ཡང་ན་མ་དངུལ་བཏང་བའི་གྲངས་འབོར་ལྟར་ས་ཆ་བཀོལ་སྤྱོད་བྱེད་དབང་གཏན་འཁེལ་བྱེད་རྒྱུ། ཡིན་ནའང1982ལོར《རྒྱལ་ཁབ་ཀྱི་འཛུགས་སྐྲུན་ཐད་ས་ཆ་བསྡུ་སྤྱོད་བྱེད་སྐོར་གྱི་སྲོལ་ཡིག》ཁྱབ་བསྒྲགས་བྱས་རྗེས་སུ་མཉམ་དུ་བཟོས་པ་ཡིན་ན། ཁྲིམས་ལྟར་ས་ཆ་བཤུག་སྤྲོད་བྱས་པའི་འགྲོ་ལུགས་འགྲིམ་རྗེས་སླར་ཡང་ས་ཆ་བཀོལ་སྤྱོད་བྱེད་དབང་གཏན་འཁེལ་བྱེད་རྒྱུ།

དོན་ཚན་བཞི་ཅུ་པ། ནང་བཤུག་གཏོང་ཐབས་ལ་བརྟེན་ནས་ཐོབ་པའི་ས་ཆ་བཀོལ་སྤྱོད་བྱེད་དབང་ངམ་ཡང་ན་གཏོང་སྤྲོད་བྱེད་ཐབས་ལ་བརྟེན་ནས་ཐོབ་པའི་ས་ཆ་བཀོལ་སྤྱོད་བྱེད་དབང་ལ་ནང་བཤུག་གཏོང་པའི་འགྲོ་ལུགས་རྗེས་འགྲིམས་བྱས་རྗེས་མ་དངུལ་དུ་བརྩིས་ཏེ་མ་རྐང་དུ་བཞག་རིགས་ལ། ས་ཆ་བཀོལ་སྤྱོད་བྱེད་དབང་མ་རྐང་ལམ་ལུགས་ཀྱི་ཁེ་ལས་ལ་གཏན་འཁེལ་བྱེད་རྒྱུ།

རྒྱལ་ཁབ་ནས་ས་ཆ་བཀོལ་སྤྱོད་བྱེད་དབང་ལ་གོང་ཐག་བཅད་དེ་མ་རྐང་དུ་བཞག་པར་ས་ཆ་བཀོལ་སྤྱོད་བྱེད་དབང་མ་རྐང་ལམ་ལུགས་ཀྱི་ཁེ་ལས་ལ་གཏན་འཁེལ་བྱེད་རྒྱུ།

རྒྱལ་ཁབ་ནས་ས་ཆ་བཀོལ་སྤྱོད་བྱེད་དབང་མ་རྐང་ལམ་ལུགས་ཀྱི་ཁེ་ལས་ལ་བོགས་མར་བཏང་ཚེ། ས་ཆ་བཀོལ་སྤྱོད་བྱེད་དབང་མ་རྐང་ལམ་ལུགས་ཀྱི་ཁེ་ལས་ལ་གཏན་འཁེལ་བྱེད་རྒྱུ། ཁེ་ལས་ནས་ནང་བཤུག་གཏོང་ཐབས་ལ་བརྟེན་ནས་ཐོབ་པའི་ས་ཆ་བཀོལ་སྤྱོད་བྱེད་དབང་ངམ་ཡང་ན་གཏོང་སྤྲོད་ཀྱི་ཐབས་ལ་བརྟེན་ནས་ཐོབ་པའི་ས་ཆ་བཀོལ་སྤྱོད་བྱེད་དབང་ལ་ནང་བཤུག་གཏོང་བའི་འགྲོ་ལུགས་རྗེས་འགྲིམ་བྱས་རྗེས། མ་རྐང་ལམ་ལུགས་ཀྱི་ཁེ་ལས་བོགས་མར་བཏང་རིགས་ཀྱི་ས་ཆ་བཀོལ་སྤྱོད་བྱེད་དབང་མི་འགྱུར་རྒྱུ།

དོན་ཚན་ཞེ་གཅིག་པ། ཁེ་ལས་ནས་ནང་བཤུག་གཏོང་ཐབས་ལ་བརྟེན་ནས་ཐོབ་པའི་ས་ཆ་བཀོལ་སྤྱོད་བྱེད་དབང་དེ་ཁེ་ལས་མ་རྩ་སྟོངས་རྗེས། ཁྲིམས་ལྟར་བཀོད་སྒྲིག་བཏང་སྟེ་བཤུག་ལེན་བྱེད་མཁན་གསར་བ་ལ་གཏན་འཁེལ་བྱེད་རྒྱུ་དང་། ཁེ་ལས་ནས་གཏོང་སྤྲོད་ཀྱི་ཐབས་ལ་བརྟེན་ནས་ཐོབ་པའི་ས་ཆ་བཀོལ་སྤྱོད་བྱེད་དབང་ལ་ཁེ་ལས་མ་རྩ་སྟོངས་སྐབས། དེའི་ས་ཆ་བཀོལ་སྤྱོད་བྱེད་དབང་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཚུར་བསྡུས་རྗེས། འབྲེལ་ཡོད་ཀྱི་གཏན་འབེབས་ལྟར་བཀོད་སྒྲིག་གཏོང་རྒྱུ།

དོན་ཚན་ཞེ་གཉིས་པ། ཁྲིམས་མི་བར་ཟླ་སྒྲིལ་བྱས་རྗེས་ཁྲིམས་ལྟར་རིན་དོད་ཡོད་པར་ས་ཆ་བཀོལ་སྤྱོད་བྱེད་དབང་འཐོབ་དགོས་རིགས་ལ། དེ་སྔའི་ས་ཆ་བཀོད་སྤྱོད་བྱེད་དབང་ལ་འབྲེལ་ཡོད་ཀྱི་འགྲོ་ལུགས་འགྲིམ་ནས་རིན་དོད་ཡོད་པར་ས་ཆ་བཀོལ་སྤྱོད་བྱེད་དབང་འཐོབ་རྒྱུ་དང་། ཁྲིམས་ལྟར་གཏོང་སྤྲོད་ཀྱི་ཐབས་ལ་བརྟེན་ནས་ས་ཆ་བཀོལ་སྤྱོད་བྱེད་དབང་འཐོབ་ཆོག་རིགས་ཀྱིས་གཏོང་སྤྲོད་བྱས་པའི་ས་ཆའི་བདག་ཁོངས་བསྒྱུར་བའི་ཐོ་འགོད་བྱས་ཏེ་ས་ཆ་བཀོལ་སྤྱོད་བྱེད་དབང་ལེན་ཆོག

5 ལེའུ་ལྔ་པ། ཐུན་མོང་གི་ས་ཆ་འཛུགས་སྐྲུན་ལ་མཁོ་བའི་ས་ཆར་བཀོལ་སྤྱོད་བྱེད་དབང་སྐོར།

དོན་ཚན་ཞེ་གསུམ་པ། ཞང(གྲོང་རྡལ)དང་གྲོང་གསེབ་ཀྱིས་གཉེར་བའི་ཁེ་ལས་དང་བྱ་ལས་སྡེ་ཚན་དང་མི་སྒེར་ནས་ཁྲིམས་ལྟར་ཞིང་པ་ཐུན་མོང་གི་ས་ཆ་བེད་སྤྱོད་དེ་ཞིང་ལས་མིན་པའི་འཛུགས་སྐྲུན་གཉེར་བར་ཁྲིམས་ལྟར་ས་ཆ་བཀོལ་སྤྱོད་བྱེད་མཁན་ལ་ཐུན་མོང་གི་ས་ཆ་འཛུགས་སྐྲུན་ལ་མཁོ་བའི་ས་ཆར་བཀོལ་སྤྱོད་བྱེད་དབང་གཏན་འཁེལ་བྱས་ཆོག མང་བཟུང་ཉུང་སྤྱོད་དང་བཟུང་ཡང་མི་སྤྱོད་པར་དེའི་སྐྱུར་བའི་ཁག་དེར་ས་ཆ་བཀོལ་སྤྱོད་བྱེད་དབང་གཏན་འཁེལ་མི་བྱེད་ཐོག་ཞིང་པ་ཐུན་མོང་ལ་ཕྱིར་སློག་ནས་ཟུར་དུ་བཀོད་སྒྲིག་བྱས་ཏེ་བཀོལ་སྤྱོད་བྱ་རྒྱུ།

དོན་ཚན་ཞེ་བཞི་པ། གཏན་འབེབས་འདིའི་དོན་ཚན་ཉེར་ལྔ་པར་གཏན་འཁེལ་བྱས་པའི་ཞིང་པ་ཐུན་མོང་གི་ས་ཆ་ལྟར། ཐུན་མོང་གི་ས་ཆ་འཛུགས་སྐྲུན་ལ་མཁོ་བའི་ས་ཆར་བཀོལ་སྤྱོད་བྱེད་དབང་མཉམ་གཉེར་ཁེ་ལས་སམ་ཡང་ན་མ་རྐང་ཁེ་ལས་ལ་གཏན་འཁེལ་བྱ་རྒྱུ།

དོན་ཚན་ཞེ་ལྔ་པ། 1982ལོའི་ཟླ2པར་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས《གྲོང་རྡལ་གྱི་ཁང་བརྒྱག་ཐད་ལ་སྤྱོད་པའི་ས་ཆར་དོ་དམ་བྱེད་སྐོར་གྱི་སྲོལ་ཡིག》ཁྱབ་བསྒྲགས་བྱས་སྔོན་ལ་གྲོང་གསེབ་གྱི་སྡོད་དམངས་ཀྱིས་ཁང་པ་རྒྱག་ཆེད་དུ་བཟུང་སྤྱོད་བྱས་པའི་ཁང་ས་དེ་ས་དེ་གའི་སྲིད་གཞུང་ནས་གཏན་འབེབས་བྱས་པའི་རྒྱ་ཁྱོན་ལས་བརྒལ་ཡོད་པ་དང་། 《གྲོང་རྡལ་གྱི་ཁང་པ་རྒྱག་ཐད་ལ་སྤྱོད་པའི་ས་ཆར་དོ་དམ་བྱེད་སྐོར་གྱི་སྲོལ་ཡིག》ལག་བསྟར་བྱས་རྗེས་སུ་བཤིག་པ་དང་བསྒྱུར་བཟོ། བསྐྱར་བཟོ་བཅས་མ་བྱས་རིགས་ལ་གནས་སྐབས་སུ་ད་ཡོད་ཀྱི་བཀོལ་སྤྱོད་བྱེད་པའི་རྒྱ་ཁྱོན་དངོས་ལྟར་ཐུན་མོང་གི་ས་ཆ་འཛུགས་སྐྲུན་ལ་མཁོ་བའི་ས་ཆར་བཀོལ་སྤྱོད་བྱེད་དབང་གཏན་འཁེལ་བྱེད་རྒྱུ།

དོན་ཚན་ཞེ་དྲུག་པ། 1982ལོའི་ཟླ2པར《གྲོང་རྡལ་གྱི་ཁང་པ་རྒྱག་ཐད་ལ་སྤྱོད་པའི་ས་ཆར་དོ་དམ་བྱེད་སྐོར་གྱི་སྲོལ་ཡིག》ཁྱབ་བསྒྲགས་བྱས་པ་ནས་བཟུང་སྟེ1987ལོའི་ཟླ1པོར《ས་ཆ་བདག་སྤྲོད་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》ལག་བསྟར་བྱེད་འགོ་ཚུགས་པའི་བར་དུ་གྲོང་གསེབ་ཀྱི་སྡོད་དམངས་ནས་ཁང་པ་རྒྱག་ཆེད་དུ་བཟུང་སྤྱོད་བྱས་པའི་ཁང་སའི་རྒྱ་ཁྱོན་དེ་ས་དེ་གའི་མི་དམངས་སྲིད་གཞུང་གིས་གཏན་འབེབས་བྱས་པའི་ཚད་གཞི་ལས་བརྒལ་ཡོད་ན། ཚད་གཞི་ལས་བརྒལ་བའི་ཁག་དེ1986ལོའི་ཟླ3པར་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི《ས་ཆར་དོ་དམ་བྱེད་རྒྱུར་ཤུགས་སྣོན་དང་རྨོ་ཞིང་གང་བྱུང་དུ་བདག་བཟུང་བྱེད་པ་འགོག་སྐོར་གྱི་བརྡ་ཐོ》དང་ས་གནས་ཀྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་གཏན་འབེབས་ལྟར་ཐག་གཅོད་བྱས་རྗེས། ཐག་གཅོད་བྱས་རྗེས་ཀྱི་དངོས་སུ་ཡོད་པའི་བཀོལ་སྤྱོད་རྒྱ་ཁྱོན་ལྟར་ཐུན་མོང་གིས་ཆ་འཛུགས་སྐྲུན་ལ་མཁོ་བའི་ས་ཆར་བཀོལ་སྤྱོད་བྱེད་དབང་གཏན་འཁེལ་བྱེད་རྒྱུ།

དོན་ཚན་ཞེ་བདུན་པ། ས་དེའི་སྲིད་གཞུང་གི་དུད་ཁྱིམ་ཆ་བགོས་ཀྱིས་ཁང་པ་རྒྱག་པའི་གཏན་འབེབས་དང་མཐུན་ཞིང་ད་དུང་དུད་ཁྱིམ་ཆ་བགོས་བྱས་མེད་པའི་གྲོང་གསེབ་སྡོད་དམངས་ཀྱི་ད་ཡོད་ཀྱི་ཁང་ས་དེ་དུད་ཁྱིམ་ཆ་བགོས་ཀྱིས་ཁང་པ་རྒྱག་པར་མཁོ་བའི་ས་ཆའི་རྒྱ་ཁྱོན་གྱི་བསྡོམས་གྲངས་དེ་ཚད་གཞི་ལས་བརྒལ་མེད་ན། ད་ཡོད་ཀྱི་ཁང་སའི་རྒྱ་ཁྱོན་ལྟར་ཐུན་མོང་གི་ས་ཆ་འཛུགས་སྐྲུན་ལ་མཁོ་བའི་ས་ཆར་བཀོལ་སྤྱོད་བྱེད་དབང་གཏན་འཁེལ་བྱེད་རྒྱུ།

དོན་ཚན་ཞེ་བརྒྱད་པ། ཞིང་ལས་མིན་པའི་ཐེམ་ཐོ་འཛིན་པའི་སྡོད་དམངས(ཕྱིར་སྡོད་རང་མི་འདུ)ཀྱི་དེ་སྔ་གྲོང་གསེབ་དུ་ཡོད་པའི་ཁང་ས་དང་ཁང་པའི་བདག་དབང་འགྱུར་མེད་རིགས་རྣམས། ཁྲིམས་ལྟར་དེའི་ཐུན་མོང་གི་ས་ཆ་འཛུགས་སྐྲུན་ལ་མཁོ་བའི་ས་ཆར་བཀོལ་སྤྱོད་བྱེད་དབང་གཏན་འཁེལ་བྱས་ཆོག ཁང་པ་བཤིག་རྗེས་བསྐྱར་བཟོ་བྱེད་རྒྱུའི་ཆོག་མཆན་མ་བཀོད་པར་དེའི་ས་ཆ་བཀོལ་སྤྱོད་བྱེད་དབང་ཐུན་མོང་ནས་ཕྱིར་བསྡུད་རྒྱུ།

དོན་ཚན་ཞེ་དགུ་པ། བཤུག་སྤྲོད་བྱས་པ་དང་ལེན་དང་ཁང་པ་ཉོ་སྒྲུབ་བྱས་ཏེ་ཐོབ་པའི་ཁང་ས་དང་སྔར་ཡོད་ཀྱི་ཁང་སའི་རྒྱ་ཁྱོན་གྱི་བསྡོམས་གྲངས་དེ་ས་དེའི་སྲིད་གཞུང་གིས་གཏན་འབེབས་བྱས་པའི་ཚད་གཞི་ལས་བརྒལ་པར་འབྲེལ་ཡོད་ཀྱི་གཏན་ཁེལ་ལྟར་ཐག་གཅོད་བྱས་རྗེས་མུ་མཐུད་དེ་བཀོལ་སྤྱོད་བྱས་ཆོག་པར་གནས་སྐབས་སུ་དེའི་ཐུན་མོང་གི་ས་ཆ་འཛུགས་སྐྲུན་ལ་མཁོ་བའི་ས་ཆར་བཀོལ་སྤྱོད་བྱེད་དབང་གཏན་འཁེལ་བྱེད་རྒྱུ། ཁང་པ་ཤུལ་འཛིན་བྱས་ཏེ་ཐོབ་པའི་ཁང་སར་ཐུན་མོང་གི་ས་ཆ་འཛུགས་སྐྲུན་ལ་མཁོ་བའི་ས་ཆར་བཀོལ་སྤྱོད་བྱེད་དབང་གཏན་འཁེལ་བྱས་ཆོག

དོན་ཚན་ལྔ་ཅུ་པ། གྲོང་གསེབ་ཀྱི་ཆེད་གཉེར་ཁྱིམ་ཚང་གི་ཁང་ས་མ་ཚུད་པའི་ཞིང་ལས་མ་ཡིན་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་དང་ཁང་ས་ས་སོར་ཐུན་མོང་གི་ས་ཆ་འཛུགས་སྐྲུན་ལ་མཁོ་བའི་ས་ཆར་བཀོལ་སྤྱོད་བྱེད་དབང་གཏན་འཁེལ་བྱེད་རྒྱུ།

དོན་ཚན་ལྔ་གཅིག་པ། གཏན་ཁེལ་འདིའི་དོན་ཚན་ཞེ་ལྔ་ནས་དོན་ཚན་ཞེ་དགུའི་གཏན་འབེབས་ལྟར་གྲོང་གསེབ་སྡོད་དམངས་ཀྱི་ཁང་སའི་ཐུན་མོང་གི་ས་ཆ་འཛུགས་སྐྲུན་ལ་མཁོ་བའི་ས་ཆར་བཀོལ་སྤྱོད་བྱེད་དབང་གཏན་འཁེལ་བྱེད་སྐབས། དེའི་རྒྱ་ཁྱོན་དེ་ས་དེའི་སྲིད་གཞུང་ནས་གཏན་འབེབས་བྱས་པའི་ཚད་གཞི་ལས་བརྒལ་ཡོད་ན། ས་ཆ་ཐོ་འགོད་བྱང་བུ་དང་ས་ཆའི་ལག་ཁྱེར་ནང་ཚད་ལྡན་གྱི་རྒྱ་ཁྱོན་ལས་བརྒལ་བའི་གྲངས་ག་གསལ་བོར་འགོད་རྒྱུ། རྗེས་ཕྱོགས་དུད་ཁྱིམ་ཆ་བགོས་ཀྱིས་ཁང་པ་རྒྱག་པའམ་ཡང་ན་ད་ཡོད་ཀྱི་ཁང་པ་བཤིག་སྤོ་དང་། བསྒྱུར་བཟོ། བསྐྱར་བཟོའམ་སྲིད་གཞུང་ནས་འཆར་འགོད་བྱས་ཏེ་ཡང་བསྐྱར་འཛུགས་སྐྲུན་བྱེད་སྐབས། ས་དེའི་སྲིད་གཞུང་ནས་གཏན་འབེབས་བྱས་པའི་རྒྱ་ཁྱོན་གྱི་ཚད་གཞི་ལྟར་བཀོལ་སྤྱོད་བྱེད་དབང་གཏན་འཁེལ་བྱེད་རྒྱུ་དང་། ཚད་གཞི་ལས་བརྒལ་བའི་ཁག་དེ་ཐུན་མོང་ལ་ཕྱིར་སློག་རྒྱུ།

དོན་ཚན་ང་གཉིས་པ། སྟོང་པར་ལུས་པ་དང་བེད་མེད་དུ་བཞག་པའམ་ཡང་ན་ཁང་པ་རྡིབ་པ་དང་། བཤིག་ནས་ལོ་གཉིས་ཡན་འགྱངས་རུང་བཀོལ་སྤྱོད་བྱེད་རྒྱུ་བསྐྱར་གསོ་མ་བྱས་པའི་ཁང་སར་ས་ཆ་བཀོལ་སྤྱོད་བྱེད་དབང་གཏན་འཁེལ་མི་བྱེད་རྒྱུ། བཀོལ་སྤྱོད་བྱེད་དབང་གཏན་འཁེལ་བྱས་ཟིན་ཡོད་རིགས་རྣམས། ཐུན་མོང་ནས་རྫོང་རིམ་པའི་མི་དམངས་སྲིད་གཞུང་སྙན་སེང་ཞུས་ཏེ་ཆོག་མཆན་བཀོད་རྗེས། དེའི་ས་ཆ་ཐོ་ཁོངས་ནས་སུབ་སྟེ་ས་ཆ་ཐུན་མོང་གིས་ཚུར་བསྡུ་རྒྱུ།

6 ལེའུ་དྲུག་པ། ཞར་བྱུང་དོན་ཚན།

དོན་ཚན་ང་གསུམ་པ། ས་ཆ་གཅིག་སྡེ་ཚན་ནམ་མི་གཉིས་ཡན་གྱིས་མཉམ་དུ་བཀོལ་སྤྱོད་བྱེད་པར་ས་ཆ་མཉམ་དུ་བཀོལ་སྤྱོད་བྱེད་དབང་གཏན་འཁེལ་བྱས་ཆོག མཉམ་སྤྱོད་ས་ཆ་བཀོལ་སྤྱོད་བྱེ་དབང་གི་རྒྱ་ཁྱོན་དེ་མཉམ་དུ་བཀོལ་སྤྱོད་བྱེད་མཁན་བར་ནས་ཆ་བགོས་བྱ་རྒྱུ།

དོན་ཚན་ང་བཞི་པ། ས་ཐོག་དང་བར་སྣང་། ས་ཐོག་དང་ས་འོག་ནས་ལངས་གཟུགས་སྣོལ་མས་ས་ཆ་བཀོལ་སྤྱོད་བྱེད་པར(ཐོག་ཁང་མི་འདུ)ས་ཆ་བཀོད་སྤྱོད་བྱེད་དབང་ས་ཐོག་ཏུ་བཀོལ་སྤྱོད་བྱེད་མཁན་གཏན་འཁེལ་བྱེད་རྒྱུ་དང་། བར་སྣང་དང་ས་འོག་གཞན་སྤྱོད་ཁེ་དབང་ཡིན་པར་གཏན་འཁེལ་བྱེད་རྒྱུ།

ངོས་སྙོམས་ནས་སྣོལ་ཏེ་ས་ཆ་བཀོལ་སྤྱོད་བྱེད་རིགས་ལ་མཉམ་དུ་ས་ཆ་བཀོལ་སྤྱོད་བྱེད་དབང་གཏན་འཁེལ་བྱེད་རྒྱུ་དང་། ས་ཆ་བཀོལ་སྤྱོད་བྱེད་དབང་སྤྱོད་སྒོ་གཙོ་བོའམ་ཡང་ན་སྔོན་ལ་བཀོལ་སྤྱོད་བྱེད་མཁན་སྡེ་ཚན་ལ་གཏན་འཁེལ་བྱས་ཀྱང་ཆོག སྤྱོད་སྒོ་ཕལ་བ་དང་སྟུན་ནས་བཀོལ་སྤྱོད་བྱེད་མཁན་སྡེ་ཚན་ལ་གཞན་སྤྱོད་ཁེ་དབང་གཏན་འཁེལ་བྱས་ཆོག

དོན་ཚན་ང་ལྔ་པ། ཁྲིམས་ལྟར་དབྱེ་མཚམས་བཅད་པའི་ལྕགས་ལམ་དང་། གཞུང་ལམ། ཆུ་ལམ། ཆུ་བེད་བཟོ་བཀོད། དམག་དོན་སྒྲིག་བཀོད། ཉེན་ཅན་དངོས་རྫས་ཐོན་སྐྱེན་དང་གསོག་ཉར་བྱེད་ས། མཛེས་ལྗོངས་ས་ཁུལ་བཅས་ལ་སོགས་པའི་ས་ཁོངས་ལ་དོ་དམ་དང་སྲུང་སྐྱོང་བྱེད་ཁུལ་ནང་གི་ས་ཆ་ལ་དེའི་ས་ཆའི་བདག་དབང་དང་ས་ཆ་བཀོལ་སྤྱོད་བྱེད་དབང་དེ་ས་ཆ་དོ་དམ་བྱེད་སྐོར་གྱི་འབྲེལ་ཡོད་གཏན་འབེབས་ལྟར་གཏན་འཁེལ་བྱེད་རྒྱུ། ཡིན་ནའང་གོང་སྨྲས་ཀྱི་ཁྱབ་ཁོངས་ནང་གི་ས་ཆའི་སྤྱོད་སྒོའི་ཐད་ལ་འབྲེལ་ཡོད་ཀྱི་གཏན་འབེབས་ལྟར་ཚོད་འཛིན་འོས་འཚམ་བྱེད་རྒྱུ།

དོན་ཚན་ང་དྲུག་པ། ས་ཆའི་བདག་དབང་ངམ་ཡང་ན་ས་ཆ་བེད་སྤྱོད་བྱེད་དབང་གི་བདེན་དཔང་ཡིག་ཆའི་ཐོག་གི་ཕྱོགས་བཞིའི་དབྱེ་མཚམས་དང་ས་ཆ་དངོས་དེ་གཅིག་གྱུར་ཡིན་ནའང་། ས་ཆ་དངོས་དང་ཆོག་མཆན་བཀོད་པའི་རྒྱ་ཁྱོན་གཅིག་གྱུར་མིན་ན། ས་ཆ་དངོས་ཀྱི་ཕྱོགས་བཞིའི་དབྱེ་མཚམས་ལྟར་ས་ཆའི་རྒྱ་ཁྱོན་རྩིས་ཏེ་ས་ཆའི་བདག་དབང་དང་ས་ཆ་བཀོལ་སྤྱོད་བྱེད་དབང་གཏན་འཁེལ་བྱེད་རྒྱུ།

དོན་ཚན་ང་བདུན་པ། གཞན་སྤྱོད་ཁེ་དབང་དེ་ཁྲིམས་ལྟར་རམ་ཡང་ན་དོ་བདག་གི་གྲོས་མཐུན་ལྟར་འཛུགས་རྒྱུ། གཞན་སྤྱོད་ཁེ་དབང་དེ་ས་ཆའི་བདག་དབང་ངམ་ས་ཆ་བཀོལ་སྤྱོད་བྱེད་དབང་དང་མཉམ་དུ་གཏན་འཁེལ་བྱེད་ཆོག་ལ། ས་ཆའི་བདག་དབང་ངམ་ས་ཆ་བཀོལ་སྤྱོད་བྱེད་དབང་གཏན་འཁེལ་བྱས་པའི་རྗེས་སུ་ཁ་སྣོན་བྱས་ཀྱང་ཆོག

དོན་ཚན་ང་བརྒྱད་པ། མི་དམངས་སྲིད་གཞུང་རིམ་པ་ཁག་གམ་མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་ས་ཆའི་བདག་ཁོངས་ཐད་ཀྱི་རྩོད་གཞི་ཐག་གཅོད་བྱས་ཟིན་ན། ཐག་གཅོད་བྱས་འབྲས་ལྟར་ས་ཆའི་བདག་དབང་དང་ས་ཆ་བཀོལ་སྤྱོད་བྱེད་དབང་གཏན་འཁེལ་བྱ་རྒྱུ།

དོན་ཚན་ང་དགུ་པ། གཏན་ཁེལ་འདིར་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་འགྲེལ་བཤད་རྒྱག་རྒྱུའི་འགན་འཁུར་རྒྱུ།

དོན་ཚན་དྲུག་ཅུ་པ། གཏན་ཁེལ་འདི1995ལོའི་ཟླ5བའི་ཚེས1ཉིན་ནས་ལག་བསྟར་བྱས་ཤིང་། 1989ལོའི་ཟླ7པའི་ཚེས5ཉིན་རྒྱལ་ཁབ་ས་ཞིང་དོ་དམ་ཅུས་སྤེལ་བའི《ས་ཆའི་བདག་ཁོངས་གཏན་འཁེལ་བྱེད་པའི་གནད་དོན་སྐོར་གྱི་བསམ་འཆར་དུ་མ》ལག་བསྟར་བྱེད་མཚམས་བཞག་པ་ཡིན།

དཔྱད་གཞིའི་ཡིག་ཆ།

1 མགོན་པོ་རྒྱལ་གྱིས་བསྒྱུར་བའི 《ས་ཞིང་བཤུག་སྤྲོད་དང་ཁང་པ་ཉོ་འཚོང》 མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ2010ལོའི་ཟླ12པར་པར་གཞི་དང་པོ་བསྒྲིགས། ཤོག་གྲངས264ནས283བར།

2 པའེ་ཏུའུ་རིག་མཛོད་དྲ་བ། 2015-12-22