ཞིང་ཆེན་དུ་ཚོགས་ཆེན་གཉིས་འཚོགས་ལ་ཉེ་བའི་སྐབས་འདིར་ཧྲུའུ་ཅི་དང་ཧྲིན་ཀྲང་ལ་བརྗོད་འདོད་པའི་སྐད་ཆ་ཡོད་ན་སྐད་འཇོག་ས་འདི་རེད།

       ཉེ་ལམ་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་ལྗོངས། གྲོང་ཁྱེར་སོ་སོ་ཚོགས་ཆེན་གཉིས་ཀྱི་གྲ་སྒྲིག་ལ་བྲེལ་སྒང་རེད། ཁྱེད་ཀྱིས་བསམ་འཆར་དང་རེ་ཞུ་ཧྲུའུ་ཅི་དང་ཧྲིན་ཀྲང་ལ་ཞུ་འདོད་ན། མི་དམངས་དྲ་བས“2020ལོར་ཞིང་ཆེན་གྱི་ཚོགས་ཆེན་གཉིས་ཚོགས་དུས་ངས་ཧྲའུ་ཅི་དང་ཧྲིན་ཀྲང་ལ་སྐད་ཅིག་བསྐུར་བསམས་ཞེས་པའི་བྱེད་སྒོ་ཞིག་སྤེལ་ཡོད་པས་དེ་གར་སྐད་ཞོགས་དང་། རྒྱལ་ཡོངས་དྲ་དམངས་ཀྱིས་བཏོན་པའི་བསམ་འཆར་དག་ཧྲུའུ་ཅི་དང་ཧྲིན་ཀྲང་གི་སྙན་ལམ་དུ་འབྱོར་ཐུབ།

ཐེངས་འདིའི་བསམ་ཚུལ་ནང་དུ་ཚོང་གཉེར་ཁོར་ཡུག་དང་གནད་འཁེལ་དབུལ་སྐྱོར། ནད་བརྟག་སྨན་བཅོས། ལས་འཁྱུར་རྒན་གསོ། སྣོད་བཅུད་ཁོར་སྲུང་། འགྲིམ་འགྲུལ་འཛུགས་སྐྲུན། སློབ་གསོ་རིག་གནས། སྡོད་ཁང་བདེ་སྡོད། ཞིང་ལས་ཞིང་གྲོང་། གསར་གཏོད་ལས་སྐྲུན། གྲོང་ཁྱེར་བཅོས་སྐྱོང་། དམངས་ཀྱི་ཡོང་སྒོ་ལ་སོགས་བརྗོད་གཞི12བཏོན་ཆོག་པས། དྲ་གྲོགས་རྣམས་ཀྱིས་མི་དམངས་དྲ་བའི《འགོ་ཁྲིད་ལ་སྐད་འཇོག་ས》ཞེས་པའི་དྲ་ངོས་དང་ཁ་པར་གྱི་དྲ་ངོས། སྐད་འཕྲིན་ལ་སོགས་པའི་འཕྲིན་སྟེགས་བརྒྱུད་ནས་སྐད་བཞག་ནས་བསམ་ཚུལ་བཏོན་ཆོག་གི་རེད།

བྱེད་སྒོ་དེ་ནི་མི་དམངས་དྲ་བས་བསྟུན་མར་ལོ10ཡི་ནང་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་མ་ཚོགས་སྔོན་ལ་བཏོན་པའི་དམངས་ཀྱི་བསམ་ཚུལ་བསྡུ་ལེན་གྱི་བྱེད་སྒོ་ཞིག་རེད། ན་ནིང་བྱེད་སྒོ་འདི་སྤེལ་བར་བཅུ་ཆའི་བརྒྱད་ལས་བརྒལ་བའི་དྲ་དམངས་ཀྱི་སྐད་བཞག་པར་ས་གནས་ནས་ལན་སྤྲད་དེ་ཐག་གཅོད་བྱས་ཡོད་ཅིང་། དྲ་དམངས་ཀྱི་ཡིད་ཚིམས་ཚད་བརྒྱ་ཆའི90%ཡན་ཆོད་ཟིན།

【དྲ་དམངས་ཀྱི་སྐད་བཞག་པ་ཐམས་ཅད་སྐད་འཇོག་མཁན་མི་སྒེར་གྱི་བསམ་ཚུལ་ཡིན་པ་ལས་མི་དམངས་དྲ་བ་རང་ངོས་ཀྱི་ལྟ་ཚུལ་མིན་པ་ཐུགས་འཇགས་འཚལ】

ཁྱེད་ཀྱིས《འགོ་ཁྲིད་ལ་སྐད་འཇོག་ས》(དྲ་གནས:http://liuyan.people.com.cn/)འདི་དང་། ཡང་ན་སྐད་འཕྲིན་སྤྱི་སྟེགས་དང་། སྐད་འཕྲིན་ལ་སོགས་པའི་འཕྲེན་སྟེགས་ལ་ཕེབས་དང་། དེ་གར་སྐད་འཇོག་ཐུབ་པར་མ་ཟད་དེ་འབྲེལ་གྱི་དཔྱད་ཡིག་ཆ་འཕྲིན་མང་པོ་ལ་ཡང་ཤེས་རྟོགས་བྱེད་ཐུབ་བོ། །