རང་ཞིང་གིས་ནད་གཞི་ཚབས་ཆེན་ལ་བཅོས་སྐྱོང་བྱེད་པའི་དམིགས་འབེན་ཡོངས་འགྲུབ་བྱས་ཏེ་བདེ་ཐང་དབུལ་སྐྱོར་ཐད་ལ་རོགས་སྒྲུབ་བྱས་པ།

རང་རེའི་དྲ་བའི་འཕྲིན། 2019ལོའི་ཟླ12ཚེས27ཉིན་བར། རང་ཞིང་དུ་ནད་ཚབས་ཆེན་རིགས་མི་འདྲ་བ30ཕོགས་པའི་ནད་པ་མི་གྲངས18186དང་མྱུར་སྐྱོབ་བཅོས་སྐྱོང་བྱས་པའི་མི་གྲངས18186ཡིན་པས། ནད་ཚབས་ཆེན་ལ་བཅོས་སྐྱོང་བྱས་པའི་ཚད་གཞི་ནི་བརྒྱ་ཆའི་བརྒྱ་ལ་སླེབས་པ་རེད། དེའི་ཁྲོད་རང་ཞིང་ལ་གསར་དུ་བྱུང་བའི་ནད་རིགས་མི་འདྲ་བ3གྱི་ནད་པ8889ཡོད་ལ། སྨན་བཅོས་བྱས་ནས་དྲག་བསྐྱེད་བྱས་པའི་མི་གྲངས8889དང་མྱུར་སྐྱོབས་བཅོས་སྐྱོང་གི་ཚད་གཞི་ཡང་བརྒྱ་ཆའི་བརྒྱ་ལ་སླེབས། མཆིན་པ་སྲ་འགྱུར་བཅོས་སྐྱོང་བྱས་པའི་ནད་པ466དང་མཆིན་ཚད་བཅོས་སྐྱོང་བྱས་པའི་ནད་པ2897 དྲག་གྲུམ་རང་བཞིན་གྱི་རུས་ཚིགས་གཉན་ཚད་བཅོས་སྐྱོང་བྱས་པའི་མི་གྲངས5526ལ་སླེབས། རང་ཞིང་གིས་དབུལ་ཁྱིམ་ཡིག་ཚགས་ཅན་གྱི་མི་གྲངས་དག་གིས་ནད་ཚབས་ཆེན་རིགས་མི་འདྲ་བ30བཅོས་སྐྱོང་བྱས་པའི་ཁྱབ་ཚད་དང་བཅོས་སྐྱོང་དམིགས་འབེན་དེ་མངོན་འགྱུར་བྱས་པ་རེད།

2019ལོར་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་དབུལ་ཕོངས་མི་གྲངས་ཀྱི་ནད་ཚབས་ཆེན་བཅོས་སྐྱོང་བྱེད་པའི་བྱ་བར་མཐོང་ཆེན་བྱས་ཤིང་། དེ་དང་ཆབས་ཅིག ཞིང་ཆེན་དམངས་སྲིད་ཐིན་དང་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་བཅས་ཀྱིས་འགྲེམས་སྤེལ་བྱས་པའི《2019ལོའི་ཞིང་སྡེའི་འབྲོག་ཁུལ་དབུལ་ཕོངས་མི་གྲངས་ཀྱི་ནད་ཚབས་ཆེན་ལ་བཅོས་སྐྱོང་བྱེད་པའི་ཆེད་དོན་བྱ་བའི་སྐོར་གྱི་བརྡ་སྦྱོར》གཞིར་བཟུང་ནས། རྒྱལ་ཁབ་ཀྱི་ནད་རིགས27གྱི་རྨང་གཞིའི་སྟེང་མཆིན་པ་སྲ་འགྱུར་དང་མཆིན་པའི་གཉན་ཚད། དྲག་གྲུམ་རུས་ཚིགས་ཀྱི་གཉན་ཚད་བཅས་ནད་རིགས3གསར་སྣོན་བྱས་ཏེ། རང་ཞིང་གི་རོང་འབྲོག་ས་ཁུལ་གྱི་ཡིག་ཚགས་བཟོས་པའི་དབུལ་ཁྱིམ་དག་གི་ནད་ཚབས་ཆེན་ལ་ཆེད་དུ་བཅོས་སྐྱོང་བྱས་པ་མ་ཟད་ནད་རིགས་མི་འདྲ་བ30ཁ་སྣོན་བྱས་པ་རེད། ལོ་གཅིག་གི་རིང་ལ། ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་བདེ་་ཐང་མ་ལག་གིས་ཕྱོགས་མི་འདྲ་བ་བཞི་ནས་ནད་ཚབས་ཆེན་གྱི་བཅོས་སྐྱོང་བྱ་བར་བདག་དོམ་ཆེན་པོ་བྱས། རིགས་བཀར་གཏན་ཁེལ་བདག་དོམ་མངོན་འགྱུར་དང་སྨན་ཁང་གཏན་ཁེལ། ནད་བཅོས་ཇུས་གཞི་གཏན་ཁེལ། ནད་སྣ་རིགས་རྐྱང་ལ་རིན་དངུལ་སྤྲོད་པ་གཏན་ཁེལ། ནད་ཐོག་བརྒྱུད་རིམ་དང་སྨན་བཅོས་སྤུས་ཚད་བདག་དོམ་གཏན་ཁེལ་བཅས་བྱས་ཏེ་བྱེད་ཐབས་མི་འདྲ་བ་དག་ལག་བསྟར་བྱས་ནས། གྲོང་ཁྱེར་དང་ཁུལ། རྫོང་རིམ་པ་བཅས་ཀྱི་འཕྲོད་བསྟེན་བདེ་ཐང་སྲིད་འཛིན་བདག་དོམ་སྡེ་ཁག་གིས་དབུལ་སྐྱོར་དང་དམངས་སྲིད། སྨན་བཅོས་འགན་སྲུང་བཅས་ཀྱི་སྡེ་ཁག་ལ་ཟུང་འབྲེལ་སྒོས། ཤུགས་དྲག་གཅིག་གྱུར་ངང་འགུལ་རྣམ་བདག་དོམ་རྩིས་ཐོར་ཤུགས་སྣོན་བྱས།་ལ རྩིས་ཐོ་ལས་འབྲེལ་ཡོད་ནད་རིགས་ཀྱི་བཅོས་སྐྱོང་ཁ་གཏད་གཞིར་བཟུང་སྟེ་བདག་དོམ་གང་ལེགས་བྱས་ཤིང་། ཚད་ངེས་ཅན་གྱི་སྒོ་ནས་ནད་པ་ཚབས་ཆེན་གྱི་མྱུར་སྐྱོབས་ཧུར་ཐག་སྒོས་རང་འགུལ་ཅན་ཏུ་བཏང་བ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།