རང་ཞིང་གིས་སྒོར་དུང་ཕྱུར20.58བཏང་སྟེ་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་སེམས་ནད་ཐག་གཅོད་བྱས་པ།

རང་རེའི་དྲ་བའི་འཕྲིན། 2019ལོར་རང་ཞིང་གིས་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་སེམས་ནད་ཐག་གཅོད་བྱེད་པ་དང་སེམས་ཁུར་ཆེ་བའི་དོན་རྣམས་བྱ་བའི་དམིགས་འབེན་དུ་བཟུང་སྟེ། དམངས་ཚིས་ཀྱི་སྐྱིད་སྣང་མུ་མཐུད་དུ་མཐོར་འདེགས་སུ་གཏང་ཆེད། ལོ་ཧྲིལ་བོར་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར20.58བཀོལ་ནས་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བྱེད་པའི་བྱ་བ་ལེགས་པོར་བསྒྲུབས་པ་རེད།

དབུལ་ཐར་མཁྲེགས་གཏོར་བྱ་བའི་འགན་སྲུང་ཚད་གཞིའི་ཐད་ལ་ཤུགས་སྣོན་རྒྱག་ཆེད། ན་ནིང་རང་ཞིང་གིས་ཁྱོན་བསྡོམས་ཡིག་ཚགས་ཅན་གྱི་དབུལ་ཁྱིམ་ཁྲི30.3གཙོ་བོར་བཟུང་སྟེ། ཆེས་དམའ་བའི་འཚོ་བའི་འགན་སྲུང་དང་ཧ་ཅང་དབུལ་བོ་ཡིན་པའི་མི་སྣ་དག་ལ་རོགས་སྒྲུབ་མཁོ་སྤྲོད་བྱས་པར་བརྟེན། ཡིག་ཚགས་བཟོས་པའི་དབུལ་ཁྱིམ་མི་གྲངས་དག་གི“སེམས་ཁུར་མི་འདྲ་བ་གཉིས”ཀྱི་དམིགས་འབེན་དེ་བརྟན་འཇགས་སྒོས་མངོན་འགྱུར་བྱས་ཡོད། གོམ་གང་མདུན་སྤོས་སྒོས་ཞིང་སྡེའི་འགན་སྲུང་མ་མཐའི་རོགས་སྒྲུབ་ཆུ་ཚད་སྔར་ལས་མཐོར་འདེགས་སུ་བཏང་སྟེ། ཞིང་སྡེའི་འགན་སྲུང་དམའ་བ་དང་དབུལ་སྐྱོར་གསར་སྤེལ་མཐུན་སྦྲེལ་ཐད་ལ་ཤུགས་སྣོན་བྱས་ཤིང་། དབུལ་ཐར་མཁྲེགས་གཏོར་དུས་ཡུན་ནང་ཞིང་སྡེའི་འགན་སྲུང་དམའ་བའི་དབུལ་ཁྱིམ་ཡིག་ཚགས་ཅན་གྱི་དབུལ་ཕོངས་མི་གྲངས་ཀྱིས་ཁྱིམ་ཚང་དབུལ་བོ་དག་གི་ས་གནས་དེའི་འགན་སྲུང་དམའ་བའི་ཁྱིམ་ཚང་དག་གི་ཆ་སྙོམས་ཡོང་སྒོ་ཚད་ལྡན་དུ་བཏང་རྗེས། ཡོང་འབབ་རྐྱང་རྐྱང་དེ་ཁྱབ་ཁོངས་ངེས་ཅན་གྱི་ཁྲོད་དུ་བཞག་ནས་ལོ1གི་ཉུང་འཕྲིའི་དུས་ཡུན་མི་ཉུང་བར་བཟོས་ནས། དབུལ་ཐར་མཁྲེགས་གཏོར་བྱ་བ་དེ་ཆེས་དམའ་བའི་ཁྱབ་ཁོངས་ཁྲོད་དུ་བཞག་ནས་མངོན་འགྱུར་བྱས། ལོ་གཅིག་གི་ནང་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་སྤྱི་ཚོགས་རྩ་འཛུགས་ཁྲོད་ཟབ་ཞུགས་བྱས་པའི་ཁྱིམ་ཚང130ལྷག་ཡོད་ལ། མ་དངུལ་སྒོར་ཁྲི4900གིས་དབུལ་ཕོངས་མི་གྲངས་ཁྲི12ལ་ཁེ་སྤོགས་འཐོབ་དུ་བཅུག་ཡོད།

ཧུར་བརྩོན་ངེས་ཅན་ཞིག་བྱས་པ་བརྒྱུད། ད་ལྟ་རང་ཞིང་གི་མཁར་གྲོང་དག་གི་ཆེས་དམའ་བའི་འཚོ་བའི་འགན་སྲུང་གི་ཚད་གཞིའི་ཧེ་བག་དེ2013ལོའི་1.9:1ལས1.6:1གིས་ཇེ་ཆུང་དུ་སོང་ཡོད། ཧ་ཅང་དབུལ་བོ་ཡིན་པའི་མི་སྣ་དག་གི་གཞི་རྩའི་འཚོ་བའི་ཚད་གཞིའི་དམིགས་གསལ་ལམ་ལུགས་དེ་ཆེས་ཐོག་མར17%གྱིས་མཐོ་རུ་ཕྱིན་ཡོད། གནས་སྐབས་རོགས་སྒྲུབ་ཆུ་ཚད་ཀྱི་ལམ་ལུགས་དེ་ཡང་ཆེས་ཐོག་མའི་དུས་ལས44%མཐོ་རུ་བཏང་ཡོད། ཞིང་ཆེན་ཡོངས་ཀྱིCPIཟས་རིགས་ཀྱི་རིན་གོང་དམིགས་ཚད་དེ་དོན་དངོས་ལས་ཡར་འཕར་བ་དང་སྔ་གཞུག་ཏུ་ཐེངས་གཉིས་ལ་སྤྱི་ཚོགས་ཀྱི་རོགས་སྒྲུབ་དང་འགན་སྲུང་ཆུ་ཚད། དངོས་པོའི་རིན་གོང་ཡར་འཕར་བ་སོགས་ལ་མཐུད་སྦྲེལ་གྱིས་ཟུང་འབྲེལ་སྒྲིག་འཇུག་བྱས་ཏེ། གནས་སྐབས་རིན་གོང་ཁ་གསབ་སྒོར་ཁྲི4014བྱིན་པ་དང་། དཀའ་ཁག་ཆེ་བའི་མང་ཚོགས་ཁྲི114.21ལ་ཁེ་ཕན་བསྐྲུན། དཀའ་ཁག་ཆེ་བའི་མང་ཚོགས་ཀྱིས་དྲོད་ཁོལ་དང་བདེ་སྐྱིད་ལྡན་པའི་དུས་ཆེན་ལེགས་པོ་ཞིག་བསྐྲུན་པར་འགན་སྲུང་བྱས་ཡོད། 2020ལོའི་སྤྱི་ལོའི་ལོ་སར་དང་ལུགས་རྙིང་ལོ་སར་གཉིས་ཀྱི་སྐབས་སུ་ཞིང་ཆེན་ཡོངས་ཀྱི་མཁར་གྲོང་གི་དཀའ་ཁག་ཆེ་བའི་མང་ཚོགས་ཁྲི38ལ་སྟེར་ཐེངས་གཅིག་ལ་འཚོ་བའི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར1.6བྱིན་པ་རེད།

སྤྱི་ཚོགས་ཀྱི་གཞི་རྩའི་ཞབས་ཞུ་ཡི་ནུས་པ་མཐོར་འདེགས་སུ་བཏང་བའི་ཐད། ན་ནིང་ཀྲུང་དབྱང་གིས་མ་དངུལ་སྒོར་ཁྲི4650བསྡུ་རུབ་བྱས་ཏེ་དབུལ་ཕོངས་ས་ཁུལ་གྱི་ཧ་ཅང་དབུལ་བོ་ཡིན་པའི་ས་ཁུལ་དག་ལ་ཞབས་ཞུའི་སྒྲིག་གཞིའམ་རྒན་གསོ་ཁང་བཅོས་སྒྱུར་བྱེད་པའི་བཟོ་སྐྲུན་ལེགས་པོར་བསྒྲུབས་པ་རེད། གཙོ་གནད་ནི་ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་རྫོང་དང་ཡུལ་ཚོ་བཅས་ཀྱི་ཁྲོད་ཧ་ཅང་དབུལ་བོ་ཡིན་པའི་ས་ཁུལ་དུ་མཁོ་སྤྲོད་ཞབས་ཞུའི་སྒྲིག་ཆས་ཀྱི་ཁྱབ་ཁོངས་ནི་མལ་ཁྲི20ཡི་མན་ཡིན་ལ། དེ་ཡང་ཞིག་རལ་དང་རྙིང་བ། ཆུང་བ། ཐག་རིང་། ཁ་འཐོར་བཅས་ཀྱི་ནུས་པ་ཞན་པའི་རིན་ཐང་ཅན་གྱི་སྒྲིག་ཆས་ཕྱིར་འཐེན་དང་ཐོན་ཁུངས་དག་ཐེར་བྱས། དེ་དང་ཆབས་ཅིག བྱེད་ཐབས་གང་མང་ལ་བརྟེན་ནས་ཧ་ཅང་དབུལ་བོ་ཡིན་པའི་མཁོ་སྤྲོད་ཞབས་ཞུའི་སྒྲིག་འཇུག་གི་བྱ་གཞག་ཁྲིམས་མིའི་ཐོ་འགོད་ཚད་གཞི་མཐོ་རུ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་ཞབས་ཞུའི་སྒྲིག་ཆས་བྱ་གཞག་གི་ཁྲིམས་མིའི་ཐོ་འགོད་ཚད་གཞི་དེ31%ལ་སླེབས།

ད་ལོ། ཞིང་ཆེན་དམངས་སྲིད་ཐིན་གྱིས་མུ་མཐུད་དུ་དམངས་ཕན་སྲིད་ཇུས་ཅི་རིགས་ལག་བསྟར་དངོས་འབེབས་ནན་མོ་བྱས་ཤིང་། དབུལ་ཐར་གྲུབ་འབྲས་དེ་མུ་མཐུད་དུ་སྲ་བརྟན་ཅན་ལ་བཏང་སྟེ། དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་ལ་ཕན་ནུས་ངེས་ཅན་ཡོད་པའི་སྒོ་ནས་འགན་སྲུང་བྱས་ཤིང་། དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་འདོད་བློ་ཡོངས་སུ་ཚིམས་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།