མཚོ་སྔོན་གྱི་མི་འདི16པོར་ཚེ་གང་བོར་རླངས་འཁོར་བསྐོར་མི་ཆོག་པའི་ཆད་པ་བཅད་འདུག

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཉེ་སྔོན། སྤྱི་བདེ་པུའུ་འགྲིམ་འགྲུལ་དོ་དམ་ཅུའུ་ཡིས“དམར་འདོན་ཆེན་མོ་ལྔ”ཡི་ལས་འགུལ་གྱི་གཅིག་གྱུར་བཀོད་སྒྲིག་ལྟར། དུས་རིམ་རང་བཞིན་གྱི་བརྗོད་དོན་སློབ་གསོ་གཞིར་བཟུང་སྟེ། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གིས2019ལོའི་དགུན་དུས་ཀྱི་ཚེ་གང་བོར་རླངས་འཁོར་བསྐོར་མི་ཆོག་པའི་ཁ་ལོ་པ་ཁྱོན་བསྡོམས16དམར་འདོན་བྱས། དེའི་ཁྲོད། ཁ་ལོ་པ10ཡིས་ཆང་འཐུང་རྗེས་རླངས་འཁོར་བསྐོར་ནས་འགྲིམ་འགྲུལ་དོན་རྐྱེན་ཚབ་ཆེན་བཟོས་ནས་ནག་ཉེས་བསགས་པས་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་བྱས་ཤིང་། ཁ་ལོ་པ་གཞན་པ6གིས་རླངས་འཁོར་དོན་རྐྱེན་བཟོས་རྗེས་བྲོས་བྱོལ་བྱས་ནས་ནག་ཉེས་བསགས་པས་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་བྱས། འགྲིམ་འགྲུལ་སྡེ་ཁག་གིས་ཁྲིམས་ལྟར་གོང་གི་མི16གི་རླངས་འཁོར་ཁ་ལོ་པའི་ལག་རྟགས་མེད་པར་བཟོས་པ་མ་ཟད། ཚེ་གང་བོར་རླངས་འཁོར་ལག་རྟགས་ལེན་པའི་བསྐྱར་རྒྱུགས་ནང་ཞུགས་མི་ཆོག་པ་བཟོས་པ་རེད།

ཅི་ཞིག་ལ་ཚེ་གང་པོར་རླངས་འཁོར་བསྐོར་མི་ཆོག་ཟེར་ཞེ་ན།

དེ་ནི་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་བཅའ་ཁྲིམས》ལྟར། ཆང་འཐུང་རྗེས་སམ་ཆང་གིས་བཟི་རྗེས་རླངས་འཁོར་བསྐོར་ནས་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་བཟོས་ནས་ནག་ཉེས་བཟོས་དང། འགྲིམ་འགྲུལ་དོན་རྐྱེན་བྱུང་རྗེས་བྲོས་བྱོལ་བྱས་ན་ནག་ཉེས་བཟོ་མཁན་གྱིས་ཚེ་གང་བོར་རླངས་འཁོར་བསྐོར་མི་ཆོག་པ་དང་རླངས་འཁོར་ལག་རྟགས་བླངས་མི་ཆོག་པའི་སྲིད་འཛིན་ཆད་པ་ལ་ཟེར་རོ།།

ལོ་ཙཱ་བ། ལྷ་ཆེན་རྒྱལ།