“མཚོ་སྔོན་པོ་ཡི་སྲུང་སྐྱོབ། དང་བླངས་པ་ནི་ང་ཡིན”ཞེས་པའི་ལས་སྒོའི་ཉམས་མྱོང་བརྗེ་རེས་ཚོགས་འདུ་ཟི་ལིང་ནས་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུ་ལྟར་ན།སྤྱི་ཟླ1པོའི་ཚེས2ཉིན། “མཚོ་སྔོན་པོ་ཡི་སྲུང་སྐྱོབ། དང་བླངས་པ་ནི་ང་ཡིན”ཞེས་པའི་ལས་སྒོའི་ཉམས་མྱོང་བརྗེ་རེས་ཚོགས་འདུ་ཟི་ལིང་ནས་བསྡུས་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཡུས་ཚུང་ལི་ཚོགས་འདུར་ཞུགས་ནས་གཏམ་བཤད་་གནང་བ་དང་། ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན་གྱིས་ཚོགས་འདུར་འགོ་འཛིན་བྱས་པ་རེད།

གྲོས་ཚོགས་ལས་བསྟན་དོན། ཐེངས་འདིའི་ཉམས་མྱོང་བརྗེ་རེས་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན། དེ་བཞིན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་བཅས་སྔར་ལས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་བཀོད་སྒྲིག་གཞིར་བཟུང་ནས། རི་ལྗང་ཆུ་དྭངས་ནི་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་སྔར་ལས་ཇེ་ཟབ་ཏུ་གཏོང་བ་དང་། དང་བླངས་ཞབས་ཞུའི་ནང་དོན་གསར་པ་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལམ་ལུགས་གསར་གཏོད་ལ་སྐུལ་འདེད་གཏང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་དང་བླངས་པའི་ལག་ལེན་རྒྱ་ཁྱབ་ངང་སྤེལ་བ། དང་བླངས་ཞབས་ཞུའི་མིང་གྲགས་ཐོན་རྫས་གསར་པ་བསྐྲུན་པ་བཅས་བྱས་ནས། སྤྱི་ཚོགས་ཀྱི་སྟོབས་ཤུགས་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ནང་རྒྱ་ཁྱབ་ངང་ཞུགས་རྒྱུར་སྐུལ་སློང་བྱས་ཏེ་རྣམ་པ་བཟང་པོ་བསྐྲུན་དགོས་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། མཚོ་སྔོན་པོར་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པའི་ནང་དོན་གལ་ཆེན་གྱི་གྲས་ཤིག་ཡིན་པ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་མིན་དང་འབྲེལ་བ་དམ་ཟབ་ཡོད་པར་མ་ཟད། མཚོ་སྔོན་གྱི་ཕྱི་ཕྱོགས་སྣང་བརྙན་དང་འབྲེལ་བ་དམ་ཟབ་ཡོད་པས་ན། དེར་དོན་སྙིང་ཧ་ཅང་ཆེན་པོ་ལྡན། མཚོ་སྔོན་པོར་སྲུང་སྐྱོབ་བྱེད་པའི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་། “མཚོ་སྔོན་པོ་ཡི་སྲུང་སྐྱོབ། དང་བླངས་པ་ནི་ང་ཡིན།”ཞེས་པའི་ལསས་འགན་ཡིན་ཞེས་པའི་ལས་སྒོའི་ལ་གྲུབ་འབྲས་ཐོབ་པར་རེ་ལྟོས་བྱེད་པ། བློ་བརྟན་འགྱུར་མེད་ངང་མཚོ་སྔོན་པོར་སྲུང་སྐྱོབ་བྱེད་པའི་བྱ་བ་ཡག་པོར་སྒྲུབ་པ་བཅས་བྱེད་དགོས་ཟེར། ཡུན་ཕན་གྱི་ལམ་སྲོལ་ཆགས་པར་བྱེད་རྒྱུ་དང་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ། སྲུང་སྐྱོབ་ལས་སྒོའི་ནང་ཞུགས་རྒྱ་ཆེ་རུ་གཏོང་བ། དྲིལ་བསྒྲགས་ཁྲིད་སྟོན་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། དུས་རབས་གསར་པའི་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་རྣམ་པ་གསར་པ་བསྐྲུན་དགོས་ཟེར།

ཚོགས་ཐོག་ནས་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་སྲུང་སྐྱོབ་བྱེད་སྒོ་སྤེལ་བའི་གནས་ཚུལ་དང་མ་འོངས་པའི་བྱ་བའི་འཆར་གཞི་སྒྲོག་པ་དང་། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་པོའི་ལྗོངས་རྒྱུ་དོ་དམ་ཅུའུ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། ན་གཞོན་དང་བླངས་པ་བཅས་ཀྱིས་བསམ་བློ་བརྗེ་རེས་དང་་གཏམ་བཤད་གནང་བ་རེད།

ལོ་ཙཱ་བ། ཤ་མོ་འཚོ།