2020ལོའི་ཆེད་ལས་ལག་རྩལ་མི་སྣའི་ལས་རིགས་ཐོབ་ཐང་རྒྱུགས་ལེན་བྱ་བའི་འཆར་གཞི་ཁྱབ་སྒྲོག་བྱས་པ།

2020ལོའི་ཆེད་ལས་ལག་རྩལ་མི་སྣའི་ལས་རིགས་ཐོབ་ཐང་རྒྱུགས་ལེན་འཆར་གཞི་དང་འབྲེལ་ཡོད་དོན་ཚན་སྐོར་གྱི་བརྡ་ཐོ།

ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་ཁག་དང་། དེ་བཞིན་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་སྡེའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང(ཅུའུ)། ཞིང་ཆེན་རིམ་པ་དང་གྲོང་ཁྱེར་གཞོན་པ་ཁག་གི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་ཨུད་ཁག་དང་ཐད་གཏོགས་ལས་ཁུངས་ཁག་གི་མི་དོན་སྡེ་ཚན། འབྲེལ་ཡོད་མཐུན་ཚོགས་དང་སློབ་ཚོགས་བཅས་ལ་བསྟན་དོན། 

ཆེད་ལས་ལག་རྩལ་མི་སྣའི་ལས་རིགས་ཐོབ་ཐང་རྒྱུགས་ལེན་འཆར་འགོད་དང་དོ་དམ་སྔར་བས་ཡག་པོ་བྱས་ནས། རྒྱ་ཆེའི་ཆེད་ལས་ལག་རྩལ་མི་སྣ་ལས་རིགས་ཐོབ་ཐང་རྒྱུགས་ལེན་ནང་ཞུགས་བདེ་བ་དང་། ཚོང་གཉེར་འབྲེལ་ཡོད་སྡེ་ཚན་གྱི་མོས་མཐུན་ཐོབ་པར།2020ལོའི་ཆེད་ལས་ལག་རྩལ་མི་སྣའི་ལས་རིགས་ཐོབ་ཐང་རྒྱུགས་ལེན་འཆར་གཞི་དང་འབྲེལ་ཡོད་གནད་དོན་ཐད་ཀྱི་བརྡ་སྦྱོར་གཤམ་གསལ།

གཅིག《2020ལོའི་ཆེད་ལས་ལག་རྩལ་མི་སྣའི་ལས་རིགས་ཐོབ་ཐང་ཡིག་རྒྱུགས་བྱ་བའི་འཆར་གཞི》གཞིར་བཟུང་ནས། ཡིག་རྒྱུགས་སྒྲིག་འཛུགས་དང་ལག་བསྟར་བྱ་བ་ཡག་པོར་བསྒྲུབས་ནས་ཡིག་རྒྱུགས་ཁག་བདེ་བླག་ངང་སྤེལ་ཐུབ་པའི་འགན་ལེན་བྱ་དགོས་ཤིང་། གལ་ཏེ་དམིགས་བསལ་གྱི་གནས་ཚུལ་བྱུང་ནས་རྒྱུགས་ལེན་གྱི་དུས་ཚོད་བསྒྱུར་དགོས་བྱུང་ན། སྔོན་ཚུད་ནས་ཟུར་དུ་བརྡ་ཐོ་གཏང་རྒྱུ་རེད།

གཉིས། ས་གནས་ཁག་གི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་དང་འབྲེལ་ཡོད་ལས་རིགས་གཙོ་གཉེར་སྡེ་ཚན་གྱིས་གཞོགས་འདེགས་ཧུར་ཐག་དང་མཉམ་ལས་དམ་ཟབ་བྱས་ཏེ། ཡིག་རྒྱུགས་ཀྱི་འབྲེལ་ཡོད་སྒྲིག་སྲོལ་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ཏེ། ཡིག་རྒྱུགས་ཀྱི་གྲ་སྒྲིག་བྱ་བ་ཁག་ཏན་ཏིག་ངང་ཡག་པོར་བསྒྲུབ་དགོས་པ་རེད།

གསུམ། དགེ་རྒན་གྱི་ཐོབ་ཐང་དཔང་ཡིག་དང་། ལས་གཉེར་ཕྱུགས་རིགས་སྨན་པའི་དཔང་ཡིག རིག་དངོས་སྲུང་སྐྱོབ་ལས་གྲྭའི་ལས་ཞུགས་དཔང་ཡིག དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་མི་སྣའི་ལས་རིགས་དཔང་ཡིག དམིགས་བསལ་སྒྲིག་ཆས་རྟོག་ཞིབ་མི་སྣའི་དཔང་ཡིག་སོགས་ལོ་སྨད་ཀྱི་རྒྱུགས་ལེན་དུས་ཚོད་འབྲེལ་ཡོད་སྡེ་ཁག་གིས་ཟུར་དུ་བརྡ་ཐོ་གཏང་རྒྱུ་རེད།

བཞི། རྒྱལ་ཁབ་ཀྱི་ལས་རིགས་ཐོབ་ཐང་རྒྱུགས་ལེན་གྱི་རྩ་གནད་གཅིག་གྱུར་དང་། བརྗོད་གཞི་གཅིག་གྱུར་། སྒྲིག་འཛུགས་གཅིག་གྱུར་བཅས་བྱས་ཏེ། ཆ་རྐྱེན་དང་མཐུན་པའི་ཆེད་ལས་ལག་རྩལ་མི་སྣས་གཏན་འབེབས་ལྟར་ཚད་ལྡན་གྱི་ཐབས་ལམ་བརྒྱུད་ནས་མིང་ཐོ་འགོད་དགོས་པ་ལས་དྲིལ་སྒྲོག་རྫུན་མར་ཡིད་ཆེས་གཏན་ནས་བྱེད་མི་རུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བླང་བྱ་ལྟར་རྒྱུགས་ལེན་ཐོ་འགོད་ཀྱི་དཔང་ཡིག་དོན་ཚན་ལ་གསལ་བཤད་ཁས་ལེན་ལམ་ལུགས་ལག་བསྟར་ལྟར། རྒྱུགས་སྤྲོད་སློབ་མས་བླང་བྱ་ལྟར་ཆ་འཕྲིན་ནན་ཏན་ངང་འབྲི་དགོས་པ་དང་ཡིད་རྟོན་དཔྱད་གཞིར་འཛིན་དགོས་ལ། རྒྱལ་ཁབ་ཀྱིས་ཟབ་སྦྱོང་སྒྲིག་གཞི་གང་རུང་ཞིག་གིས་ལས་རིགས་ཐོབ་ཐང་རྒྱུགས་ལེན་གྱི་ཟབ་སྦྱོང་བྱ་བ་སྤེལ་རྒྱུར་གཏན་འཁེལ་བྱས་མེད་པ་དང་། ཁྲིམས་འགལ་ཟབ་སྦྱོང་སྒྲིག་གཞིས“སྐྱོན་སེལ”ཁ་གཡར་ནས་གཡོ་སྒྱུ་མགོ་སྐོར་གཏོང་བའམ་ཡང་ན་གཡོ་ལས་སྒྲིག་འཛུགས་བྱེད་པའི་རིགས་ལ་ཁྲིམས་ལྟར་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་ནན་པོ་གཏང་རྒྱུ་ཡིན་པ་རེད།

མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་གཞུང་སྒྲུབ་ཐིན་།

2019ལོའི་ཟླ12པའི་ཚེས26ཉིན།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།