མཚོ་སྲིད་གཞུང་ལས་ཐིན[2019]ཨང42པ།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་གྱིས་ཞིང་ཆེན་ཡོངས་ཀྱི་རོང་འབྲོག་པའི་སྡོད་གནས་ཆ་རྐྱེན་ལེགས་བསྒྱུར་ལས་གྲྭར་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི་དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།

གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་གཞུང་ལས་ཁང་། ཐིན། ཅུས་སོ་སོ་བཅས་ལ།

《ཞིང་ཆེན་ཡོངས་ཀྱི་རོང་འབྲོག་པའི་སྡོད་གནས་ཆ་རྐྱེན་ལེགས་བསྒྱུར་ལས་གྲྭར་སྐུལ་འདེད་གཏོང་བའི་སྐོར་གྱི་ལག་བསྟར་ཇུས་གཞི》ཞིང་ཆེན་སྲིད་གཞུང་ཡིད་འཐད་བྱུང་ཞིང་། འདིར་ཁྱོད་ཚོར་དཔར་འགྲེམ་བྱས་པ་བཞིན་དོན་དངོས་དང་སྦྲེལ་ཏེ་ནན་ཏན་སྒོས་རྩ་འཛུགས་བྱས་ནས་ལག་ཏུ་བསྟར་དགོས།

2019ལོའི་ཟླ3པའི་ཚེས28ཉིན།

ཞིང་ཆེན་ཡོངས་ཀྱི་རོང་འབྲོག་པའི་སྡོད་གནས་ཆ་རྐྱེན་ལེགས་བསྒྱུར་ལས་གྲྭར་སྐུལ་འདེད་གཏོང་བའི་སྐོར་གྱི་ལག་བསྟར་ཇུས་གཞི།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བས་བཏོན་པའི་ཞིང་གྲོང་དར་སྤེལ་འཐབ་ཇུས་དང་ཞིང་ཆེན་ཏང་ཨུའི“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་གཏིང་ཟབ་མོས་དོན་འཁྱོལ་བྱེད་པ་དང་། ལྗང་མདོག་གི་འཕེལ་རྒྱས་འདུ་ཤེས་ལག་ཏུ་བསྟར་བ་དང་། རོང་འབྲོག་པའི་སྡོད་གནས་ཆ་རྐྱེན་ལེགས་བསྒྱུར་བྱེད་པའི་ཁ་ཚ་དགོས་གཏུགས་ཀྱི་རེ་བ་དང་བདེ་སྐྱིད་ཀྱི་འཚོ་བ་རེ་སྙེག་བྱེད་པའི་བློ་ཁ་དང་བསྟུན་ནས་རོང་འབྲོག་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏང་ཆེད། འདིར་ཞིང་ཆེན་ཡོངས་ཀྱི་རོང་འབྲོག་པའི་སྡོད་གནས་ཆ་རྐྱེན་ལེགས་བསྒྱུར་ལས་གྲྭར་སྐུལ་འདེད་གཏོང་བར་གཞིགས་ནས་གཤམ་གསལ་གྱི་ལག་བསྟར་ཇུས་གཞི་གཏན་འབེབས་བྱས་པ་སྟེ།

གཅིག སྤྱིའི་བླང་བྱ།

ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་དང་ལྔ་བའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་མཐར་ཕྱིན་བྱེད་པ་དང་། མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱེད་ཅིང་། “འཐབ་ཇུས་བཞི་ཅན་ལྔ”གཏིང་ཟབ་མོས་ལག་ཏུ་བསྟར་བ་དང་། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ལ་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་རོང་འབྲོག་པའི་བདེ་སྡོད་དགོས་མཁོ་དང་ཞིང་པའི་སྡོད་ཁང་འཛུགས་སྐྲུན་གྱི་དོན་དངོས་ལ་བརྩི་བཀུར་བྱས་པའི་རྨང་གཞིའི་སྟེང་རོང་འབྲོག་པའི་སྡོད་གནས་ཆ་རྐྱེན་ལེགས་བསྒྱུར་ལས་གྲྭ་ལག་ཏུ་བསྟར་བ་བརྒྱུད་དེང་རབས་ཀྱི་རྩོལ་ནུས་སྔོན་ཐོན་དང་། རྣམ་པ་ཡུལ་ཆོས་དང་མཐུན་པ། མ་གནས་དམའ་བ། སྒྲིག་གཞི་བདེ་འཇགས་ཡིན་པ། ལྗང་མདོག་ཁོར་སྲུང་བཅས་ཀྱི་བདེ་སྡོད་རྣམ་པའི་རོང་འབྲོང་པའི་སྡོད་ཁང་སྐོར་ཞིག་འཛུགས་སྐྲུན་བྱས་ནས་རོང་འབྲོག་མང་པའི་འཚོ་བའི་སྤུས་ཚད་ནུས་ལྡན་སྒོས་ལེགས་བསྒྱུར་བྱེད་པ་དང་། སྡེ་བའི་རྣམ་པ་ཕྱོགས་ཡོངས་ནས་ཇེ་ལེགས་སུ་འགྲོ་བ། རོང་འབྲོག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ནུས་ལྡན་སྒོས་སྲུང་སྐྱོང་ཐུབ་པར་སྐུལ་འདེད་གཏང་དགོས།

གཉིས་པ། གཞི་རྩའི་རྩ་དོན།

སྲིད་གཞུང་གིས་ཁྲིད་སྟོན་དང་ཞིང་བས་རང་བདག་བྱེད་པ་རྒྱུན་འཁྱོངས་བྱ་དགོས། སྲིད་ཇུས་ཀྱིས་ཁྲིད་སྟོན་དང་ལག་རྩལ་གྱིས་འདེགས་སྐྱོར་བྱེད་ཅིང་། མ་དངུལ་གྱི་ཁ་གསབ་དང་བྱ་དགའ་སྟེར་བའི་རྐྱེན་སྲོལ་འཐུས་ཚང་དུ་བཙུགས་ནས་རོང་འབྲོག་པས་རང་འགུལ་སྒོས་སྡོད་གནས་ཆ་རྐྱེན་ལེགས་བསྒྱུར་ལས་གྲྭར་ཞུགས་པར་ཁྲིད་སྟོན་དང་ཡར་སྐུལ་བྱ་དགོས། ལས་གཞི་ལག་ཏུ་བསྟར་བར་རོང་འབྲོག་མང་ཚོགས་རང་མོས་རང་བདག་ཡིན་ཞིང་། རང་ཉིད་ཀྱིས་གྲབས་གསོག་གཙོ་བོར་བྱེད་པ་ལས་བཙན་ཤེད་དམ་དབང་ཤེད་ཀྱིས་སྒྱུར་བཀོད་བྱ་མ་རུང་། “སྡེ་བའི་ཨུ་ལྷན་གཉིས”ཀྱི་ཚན་སྐོར་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཐབས་ཇུས་མཉམ་འདོན་དང་། འཕེལ་རྒྱས་མཉམ་སྐྲུན། འཛུགས་སྐྲུན་མཉམ་འཛིན། ནུས་འབྲས་མཉམ་དཔྱད། གྲུབ་འབྲས་མཉམ་སྤྱོད་བཅས་ཀྱི་བྱ་བའི་རྐྱེན་སྲོལ་འཛུགས་པར་སྐུལ་འདེད་གཏང་དགོས།

གཙོ་གནད་འབུར་དོད་དང་སྲོང་འཛུགས་མཉམ་འཛིན་བྱེད་པ་རྒྱུན་འཁྱོངས་བྱ་དགོས། གནད་དོན་ཀྱིས་ཕྱོགས་སྟོན་བྱེད་པ་རྒྱུན་འཁྱོངས་བྱས་ནས་སྡོད་ཁང་ནུས་གྲོན་ཅན་དུ་སྒྱུར་བཀོད་དང་ཁྱིམ་སྤྱོད་སྤྱོད་ཁང་སོགས་སྒྲིག་བཀོད་སྒྱུར་བཀོད་གཙོ་གནད་དུ་འཛིན་དགོས། སྲོང་འཛུགས་མཉམ་འཛིན་དང་རྩ་ལག་མཉམ་བཅོས་ཀྱི་འཛུགས་སྐྲུན་དོ་དམ་ཡུན་ཕན་རྐྱེན་སྲོལ་བཙུགས་ནས་སྒྲིག་འགལ་འཛུགས་སྐྲུན་བཤིག་པ་དང་། མཛེས་པའི་ཁྱིམ་ལྷས་གསར་དུ་བསྐྲུན་ཏེ་གྲོང་ཚོའི་སྤྱིའི་རྣམ་པ་ནུས་ལྡན་སྒོས་ཇེ་ལེགས་སུ་གཏོང་བ་དང་། རོང་འབྲོག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་གཏང་དགོས།

ཇུས་འགོད་ཀྱིས་སྣེ་ཁྲིད་དང་ཡུལ་བབ་ལ་བསྟུན་པ་རྒྱུན་འཁྱོངས་བྱ་དགོས། སྔོན་ལ་འཆར་འགོད་བྱེད་ཅིང་རྗེས་སུ་འཛུགས་སྐྲུན་བྱེད་པ་རྒྱུན་འཁྱོངས་དང་། ཇུས་འགོད་དང་འཛུགས་སྐྲུན་གྱི་ལག་རྩལ་མཛུབ་སྟོན་ལ་ཤུགས་བསྣན་ཐོག ཇུས་འགོད་ཀྱི་ཆེད་དུ་ཞིང་གྲོང་ལ་བསྐྱོད་པར་སྐུལ་འདེད་བཏང་སྟེ་ཇུས་འགོད་མི་སྣ་སྡེ་བར་བཅའ་སྡོད་བྱས་ནས་སྡོད་ཁང་ལེགས་བསྒྱུར་གྱི་ཇུས་འགོད་ནང་དོན་ཡིན་པའི་གྲོང་ཚོའི་རྣམ་པ་བསྒྱུར་བར་ཇུས་འགོད་ཀྱི་བྱ་བ་སྤེལ་བར་སྐུལ་མ་གཏང་དགོས། ཡུལ་བབ་དང་བསྟུན་པ་རྒྱུན་འཁྱོངས་བྱས་ཏེ་སྡོད་གནས་ཆ་རྐྱེན་ལེགས་བསྒྱུར་གྱི་འཆར་འགོད་ཇུས་འགོད་དེ་གྲོང་ཚོའི་སྤྱིའི་རྣམ་པ་དང་རང་བྱུང་ཁོར་ཡུག་དང་མཐུན་སྦྱོར་ཡོང་བར་བྱེད་པ་དང་། སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱ་རྒྱུ་དང་། མི་རིགས་ཀྱི་ཁྱད་ཆོས་དང་གྲོང་གསེབ་ཀྱི་ཁྱད་ཆོས། དུས་རབས་ཀྱི་ཁྱད་ཆོས་བཅས་མངོན་པར་བྱ་རྒྱུ་དོ་སྣང་ཆེན་པོ་བྱ་དགོས།

སྲིད་ཇུས་སྣེ་མཐུད་དང་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བའི་བྱ་བ་ལེགས་པོར་བསྒྲུབ་དགོས། གྲོང་གསེབ་དར་སྤེལ་དང་རོང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་བཅོས་སྐྱོང་། ཁྱད་ཆོས་ལྡན་པའི་མཁར་གྲོང་ཆུང་བ(གྲོང་རྡལ)གསར་སྐྲུན། མཐོ་སྒང་གི་མཛེས་པའི་གྲོང་གསེབ་འཛུགས་སྐྲུན། ཞིང་སྡེའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་། སྤྱོད་ཁང་གསར་བརྗེ། སྲོལ་རྒྱུན་གྲོང་སྡེ་སྲུང་སྐྱོང་། རོང་འབྲོག་ཁུལ་གྱི་འཚོ་བའི་གད་སྙིགས་དང་འཚོ་བའི་བཙོག་ཆུ་བཅོས་སྐྱོང་། ས་ཞིང་ལེགས་སྒྲིག་སོགས་ཀྱི་བྱ་བའི་བླང་བྱ་དང་ཟུང་འབྲེལ་དམ་པོ་བྱས་ནས་གཅིག་སྡུད་མུ་འབྲེལ་དང་སྡེ་བ་ཡོངས་ལ་སྐུལ་སྤེལ་བྱེད་སྟངས་ལྟར་གཅིག་གྱུར་འཆར་འགོད་བྱས་ནས་ལག་ཏུ་བསྟར་དགོས།

གསུམ་པ། ནང་དོན་གཙོ་བོ།

(གཅིག) ལག་བསྟར་ཁྱབ་ཁོངས། ཞིང་ཆེན་ནང་ཁུལ་གྱི་འགྲིམ་འགྲུལ་མ་ལམ་གྱི་འགྲམ་རྒྱུད་གཉིས་དང་། ཡུལ་སྐོར་ལྗོངས་ཁུལ་གལ་ཆེན། མཁར་གྲོང་མཐའ་འཁོར་གྱི་གྲོང་ཚོ། རྒྱལ་དབང་ཞིང་རའི་ལས་བཟོ་བ་སྡོད་གནས་བཅས་ནི་ལག་བསྟར་ཁྱབ་ཁོངས་གཙོ་བོ་ཡིན། གྲོང་ཁྱེར་དང་གྲོང་གསེབ་མཉམ་འབྲེལ་ཁག་དང་། ཤང་རྡལ་བཅའ་སྡོད་བྱེད་སའི་གྲོང་ཚོ་དང་དཔལ་འབྱོར་ཆ་རྐྱེན་ལྟོས་བཅས་ཀྱིས་ཅུང་བཟང་ཞིང་། སྐུལ་ཁྲིད་ཀྱི་ནུས་པ་ཅུང་ཆེ་བ། མང་ཚོགས་ཟབ་ཞུགས་ཀྱི་མོས་པ་ཆེ་བའི་གྲོང་ཚོ་བཅས་ལ་དམིགས་བསལ་གྱིས་སྔོན་ལ་བསམ་བློ་གཏང་དགོས། གཅིག་སྡུད་མུ་འབྲེལ་དང་སྡེ་བ་ཡོངས་ལ་སྐུལ་སྤེལ་གཏོང་བའི་བླང་བྱ་ལྟར་ལས་གཞི་ལག་བསྟར་བྱེད་པའི་གྲོང་ཚོའི་ཁྱབ་ཁོངས་ནང་གི་གྲོང་ཚོའི་ལྷས་ར་སྒོ་ར་དང་སྡོད་ཁང་ཡོད་ཚད་སྒྱུར་བཀོད་ཀྱི་ཁྱབ་ཁོངས་སུ་བཅུག་སྟེ་བྱ་དགའ་དང་ཁ་གསབ་རོགས་དངུལ་སྟེར་བའི་སྲིད་ཇུས་ལོངས་སུ་སྤྱོད་དུ་འཇུག་དགོས།

(གཉིས།) ལག་བསྟར་ནང་དོན། རོང་འབྲོག་མང་ཚོགས་ལཉེ་བར་མཁོ་ཞིང་ཆེས་དགོས་གལ་ཆེ་བའི་རེ་འདོད་ལ་དམིགས་ཤིང་། ད་ཡོད་ཀྱི་རོང་འབྲོག་པའི་སྡོད་ཁང་སྐོར་སྲུང་སྒྲིག་གཞིའི་ནུས་སྲི་དྲོད་འཛིན་དང་ཁྱིམ་སྤྱོད་སྤྱོད་ཁང་སྒྱུར་བཀོད་སོགས་འཚོ་བའི་སྤུས་ཚད་ཇེ་ལེགས་སུ་ཚད་མཐོན་པོ་གཏོང་བའི་ནང་དོན་འཐུས་ཚང་དུ་གཏང་རྒྱུ་གཙོ་གནད་དུ་བཟུང་ནས་སོལ་རླངས་འདྲེན་མཐུད་དང་བཙོག་འབུད། གྲོང་ཚོའི་ཁོར་ཡུག་བཅོས་སྐྱོང་བཅས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་ཞིང་། སྡེ་ཡོངས་མུ་འབྲེལ་གྱིས་མི་སྡོད་ཁོར་ཡུག་ལེགས་བསྒྱུར་བྱ་དགོས་ཏེ། གཅིག་ནི་ནུས་སྲི་དྲོད་འཛིན་མཐོར་འདེགས་བྱེད་པའི་ཐད། གྱང་ཕྱིའི་ནུས་སྲི་དྲོད་འཛིན་དང་ཁང་ཀླད་ཀྱི་དྲོད་འཛིན་ཆུ་འགོག སྒུལ་བདེའི་རྣམ་པའི་ཉི་ནུས་དྲོད་ཁྱམས་སྒྲིག་འཛུགས་དང་། སྡོད་ཁང་གི་ཕྱིའི་སྒེའུ་ཁུང་བརྗེ་བ་སོགས་འདུས། གཉིས་ནི་ཆ་འགྲིག་སྒྲིག་ཆས་འཐུས་ཚང་དུ་གཏོང་བའི་ཐད། ཕྱིར་འབུད་ཀྱི་ཆ་རྐྱེན་ལྡན་པའི་གྲོང་ཚོས་ཆུ་བཤལ་རྣམ་པའི་སྤྱོད་ཁང་དུ་སྒྱུརབཀོད་དང་ཆུ་འབུད་སྦུག་དྲ་འདིང་བར་བརྩོན་པས་སྐུལ་འདེད་གཏོང་བ་དང་། མང་ཚོགས་ཀྱིས་ཆོད་མ་གསུམ་ལྡན་གྱི་ལུད་རྫིང་སོགས་ཁྱིམ་གྱི་བཙོག་ཆུ་ཐག་གཅོད་སྒྲིག་ཆས་ཆ་འགྲིག་ཏུ་འཛུགས་སྐྲུན་བྱེད་པར་ཁྲིད་སྟོན་བྱ་དགོས་པ་དང་། སོལ་རླངས་འདྲེན་མཐུད་ཆ་རྐྱེན་ལྡན་པའི་གྲོང་ཚོས་རང་བྱུང་སོལ་རླངས་ཁྱིམ་ཚང་དུ་འདྲེན་པར་ཧུར་ཐག་གིས་སྐུལ་འདེད་གཏང་དགོས། གསུམ་ནི་ལྷས་ར་དང་གྲོང་ཚོའི་ཁོར་ཡུག་བཅོས་སྐྱོང་ཐད། བདེ་འཇགས་ལ་མངོན་མེད་རྐྱེན་ངན་ལྡན་པའི་ཁང་རྙིང་བཤིག་པ་དང་། ཁང་བའི་མདུན་རྒྱབ་ཏུ་རང་དགར་གང་ཡིན་བསྐྲུན་པ་བཅོས་སྐྱོང་དང་གྱང་རོ་བཤིག་པ། སྡོད་ཁང་དང་ལྷས་རའི་རྣམ་པ་ཇེ་ལེགས་སུ་གཏོང་བ་སོགས་འདུས།

ལས་གཞི་ལག་བསྟར་གྱི་གལ་ཆེན་རང་བཞིན་ལ་གཞིགས་ནས་གཙོ་ཆེར་སྐུལ་སྤེལ་ལས་གཞི་དང་སྣེ་སྟོན་རིགས་ཀྱི་ལས་གཞི་གཉིས་སུ་དབྱེ། དེ་ལས་སྡོད་ཁང་སྐོར་སྲུང་སྒྲིག་གཞིའི་ནུས་སྲི་དྲོད་འཛིན་དང་ཁང་བའི་ནང་གི་སྤྱོད་ཁང་སྒྱུར་བཀོད་ནི་གཙོ་བོ་སྐུལ་སྤེལ་གཏང་བྱའི་ལས་གཞི་ཡིན་ཞིང་། ལས་གཞི་ལག་བསྟར་བྱེད་སའི་སྡེ་བའི་ནང་དུ་ཆ་རྐྱེན་ལྡན་པའི་ཁྱིམ་ཚང་ཡོད་ཚད་ཀྱིས་ལག་ཏུ་བསྟར་དགོས། ལས་གཞི་གཞན་དག་ནི་སྣེ་སྟོན་རིགས་ཀྱི་ལས་གཞི་ཡིན་པས་མང་ཚོགས་ཀྱིས་རང་མོས་ལྟར་འདེམས་གསེས་བྱ་ཆོག

(གསུམ།) ལག་བསྟར་དམིགས་ཡུལ། 2019ལོར་སྔོན་ལ་ཚོད་ལྟ་བྱས་ནས་རོང་འབྲོག་པ་ཁྱིམ་ཚང་ཁྲི3ཡི་སྡོད་གནས་ཆ་རྐྱེན་ལེགས་བསྒྱུར་ལས་གྲྭ་འགྲུབ་དགོས་པ་དང་། གྲོང་ཚོ110ལྷག་གི་རྣམ་པ་ཇེ་ལེགས་སུ་གཏང་དགོས། 2020ལོ་ནས་བཟུང་སྟེ་ལོ་རེར་རོང་འབྲོག་པ་ཁྱིམ་ཚང་ཁྲི4ཡི་སྡོད་གནས་ཆ་རྐྱེན་ལེགས་བསྒྱུར་ལས་གྲྭ་འགྲུབ་དགོས་ལ། 2025ལོར་སླེབས་ན། རོང་འབྲོག་པ་ཁྱིམ་ཚང་ཁྲི27ཡི་སྡོད་གནས་ཆ་རྐྱེན་རྩ་བའི་ཆ་ནས་ལེགས་བསྒྱུར་བྱ་དགོས་པ་དང་། གྲོང་ཚོ1000ལྷག་གི་རྣམ་པ་མངོན་གསལ་གྱིས་ཇེ་ལེགས་སུ་གཏང་དགོས།

(བཞི།) ལག་བསྟར་བྱེད་ཐབས།

1.རྫོང་རིམ་པས་རེ་ཞུ་འབུལ་བ་དང་། སྡེ་བ་རིམ་པས་རྩ་འཛུགས་བྱ་དགོས། ས་གནས་སོ་སོས་གཏིང་ཟབ་སྒོས་བརྟག་དཔྱད་བྱས་པའི་རྨང་གཞིའི་སྟེང་རྫོང་སྡེ་ཚན་དུ་བྱས་ནས་ས་གནས་དེ་གའི་རོང་འབྲོག་པའི་སྡོད་གནས་ཆ་རྐྱེན་ལེགས་བསྒྱུར་ལས་གཞིའི་ལག་བསྟར་ཇུས་གཞི་གཏན་ལ་ཕབ་སྟེ་ལོ་འཁོར་ལྟར་ལས་གཞི་བསྐྲུན་པར་རེ་ཞུ་འབུལ་དགོས། ཞིང་ཆེན་རིམ་པའི་ལོ་འཁོར་གྱི་ལག་བསྟར་ཇུས་གཞི་དང་འཆར་གཞི་ལས་འགན་འོག་རིམ་ལ་སྤྲད་རྗེས། ལག་བསྟར་བྱེད་སའི་སྡེ་བར་བཀོད་པའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་རྩ་འཛུགས་བྱས་ནས་གྲོང་ཚོའི་འཛུགས་སྐྲུན་ཇུས་གཞི་དང་སྤྱིའི་རྣམ་པ་ཇུས་འགོད་འཆར་གཞི་བཟོས་ཏེ་ཁྱིམ་ཚང་རེ་རེ་དང་ཁང་བ་རེ་རེའི་སྒྱུར་བཀོད་ཁྱབ་ཁོངས་དང་། ནང་དོན། ལས་གྲྭའི་ཚད་བཅས་གཏན་འཁེལ་བྱས་ཐོག་གཅིག་གྱུར་གྱིས་འཛུགས་སྐྲུན་དང་རང་ཉིད་ཀྱིས་སྐྲུན་གྱི་ཁྱབ་ཁོངས་ངེས་གསལ་བྱ་དགོས། ལོ་འཁོར་རྗེས་མའི་རོང་འབྲོག་པའི་སྡོད་གནས་ཆ་རྐྱེན་ལེགས་བསྒྱུར་ལས་གྲྭའི་ལས་གཞི་རེ་ཞུ་ཡི་གེ་དེ་ལོ་འཁོར་འདིའི་ཟླ8པའི་ཟླ་མཇུག་གི་སྔོན་ལ་ཞིང་ཆེན་གྲོང་ཁྱེར་དང་གྲོང་གསེབ་སྡོད་ཁང་འཛུགས་སྐྲུན་གྱི་མགོ་ཁྲིད་ཚན་ཆུང་གི་གཞུང་ལས་ཁང་ལ་དབུལ་དགོས།

2.འགན་འཁྲི་ངེས་གསལ་བྱེད་པ་དང་། མང་ཚོགས་རང་མོས་ཡིན་དགོས། ལས་གཞི་ལག་བསྟར་མ་བྱས་གོང་དུ་ཤང་རྡལ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་ལས་གཞི་ལག་བསྟར་བྱེད་སའི་སྡེ་བའི་ནང་དུ་སྡོད་ཁང་གི་ད་ཡོད་གནས་ཚུལ་ལ་ཁྱིམ་ཚང་རེ་རེ་བཞིན་བརྟག་དཔྱད་བྱས་ནས་དཔྱད་དཔོག་བྱེད་པ་དང་། ཁང་བའི་གནས་ཚུལ་(ཁང་བ་དང་ལྷས་རའི་ད་ཡོད་གནས་ཚུལ་པར་བླངས་ནས་ཟིན་ཐོ་འགོད་པ)ཐོ་འགོད་བྱས་ཏེ་ལས་གཞིའི་ནང་དོན་གཏན་ཁེལ་བྱས་དང་ལས་གྲྭའི་ཚད་ཚོད་རྩིས་བྱ་དགོས་པ་མ་ཟད། 《རོང་འབྲོག་པའི་སྡོད་གནས་ཆ་རྐྱེན་ལེགས་བསྒྱུར་ལས་གྲྭའི་ཁྱིམ་དུ་སོང་ནས་བརྟག་དཔྱད་དང་ལས་གཞི་གཏན་ཁེལ་རེའུ་མིག》བསྐངས་ཏེ། ཁྱིམ་བདག་གིས་མིང་བཀོད་དེ་ངོས་ལེན་བྱས་རྗེས་རོང་འབྲོག་ཁྱིམ་ཚང་གི་ཡིག་ཚགས་བཟོ་དགོས་ལ། འབྲེལ་ཡོད་ཆ་འཕྲིན“མཚོ་སྔོན་ཞིང་ཆེན་གྱི་རོང་འབྲོག་པའི་སྡོད་གནས་ཆ་རྐྱེན་ལེགས་བསྒྱུར་ལས་གྲྭའི་དོ་དམ་ཆ་འཕྲིན་མ་ལག”ཏུ་འཇུག་དགོས། ལག་ཏུ་བསྟར་བྱའི་ལས་གཞི་མང་ཚོགས་ཀྱི་རེ་འདོད་དང་སྡོད་ཁང་གི་དོན་དངོས་གནས་ཚུལ་ལ་གཞིགས་ནས་ལག་བསྟར་གྱི་དགོས་ངེས་རང་བཞིན་ལ་ཚན་རིག་དང་མཐུན་པའི་སྒོ་ནས་དཔྱད་དཔོག་བྱས་ཏེ། ཁྱིམ་ཚང་རེ་རེ་དང་ལས་གཞི་རེ་རེ་བཞིན་དུ་ལག་ཏུ་བསྟར་བྱའི་ལས་གཞི་ཞིབ་འཇུག་བྱས་ནས་གཏན་ཁེལ་བྱ་དགོས། ལག་ཏུ་བསྟར་བྱའི་ལས་གཞི་དང་ལས་གྲྭའི་ཚད་གཏན་ཁེལ་བྱས་རྗེས། ཤང་རྡལ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་རོང་འབྲོག་ཁྱིམ་ཚང་བར་དུ་གྲོས་ཆིངས་འཇོག་དགོས་པ་མ་ཟད། བྱེ་བྲག་གི་ལས་གཞི་འཛུགས་སྐྲུན་གྱི་དུས་རིམ་དང་སྤུས་ཚད་ཞིབ་བཤེར་རྩིས་ལེན་གྱི་ཚད་གཞི་ངེས་གསལ་བྱ་དགོས་ལ། ལས་གཞི་འགྲུབ་རྗེས་ཤང་རྡལ་སྲིད་གཞུང་གིས《མཚོ་སྔོན་ཞིང་ཆེན་གྱི་རོང་འབྲོག་པའི་སྡོད་གནས་ཆ་རྐྱེན་ལེགས་བསྒྱུར་ལས་གྲྭའི་ལག་རྩལ་ཁྲིས་སྟོན་ལམ་སྲོལ(ཚོད་ལྟའི་ལག་བསྟར)》ལྟར་ཁྱིམ་ཚང་དུ་སོང་ནས་ཞིབ་བཤེར་རྩིས་ལེན་བྱེད་པར་རྩ་འཛུགས་བྱ་དགོས་པ་དང་། རྫོང་རིམ་པའི་གཙོ་གཉེར་སྡེ་ཁག་གིས་སྡེ་བ་ཡོངས་ཞིབ་བཤེར་རྩིས་ལེན་བྱེད་པར་གཅིག་གྱུར་གྱིས་རྩ་འཛུགས་བྱ་དགོས།

3.མང་ཚོགས་ཀྱིས་མ་དངུལ་གཏོང་བ་དང་། སྲིད་གཞུང་གིས་ཁ་གསབ་རོགས་དངུལ་སྟེར་དགོས། རོང་འབྲོག་པའི་སྡོད་གནས་ཆ་རྐྱེན་ལེགས་བསྒྱུར་ལས་གྲྭ་དེ་མང་ཚོགས་ཀྱིས་མ་དངུལ་གཏོང་བ་གཙོ་བོར་བྱེད་པ་དང་། སྲིད་གཞུང་གིས་བསྡུར་ཚད་ངེས་ཅན་གྱི་བྱ་དགའ་དང་ཁ་གསབ་རོགས་དངུལ་སྤྲད་དགོས། བྱ་དགའ་དང་ཁ་གསབ་རོགས་དངུལ་དེ་ཁྱིམ་ཚང་སྡེ་ཚན་དུ་བྱ་དགོས་ཤིང་། ལག་ཏུ་བསྟར་བྱའི་ལས་གཞི་དངོས་དང་ལས་གྲྭའི་ཚད་དང་། ས་དེ་གའི་རྩིས་གཞི་རེ་རེའི་བཟོ་སྐྲུན་མ་གནས་ལྟར་ཚོད་རྩིས་བྱས་རྗེས་དངོས་སུ་བཏང་བའི་འཛུགས་སྐྲུན་མ་གནས་ལྟར་བྱ་དགའ་དང་ཁ་གསབ་རོགས་དངུལ་སྤྲད་དགོས། ཡིག་ཚགས་དང་ཐོ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་མིན་པར་ནོར་སྲིད་ཀྱིས་བྱ་དགའ་དང་ཁ་གསབ་རོགས་དངུལ་སྟེར་བའི་བསྡུར་ཚད་དེ་རྩ་དོན་སྟེང་གཙོ་གནད་སྐུལ་སྤེལ་ལས་གཞི་ལ་འཛུགས་སྐྲུན་གྱི་སྤྱིའི་མ་གནས་ཀྱི35﹪ལས་མི་མཐོ་བ་དང་། སྣེ་སྟོན་རིགས་ཀྱི་ལས་གཞི་ལ་འཛུགས་སྐྲུན་གྱི་སྤྱིའི་མ་གནས་ཀྱི25﹪ལས་མི་མཐོ་བའི་བསྡུར་ཚད་ལྟར་བྱ་དགའ་དང་ཁ་གསབ་རོགས་དངུལ་སྟེར་དགོས་ལ། ཁྱིམ་ཚང་རེར་བྱ་དགའ་དང་ཁ་གསབ་རོགས་དངུལ་ཆེས་མང་ནའང་སྒོར་ཁྲི2.5ལས་བརྒལ་མི་རུང་། ཡིག་ཚགས་དང་ཐོ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་ལ་ནོར་སྲིད་ཀྱིས་བྱ་དགའ་དང་ཁ་གསབ་རོགས་དངུལ་སྟེར་བའི་བསྡུར་ཚད་རྩ་དོན་སྟེང་གཙོ་གནད་སྐུལ་སྤེལ་ལས་གཞི་ལ་མ་མཐའ་སྐྱོང་བ་དང་། སྣེ་སྟོན་རིགས་ཀྱི་ལས་གཞི་ལ་འཛུགས་སྐྲུན་སྤྱིའི་མ་གནས་ཀྱི50﹪ལས་མི་མཐོ་བའི་བསྡུར་ཚད་ལྟར་བྱ་དགའ་དང་ཁ་གསབ་རོགས་དངུལ་སྤྲད་དགོས། ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་ཁྱིམ་ཚང་རེར་ཆ་སྙོམས་ཀྱིས་སྒོར་ཁྲི1.5ཡི་རོགས་དངུལ་ཚད་གཞི་ལྟར་བྱ་དགའ་དང་ཁ་གསབ་རོགས་དངུལ་ཐད་ཀར་རྫོང་ལ་སྤྲད་དགོས་པ་དང་། རྫོང་རིམ་པའི་སྲིད་གཞུང་གིས་གཅིག་གྱུར་འཆར་འགོད་ཀྱིས་བེད་སྤྱོད་བྱ་དགོས། གྲོང་ཁྱེར(ཁུལ)ནོར་སྲིད་དང་རྫོང་རིམ་པའི་ནོར་སྲིད་ཀྱིས་ཁྱིམ་ཚང་རེར་སྒོར5000ལས་མི་ཉུང་བའི་ཚད་གཞི་ལྟར་ཆ་འགྲིག་མ་དངུལ་དོན་འཁྱོལ་བྱ་དགོས།

4.བྱེད་ཐབས་རང་འདེམས་དང་མཉམ་སྐྲུན་རྒྱུན་འཁྱོངས་བྱ་དགོས། གྲོང་ཚོའི་སྤྱིའི་རྣམ་པ་ལེགས་བསྒྱུར་ལ་ཤུགས་སྣོན་བྱ་ཆེད། སྡོད་ཁང་ཕྱིའི་གྱང་ངོས་དང་ལྷས་རའི་རྣམ་པ་ལེགས་བསྒྱུར་ལས་གཞི་དེ་སྡེ་བ་སྡེ་ཚན་དུ་བྱས་ནས་རྫོང་རིམ་པའི་གཙོ་གཉེར་སྡེ་ཁག་དང་ཤང་རྡལ་སྲིད་གཞུང་གི་མཛུབ་སྟོན་འོག་གཅིག་གྱུར་གྱིས་རྩ་འཛུགས་བྱས་ནས་འཛུགས་སྐྲུན་བྱ་ཆོག་ལ། རོང་འབྲོག་ཁྱིམ་ཚང་གིས་གྲོང་ཚོའི་གཅིག་གྱུར་གྱི་རྣམ་པའི་ཇུས་འགོད་ལྟར་རང་བདག་གིས་ལག་བསྟར་བྱས་ཀྱང་ཆོག གཅིག་གྱུར་གྱིས་བསྐྲུན་བྱའི་ལས་གཞི་ལ་སྡེ་བ་རིམ་པའི་ཐུན་མོང་འཛུགས་སྐྲུན་ལས་གཞི་དོ་དམ་དང་། ལྟ་སྐུལ་ལས་ཁུངས་འཛུགས་པ་དང་། སྡེ་བའི་མང་ཚོགས་ལས་གཞི་འཛུགས་སྐྲུན་དང་། སྤུས་ཚད་བདེ་འཇགས་ལྟ་སྐུལ། ནོར་དོན་ལྟ་སྐུལ་དོ་དམ་བཅས་ཀྱི་ཁྲོད་ཞུགས་པར་རྒྱ་ཆེར་སྐུལ་སློང་བྱ་དགོས་པ་མ་ཟད། ལས་གྲྭ་འོས་འགུག་ཁྱབ་ཁོངས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་མ་དངུལ་དོ་དམ་བྱེད་པར་ཤུགས་བསྣན་དགོས། རང་གིས་བསྐྲུན་བྱའི་ལས་གཞི་དེ་སྔོན་དུ་འཛུགས་སྐྲུན་བྱས་ཏེ་རྗེས་སུ་རོགས་དངུལ་སྤྲོད་པའི་རྩ་དོན་ལྟར་རོང་འབྲོག་ཁྱིམ་ཚང་རང་གིས་རྩ་འཛུགས་བྱས་ནས་ལག་བསྟར་བྱ་དགོས་ལ། རྫོང་རིམ་པའི་གཙོ་གཉེར་སྡེ་ཁག་དང་ཤང་རྡལ་སྲིད་གཞུང་གིས་ཞིབ་བཤེར་རྩིས་ལེན་བྱས་ནས་ཚད་ལོན་རྗེས་བྱ་དགའ་ཁ་གསབ་རོགས་དངུལ་སྤྲད་དགོས།

5.ཚོད་ལྟ་ཁུལ་གྱིས་དཔེ་སྟོན་བྱས་ནས་བརྟན་འཇགས་ངང་སྐུལ་འདེད་གཏང་དགོས། 2019ལོའི་ལོ་སྟོད་དུ་སྔོན་ལ་རོང་འབྲོག་པའི་སྡོད་གནས་ཆ་རྐྱེན་ལེགས་བསྒྱུར་ལས་གྲྭ་ཚོད་བྱ་དགོས་ཏེ། རྨང་གཞིའི་ཆ་རྐྱེན་བཟང་ཞིང་མང་ཚོགས་ལ་བརྩོན་སེམས་ཆེ་བའི་གྲོང་ཚོ་བདམས་ནས། ཁྱིམ་ཚང་དུ་སོང་ནས་བརྟག་དཔྱད་དང་། ལས་གཞི་དཔྱད་དཔོག མ་དངུལ་ཚོད་རྩིས། རྣམ་པ་ཇུས་འགོད། རྩ་འཛུགས་ལག་བསྟར་བཅས་ཀྱི་བྱ་བ་སྤེལ་བ་མ་ཟད། བྱ་བ་སྒྲུབ་ཐབས་འཚོལ་ཞིབ་དང་། ལག་བསྟར་ཇུས་་གཞིར་ཞིབ་འཇུག སྤུས་ཚད་ཞིབ་བཤེར་རྩིས་ལེན་གྱི་ཚད་གཞི་གྲུབ་པར་བྱས་ཐོག ལད་མོ་དང་ཁྱབ་སྤེལ་བྱ་ཆོག་པའི་ཉམས་མྱོང་སྤྱི་བསྡོམས་བྱས་ནས་ཉིང་བཅུད་ལེན་་དགོས། ལོ་སྨད་ནས་བཟུང་སྟེ། ཚོད་ལྟ་ཁུལ་གྱིས་དཔེ་སྟོན་བྱས་པའི་འཐུས་སྒོ་ཚང་བའི་བྱེད་ཐབས་དང་། ལག་རྩལ་ཐབས་ལམ། འཛུགས་སྐྲུན་དོ་དམ་མ་དཔེ་བཅས་ཕྱོགས་ཡོངས་ནས་ཁྱབ་སྤེལ་བྱས་ཏེ་རོང་འབྲོག་པའི་སྡོད་གནས་ཆ་རྐྱེན་ལེགས་བསྒྱུར་ལས་གྲྭར་བརྟན་འཇགས་ངང་སྐུལ་འདེད་གཏོང་བར་ཁག་ཐེག་བྱ་དགོས།

བཞི་བ། བྱ་བའི་བླང་བྱ།

(གཅིག) འཛུགས་སྐྲུན་གྱི་ལས་རིམ་ལ་གཟབ་ནན་བྱས་ནས་དོ་དམ་འཁོར་སྐྱོད་ཚད་ལྡན་དུ་གཏང་དགོས། རོགས་དངུལ་སྤྲོད་ཡུལ་དང་འཛུགས་སྐྲུན་གྱི་ནང་དོན། རོགས་དངུལ་སྟེར་བའི་ཚད་གཞི་བཅས་ཀྱི་གསལ་བསྒྲགས་ཁྲོམ་བསྒྲགས་ལམ་ལུགས་འཐུས་ཚང་དུ་གཟུགས་དགོས། འཛུགས་སྐྲུན་གྱི་ནང་དོན་ཐད་ནས་མང་ཚོགས་ཀྱི་འདོད་མོས་ལ་བརྩི་སྲུང་ལེགས་པོ་བྱ་དགོས། འཛུགས་སྐྲུན་ཇུས་གཞི་དང་སྤྱིའི་རྣམ་པ་ཚོད་འཛིན་གྱི་ཇུས་འགོད་ཐད་ལ་མང་ཚོགས་ཀྱི་བསམ་འཆར་རྒྱ་ཆེར་བསྡུ་ལེན་བྱས་ཏེ། སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་དམངས་འཐུས་མི་ཚོགས་ཆེན་ལ་ཡར་ཞུ་བྱས་ནས་གྲོས་མོལ་གང་ལེགས་བྱ་དགོས་པ་མ་ཟད། རྫོང་རིམ་པའི་གཙོ་གཉེར་སྡེ་ཁག་ཞུས་ནས་ཡིད་འཐད་འབྱུང་དགོས། ལོ་དེ་གའི་དམིགས་འབེན་འགན་འཁྲི་དེ་ལོ་དེའི་ལོ་མཇུག་སྔོན་ལ་ཕྱོགས་ཡོངས་ནས་ལས་མགོ་བརྩམས་པ་ཁག་ཐེག་བྱ་དགོས་ཤིང་། ཕྱི་ལོའི་ཟླ11པའི་ཟླ་མཇུག་སྔོན་དུ་ཕྱོགས་ཡོངས་ནས་ལས་མཇུག་བསྒྲིལ་ཏེ་ཞིབ་བཤེར་རྩིས་ལེན་ཐུབ་པར་བྱ་དགོས། ལོ་འཁོར་གྱི་ལས་འགན་འཆར་གཞི་འགྲུབ་རྗེས་གྲོང་ཁྱེར(ཁུལ)དང་རྫོང་རིམ་པའི་སྲིད་གཞུང་གིས་རིམ་པ་བགོས་ནས་ཞིབ་བཤེར་རྩིས་ལེན་དང་དཔྱད་ཞིབ་བྱེད་པར་རྩ་འཛུགས་བྱ་དགོས་ལ། ཞིབ་བཤེར་རྩིས་ལེན་དང་དཔྱད་ཞིབ་བྱས་པའི་གནས་ཚུལ་དུས་ལྟར་ཞིང་ཆེན་གྲོང་ཁྱེར་དང་གྲོང་གསེབ་དང་སྡོད་ཁང་འཛུགས་སྐྲུན་གྱི་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་ལ་ཞུས་ནས་སྙན་སེང་ཐོ་འགོད་བྱ་དགོས།

(གཉིས།) ཇུས་འགོད་སྣེ་སྟོན་ལ་ཤུགས་བསྣན་ནས་གྲོང་ཚོའི་ཁྱད་ཆོས་འབུར་དུ་ཐོན་པར་བྱ་དགོས། ལག་རྩལ་ཆུ་ཚད་ཅུང་མཐོ་བའི་ཞིང་ཆེན་ཕྱི་ནང་གི་ཇུས་འགོད་ཁང་དང་ཇུས་འགོད་པ་རྩ་འཛུགས་བྱས་ནས་གྲོང་ཚོའི་རྣམ་པར་ཞིབ་འཇུག་བྱས་ནས་གྲོང་ཚོའི་ཁྱད་ཆོས་དང་རྣམ་པ་འབུར་དུ་ཐོན་པར་བྱ་དགོས། མཐོ་རིམ་སློབ་གསོའི་སློབ་གླིང་དང་ལས་རིགས་སློབ་གླིང་། ཇུས་འགོད་ཁང་སོགས་སྡེ་ཚན་གྱིས་འཆར་འགོད་དང་བཟོ་སྐྲུན། སྐྱེད་ཚལ་སོགས་ཁྱབ་ཁོངས་ཀྱི་ཇུས་འགོད་མི་སྣ་གཞི་རིམ་དུ་ཞབས་ཕྱི་བསྒྲུབ་པར་བདམས་མངགས་བྱེད་པར་ཧུར་ཐག་གིས་སྣེ་སྟོན་དང་རྒྱབ་སྐྱོར་བྱ་དགོས། ཞིང་སྡེའི་སྲོལ་རྒྱུན་ལག་ཤེས་པའི་ནུས་རྩལ་ངོས་ལེན་དང་ཟབ་སྦྱོང་བྱེད་ཤུགས་ཇེ་ཆེར་བཏང་ནས། སྲོལ་རྒྱུན་ལག་ཤེས་པ་དང་གྲོང་གསེབ་འཛུགས་སྐྲུན་གྱི་ནུས་རྩལ་རིགས་ཀྱི་འཇོན་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། མཚོ་སྔོན་ཤར་རྒྱུད་ས་ཁུལ་དང་། ཚྭ་འདམ་ས་ཁུལ། མཚོ་སྔོན་པོའི་མཐའ་འཁོར་ས་ཁུལ། མཚོ་སྔོན་ལྷོ་རྒྱུད་བོད་ཁུལ་བཅས་ཀྱི་དམངས་གཞིས་བཟོ་བཀོད་ཀྱི་ངོས་སྦྱོར་འཆར་གཞིའི་རིས་ཚོགས་ཧུར་ཐག་གིས་རྒྱ་ཁྱབ་ཏུ་བེད་སྤྱོད་བྱ་དགོས་པ་མ་ཟད། ཁྱད་ཆོས་འབུར་དུ་ཐོན་ཞིང་གོ་སླ་སྟབས་བདེ་ཡིན་པ་དང་། རིན་དམའ་སྤྱོད་བདེ་ཡིན་པའི་གྲོང་ཚོའི་རྣམ་པ་ལེགས་བསྒྱུར་དང་། སྒྱུར་བཀོད་བཅོས་སྐྱོང་གི་ཇུས་འགོད་འཆར་གཞིའི་ནང་འདེམས་སྤྱོད་ཀྱི་རིས་ཚོགས་རྩ་འཛུགས་བྱས་ནས་རྩོམ་སྒྲིག་བྱ་དགོས། སྲོལ་རྒྱུན་གྱི་གྲོང་སྡེ་དང་ལོ་རྒྱུས་རིག་གནས་ཀྱི་སྡེ་བ་གྲགས་ཅན། སྲོལ་རྒྱུན་གྱི་དམངས་གཞིས་བཅས་ཀྱི་སྲུང་སྐྱོབ་བྱེད་ཤུགས་ཇེ་ཆེར་གཏང་དགོས།

(གསུམ།) ལག་རྩལ་ཞབས་ཕྱིར་ཤུགས་བསྣན་ནས་ལས་གྲྭའི་སྤུས་ཚད་ཁག་ཐེག་བྱ་དགོས། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན་གྱིས་ཚོད་ལྟ་ཁུལ་དཔེ་སྟོན་སྤེལ་བའི་རྨང་གཞིའི་སྟེང་། 《མཚོ་སྔོན་ཞིང་ཆེན་གྱི་རོང་འབྲོག་པའི་སྡོད་གནས་ཆ་རྐྱེན་ལེགས་བསྒྱུར་ལས་གྲྭའི་ལག་རྩལ་ཁྲིད་སྟོན་ལམ་སྲོལ(ཚོད་ལྟའི་ལག་བསྟར)》ཞིབ་འཇུག་གཏན་འབེབས་བྱས་ནས། རིམ་པ་སོ་སོའི་གཙོ་གཉེར་སྡེ་ཁག་གིས་རོང་འབྲོག་པའི་སྡོད་གནས་ཆ་རྐྱེན་ལེགས་བསྒྱུར་ལས་གྲྭའི་སྤུས་ཚད་དང་གྲོང་ཚོའི་རྣམ་པ་ཚོད་འཛིན་ལ་ཤུགས་སྣོན་པར་མཛུབ་སྟོན་བྱས་ནས་ལས་གཞིའི་དོ་དམ་ཚད་ལྡན་དུ་གཏང་དགོས། གྲོང་ཁྱེར(ཁུལ)སོ་སོའི་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་སྡེ་ཁག་གིས་སྐུལ་འདེད་ཞིབ་བཤེར་དང་ལག་རྩལ་མཛུབ་སྟོན་ལ་ངེས་པ་དོན་གྱིས་ཤུགས་སྣོན་པ་དང་། ས་དེ་གའི་དངོས་ཡོད་གནས་ཚུལ་དང་མཐུན་པའི་རྣམ་པའི་སྣེ་སྟོན་རིས་ཚོགས་དང་འཛུགས་སྐྲུན་རྒྱུ་ཆ་འདེམས་སྤྱོད། ཞིབ་བཤེར་རྩིས་ལེན་གྱི་ཚད་གཞི་ཞིབ་འཇུག་གཏན་འབེབས་བྱ་དགོས་ཤིང་། རྫོང་རིམ་པའི་གཙོ་གཉེར་སྡེ་ཁག་གིས་འཆར་འགོད་དོ་དམ་ཚོད་འཛིན་དང་སྤུས་ཚད་བདེ་འཇགས་དོ་དམ་ལ་ཤུགས་སྣོན་པ་དང་། ཨར་ལས་རྒྱག་པའི་གནད་འགག་ཐུག་ས་ལ་ཆེད་མི་མངགས་ཏེ་མཛུབ་སྟོན་དང་ལྟ་སྐུལ་བྱས་ཐོག ཡུལ་དངོས་ཀྱི་སྤུས་ཚད་བདེ་འཇགས་ལ་སྐོར་ཞིབ་བྱས་ཚུལ་ཟིན་ཐོ་ལེགས་པོར་བཀོད་ནས་ལས་གཞིའི་བདེ་འཇགས་ཚད་ལྡན་ཡོང་ཞིང་། སྒྱུར་བཀོད་བྱས་རྗེས་ཀྱི་སྡོད་ཁང་གི་ནུས་གྲོན་དྲོད་འཛིན་ནུས་པ་ཚད་མཐོན་པོར་ཇེ་མཐོར་འགྲོ་བ་དང་། སྤྱོད་ཁང་ལེགས་བསྒྱུར་བྱས་པ་ཚད་ལྡན་གྱི་ཚད་གཞིར་ལོན་ཞིང་། སྡེ་བའི་རྣམ་པ་མངོན་གསལ་གྱིས་ཇེ་ལེགས་སུ་འགྲོ་བ་དང་། སྡོད་ཁང་གི་རྩོལ་ནུས་སྔར་བས་འཐུས་ཚང་དུ་འགྲོ་བར་ཁག་ཐེག་བྱ་དགོས། རོང་འབྲོག་མང་ཚོགས་ཀྱིས་ལོག་ལ་ཉེ་བའི་ཁང་སྟོང་ཉེན་ཁ་ཅན་དག་དུས་ཐོག་ཏུ་(བཤིག་པར)སྐུལ་སློང་བྱས་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སེལ་བ་དང་རོང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་བཅོས་སྐྱོང་གི་བླང་བྱ་དང་མཐུན་པར་བྱ་དགོས།

(བཞི།)འཛུགས་སྐྲུན་རྒྱུ་ཆ་གྲོང་གསེབ་དུ་བསྐྱལ་བར་སྐུལ་འདེད་བཏང་ནས་ཧུར་ཐག་སྒོས་མང་ཚོགས་ལ་ཞབས་ཕྱི་བསྒྲུབ་དགོས། ས་གནས་སོ་སོས་ནུས་ལྡན་གྱི་བྱེད་ཐབས་སྤྱད་ནས་ནུས་གྲོན་དྲོད་འཛིན་དང་། འགྱིག་ཧང་གི་སྒོ་རུ་ཅན་གྱི་ཤེལ་སྒོ ཆུ་འབུད་སྦུ་གུ སྤྱོད་ཁང་གི་གཙང་སྦྲའི་ཡོ་བྱད་སོགས་འཛུགས་སྐྲུན་རྒྱུ་ཆ་འབོར་ཆེན་གྲོང་གསེབ་དུ་བསྐྱལ་བར་སྐུལ་འདེད་གཏོང་བ་དང་། ཆ་རྐྱེན་ཡོད་པའི་རྫོང(གྲོང་ཁྱེར་དང་ཆུས་དང་སྲིད་ཨུ)ངམ་ཤང(གྲོང་རྡལ)གིས་ས་ཆ་དེ་རང་ངམ་དེ་དང་ཐག་ཉེ་ས་ནས་སྤུས་ལེགས་འདེམས་སྤྱོད་དང་མ་གནས་མར་གཅོག་པའི་རྩ་དོན་ལྟར་ཤང(གྲོང་རྡལ)སྲིད་གཞུང་གིས་གཅིག་གྱུར་སྒོས་འཛུགས་སྐྲུན་རྒྱུ་ཆ་དང་ཐོན་རྫས་འབོར་ཆེན་ཉོ་སྒྲུབ་བྱས་ནས་རོང་འབྲོག་མང་ཚོགས་ཀྱི་ཉོ་སྒྲུབ་མ་གནས་ནུས་ལྡན་སྒོས་མར་གཅོག་པ་དང་། འཛུགས་སྐྲུན་རྒྱུ་ཆའི་རྒྱུ་སྤུས་ཁག་ཐེག་བྱ་དགོས་ལ། རྫོང་རིམ་པའི་ཚོང་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་འཛུགས་སྐྲུན་རྒྱུ་ཆའི་རིན་གོང་སྙོམས་འགོག་བྱེད་པའི་འབྲེལ་ཡོད་བྱ་བ་ལེགས་སྒྲུབ་བྱས་ནས། རིན་གོང་འཕར་བ་དང་ཞིང་འབྲེལ་འཛུགས་སྐྲུན་རྒྱུ་ཆའི་ཚོང་ར་ལ་གཏོར་བརླག་གཏོང་བའི་བྱ་སྤྱོད་གཞན་དག་སྔོན་འགོག་བྱ་དགོས།

(ལྔ།)མ་དངུལ་ལ་ལྟ་སྐུལ་དོ་དམ་ཤུགས་དྲག་དང་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཇེ་ཆེར་གཏང་དགོས། རིམ་པ་སོ་སོའི་ནོར་སྲིད་སྡེ་ཁག་གིས་མ་དངུལ་དོ་དམ་གྱི་འབྲེལ་ཡོད་གཏན་འབེབས་ལྟར་རོང་འབྲོག་པའི་སྡོད་གནས་ཆ་རྐྱེན་ལེགས་བསྒྱུར་ལས་གྲྭའི་མ་དངུལ་ཆེད་འཇོག་རྩིས་ཁུངས་བཟོས་ནས་ཆེད་དངུལ་ཆེད་སྤྱོད་དང་། རྩིས་ཁྲ་ཁག་བགོས་ཏེ་ཞིབ་རྩིས། ཚད་ལྡན་སྒོས་བེད་སྤྱོད་བཅས་བྱ་དགོས་པ་མ་ཟད། གཙོ་གཉེར་སྡེ་ཁག་དང་མཉམ་དུ་མ་དངུལ་ལྟ་སྐུལ་དོ་དམ་གྱི་བྱ་བ་ལེགས་པོར་བསྒྲུབ་དགོས། རོང་འབྲོག་པས་རང་གིས་བསྐྲུན་བྱའི་ལས་འགན་འགྲུབ་ནས་ཞིབ་བཤེར་རྩིས་ལེན་ཚད་ལྡན་ཡིན་རྗེས། རྩིས་ཁུངས་སུ་སྤྱད་བྱའི་བྱ་དགའ་དང་ཁ་གསབ་རོགས་དངུལ་དེ་ལས་ཀའི་ཉིན30ནང“བྱང་གཅིག་ཀུན་འཐུས”ཀྱི་བྱེད་སྟངས་བརྒྱུད་ནས་ཐད་ཀར་རྩིས་ཁུངས་སུ་སྤྲད་དགོས། ས་གནས་སོ་སོས་ནང་ཁུལ་གྱི་དོ་དམ་ལམ་ལུགས་འཐུས་ཚང་དུ་བཙུགས་ཏེ། སྲིད་ཇུས་ཀྱི་གཏན་འབེབས་དང་ཁ་གསབ་ཀྱི་ཚད་གཞི་གཟབ་ནན་སྒོས་ལག་བསྟར་བྱས་ནས་བཀག་ཉར་དང་བཙན་་འཛིན། གཞན་སྤྱོད་བཅས་བྱེད་པར་ནན་འགོག་དང་། རོང་འབྲོག་པའི་སྡོད་གནས་ཆ་རྐྱེན་ལེགས་བསྒྱུར་གྱི་བྱ་དགའ་དང་ཁ་གསབ་རོགས་དངུལ་གཡོ་ལེན་བྱེད་པར་ནན་འགོག་བྱ་དགོས། རྫོང་རིམ་པའི་ནོར་སྲིད་སྡེ་ཁག་དང་གཙོ་གཉེར་སྡེ་ཁག་གིས་སོ་སོའི་ལས་ཀའི་འགན་འཁྲི་ལྟར་རོང་འབྲོག་པའི་སྡོད་གནས་ཆ་རྐྱེན་ལེགས་བསྒྱུར་ལས་གྲྭའི་ལོ་འཁོར་གྱི་མ་དངུལ་བེད་སྤྱད་པའི་ལས་ཕྱོད་དཔྱད་འཇོག་བྱ་བ་ལེགས་པོར་བསྒྲུབ་དགོས།

ལྔ། འགན་སྲུང་བྱེད་ཐབས།

(གཅིག)རྩ་འཛུགས་དང་མགོ་ཁྲིད་ལ་ཤུགས་བསྣན་ནས་བྱ་བའི་འགན་འཁྲི་དོན་འཁྱོལ་བྱ་དགོས། ཞིང་ཆེན་གྲོང་ཁྱེར་དང་གྲོང་གསེབ་དང་སྡོད་ཁང་འཛུགས་སྐྲུན་མགོ་ཁྲིད་ཚན་ཆུང་གིས་ཞིང་ཆེན་ཡོངས་ཀྱི་རོང་འབྲོག་པའི་སྡོད་གནས་ཆ་རྐྱེན་ལེགས་བསྒྱུར་བྱ་བར་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་པའི་འགན་འཁུར་བ་དང་། གྲོང་ཁྱེར(ཁུལ)དང་རྫོང་རིམ་པའི་གྲོང་ཁྱེར་དང་གྲོང་གསེབ་དང་སྡོད་ཁང་འཛུགས་སྐྲུན་མགོ་ཁྲིད་ཚན་ཆུང་གིས་ས་དེ་གའི་རོང་འབྲོག་པའི་་སྡོད་གནས་ཆ་རྐྱེན་ལེགས་བསྒྱུར་བྱ་བའི་རྩ་འཛུགས་མགོ་ཁྲིད་ལ་དངོས་སུ་ཤུགས་བསྣན་དགོས། རོང་འབྲོག་པའི་སྡོད་གནས་ཆ་རྐྱེན་ལེགས་བསྒྱུར་ལས་གྲྭ་ལག་ཏུ་བསྟར་བར་གྲོང་ཁྱེར(ཁུལ)མི་དམངས་སྲིད་གཞུང་གིས་སྤྱི་འགན་འཁུར་དགོས་པ་དང་། རྫོང(གྲོང་ཁྱེར་དང་ཆུས་དང་སྲིད་ཨུ)སྲིད་གཞུང་གིས་བྱེད་པོའི་འགན་འཁྲི་འཁུར་དགོས་ལ། ཤང་དང་གྲོང་རྡལ་སྲིད་གཞུང་ནི་བྱེ་བྲག་གི་ལག་བསྟར་སྡེ་ཚན་ཡིན། རྫོང་རིམ་པའི་སྲིད་གཞུང་གིས་གཅིག་གྱུར་གྱིས་བཀོད་སྒྲིག་དང་ཇུས་འགོད་བྱ་བ་ལེགས་པོར་བསྒྲུབ་དགོས། ཞིང་ཆེན་སྲིད་གཞུང་གིས་གྲོང་ཁྱེར(ཁུལ)སོ་སོའི་མི་དམངས་སྲིད་གཞུང་བར་དུ་་དམིགས་འབེན་འགན་འཁྲིའི་ཡི་གེ་བཞག་ནས་ལོ་འཁོར་གྱི་དམིགས་འབེན་འགན་འཁྲི་ངེས་གསལ་བྱ་དགོས།

(གཉིས།) ལས་གཞིར་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། ཆ་འགྲིག་སྲིད་ཇུས་དོན་འཁྱོལ་བྱ་དགོས། ཞིང་ཆེན་རིམ་པའི་ནོར་སྲིད་སྡེ་ཁག་གིས་ས་གནས་སོ་སོའི་ལོ་འཁོར་གྱི་འགན་འཁྲི་ལྟར་ཆེད་སྤྱོད་བྱ་དགའ་དང་ཁ་གསབང་རོགས་དངུལ་རྫོང་དུ་ཆ་ཤས་སུ་བགོས་ནས་སྤྲོད་པ་དང་། རྫོང་རིམ་པའི་སྲིད་གཞུང་གིས་ས་གནས་ཀྱི་ཆ་འགྲིག་མ་དངུལ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། “མ་དངུལ་གྱི་ངོ་བོ་དང་དོ་དམ་གྱི་ཐབས་ལམ་མི་འགྱུར་ཞིང་། གཅིག་གྱུར་འཆར་འགོད་ཀྱིས་བེད་སྤྱོད་པ་དང་། རང་འགན་རང་གིས་འཁུར་ཞིང་། མཉམ་ཤུགས་ཆགས་སུ་འཇུག་པའི”རིག་ལམ་ལྟར་རོང་འབྲོག་པའི་སྡོད་གནས་ཆ་རྐྱེན་ལེགས་བསྒྱུར་དང་ཞིང་འབྲེལ་སྲིད་ཇུས་དང་མ་དངུལ་ནུས་ལྡན་སྒོས་འབྲེལ་མཐུད་ཡོང་བར་སྔར་བས་ཤུགས་བསྣན་ནས། ཚད་ཆེས་མཐོན་པོའི་སྒོ་ནས་མ་དངུལ་གྱི་ནུས་ཤུགས་འདོན་སྤེལ་བྱ་དགོས། ནོར་སྲིད་ཀྱི་ཁ་གསབ་མ་དངུལ་དང་། སྣོན་འཕྲི་སྦྲེལ་བའི་ལྷག་འཕྲོའི་དམིགས་ཚད་དང་ས་ཞིང་ཁ་གསབ་ཀྱི་དམིགས་ཚད་རིན་དོད་ཡིོད་པར་ཉོ་ཚོང་གི་མ་དངུལ། ས་གནས་སྲིད་གཞུང་གི་བུན་འཛིན་མ་དངུལ་སོགས་གཅིག་གྱུར་གྱིས་གྲགབས་གཤོམ་བྱས་ཏེ། ནོར་སྲིད་མ་དངུལ་གྱིས་སྣེ་སྟོན་བྱེད་པ་དང་། མི་སྒེར་གྱི་བསྡུ་དངུལ་དང་སྤྱི་ཚོགས་མ་རྩ་རྒྱ་ཆེར་ཞུགས་པའི་ཕྱོགས་མང་པོས་མ་དངུལ་གཏོང་བ་དང་མ་དངུལ་བསྡུ་རྒྱུག་བྱེད་པའི་མ་ལག་རིམ་བཞིན་འཛུགས་པ་དང་། སྤྱི་ཚོགས་མ་དངུལ་དང་ཞལ་འདེབས། ཁ་གཏད་རོགས་སྐྱོར་མ་དངུལ་རིགས་སྣ་ཚོགས་ཀྱིས་རོང་འབྲོག་པའི་སྡོད་གནས་ཆ་རྐྱེན་ལེགས་བསྒྱུར་བྱ་བར་རོགས་སྐྱོར་བྱེད་པར་སྐུལ་བསྟོད་དང་ཁྲིད་སྟོན་བྱ་དགོས།

(གསུམ།)སྡེ་ཁག་གི་གཞོགས་འདེགས་ལ་ཤུགས་བསྣན་ནས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ལག་ཏུ་བསྟར་དགོས། རིམ་པ་སོ་སོའི་རོང་འབྲོག་པའི་སྡོད་གནས་ཆ་རྐྱེན་ལེགས་བསྒྱུར་ལས་གྲྭའི་གཙོ་གཉེར་སྡེ་ཁག་གིས་ལོ་འཁོར་གྱི་འཆར་གཞི་གཏན་འབེབས་དང་འོག་རིམ་ལ་འགན་འཁྲི་སྤྲོད་པའི་འགན་འཁུར་དགོས་པ་མ་ཟད། རོང་འབྲོག་པའི་སྡོད་གནས་ཆ་རྐྱེན་ལེགས་བསྒྱུར་ལས་གྲྭར་མཛུབ་སྟོན་དང་ལྟ་སྐུལ་གྱི་བྱ་བ་ལེགས་པོར་སྒྲུབ་པ་དང་། ནོར་སྲིད་དང་། འཕེལ་རྒྱས་བཅོས་བསྒྱུར། རྩིས་བཤེར་སོགས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་སོ་སོའི་བྱ་བའི་འགན་འཁྲི་ལྟར་འགན་ནུས་དངོས་གནས་འདོན་སྤེལ་བྱས་ནས་ལས་རིགས་ལ་ལྟ་སྐུལ་དོ་དམ་དང་ལྟ་སྐུལ་མཛུབ་སྟོན་གྱི་བྱ་བ་ལེགས་པོར་བསྒྲུབས་ནས་རོང་འབྲོག་པའི་སྡོད་གནས་ཆ་རྐྱེན་ལེགས་བསྒྱུར་བྱ་བར་མཉམ་གཅིག་ཏུ་སྐུལ་སྤེལ་བྱ་དགོས། ས་གནས་སོ་སོས་བསམ་འཆར་འདིའི་བླང་བྱ་ལྟར་བྱ་བ་སྒྲུབ་ཤུགས་ཇེ་ཆེར་བཏང་སྟེ། སྲིད་ཇུས་དོན་འཁྱོལ་ལ་སྐུལ་འདེད་བཏང་ནས་རོང་འབྲོག་པའི་སྡོད་གནས་ཆ་རྐྱེན་ལེགས་བསྒྱུར་ལས་གྲྭ་བདེ་བླག་ངང་ལག་ཏུ་བསྟར་བར་ཁག་ཐེག་བྱ་དགོས།

(བཞི།)སྲིད་ཇུས་དྲིལ་སྒྲོག་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་རྨང་གཞིའི་བྱ་བ་དམ་འཛིན་བྱ་དགོས། ས་གནས་སོ་སོས་བྱེད་ཐབས་སྣ་མང་སྤྱད་དེ་རོང་འབྲོག་པའི་སྡོད་ཁང་ཆ་རྐྱེན་ལེགས་བསྒྱུར་ལས་གྲྭའི་དྲིལ་སྒྲོག་བྱ་བ་ལེགས་པོར་བསྒྲུབས་ནས་རོང་འབྲོག་མང་ཚོགས་ཀྱིས་རེ་ཞུའི་ལས་རིམ་དང་། སྲིད་ཇུས་གཏན་འབེབས། ཁ་གསབ་ཚད་གཞི། ལག་བསྟར་བྱེད་ཐབས་སོགས་ཀྱི་ནང་དོན་གྱི་ཤེས་ཚད་ཇེ་ཆེར་གཏང་དགོས། རྨང་གཞིའི་དོ་དམ་བྱ་བར་དངོས་གནས་ཤུགས་བསྣན་པ་དང་། རོང་འབྲོག་པའི་སྡོད་གནས་ཆ་རྐྱེན་ལེགས་བསྒྱུར་ལས་གཞིའི་ཡིག་ཚགས་ཀྱི་ཆ་འཕྲིན་དོ་དམ་འཐུས་ཚང་དུ་བཙུགས་ཏེ། “ཁྱིམ་ཐོ་རེ་ལ་ཡིག་ཚགས་རེ”བཟོས་ནས་དོ་དམ་བྱ་དགོས། རོང་འབྲོག་ཁྱིམ་ཚང་རང་གིས་སྐྲུན་པའི་ལས་གཞིའི་ཡིག་ཚགས་ལ། རོང་འབྲོག་ཁྱིམ་ཚང་གི་ཡིག་ཐོག་གི་རེ་ཞུ་ཡི་གེ་དང་། ཞིབ་བཤེར་ཆོག་མཆན་འགོད་པའི་རེའུ་མིག སྒྱུར་བཀོད་གྲོས་ཆིངས་ཡི་གེ སྡོད་ཁང་སྒྱུར་བཀོད་ཀྱི་སྔ་གཞུག་བར་གསུམ་གྱི་འདྲ་པར། སྤུས་ཚད་ཞིབ་བཤེར་རྩིས་ལེན་རེའུ་མིག བྱ་དགའ་དང་གསབ་དངུལ་སྤྲོད་པའི་འཛིན་ཡིག ནམ་རྒྱུན་ཡུལ་དངོས་སུ་སྤུས་ཚད་ཞིབ་བཤེར་བྱས་པའི་ཟིན་ཐོ་སོགས་ཀྱི་ནང་དོན་འདུ། གཅིག་གྱུར་གྱིས་སྐྲུན་པའི་ལས་གཞི་དེ་ཁྲིམས་སྲོལ་དང་མཐུན་ཞིང་། འཛུགས་སྐྲུན་ལས་གཞིའི་རྒྱུ་ཆ་ཡིག་ཚགས་དོ་དམ་གྱི་འབྲེལ་ཡོད་བླང་བྱ་ལྟར་ཡིག་ཚགས་སུ་བཞག་ཏེ་དོ་དམ་བྱ་དགོས། དུས་མཚུངས་སུ་ཤང་དང་གྲོང་རྡལ་གྱི་འཛུགས་སྐྲུན་དོ་དམ་ལས་ཁུངས་འཐུས་ཚང་དུ་གཏོང་བ་དང་། ཤང་དང་གྲོང་རྡལ་གྱི་འཛུགས་སྐྲུན་དོ་དམ་མི་སྣ་གསབ་སྦྱོང་ལ་ཤུགས་བསྣན་ནས། གྲོང་གསེབ་འཛུགས་སྐྲུན་ལ་ཞབས་ཕྱི་དང་དོ་དམ་བྱེད་པའི་ནུས་པ་ཇེ་མཐོར་གཏང་དགོས།

ལག་བསྟར་འཆར་གཞི་འདི2019ལོའི་ཟླ4བའི་ཚེས27ཉིན་ནས་བཟུང་ལག་དུ་བསྟར་དགོས།