རང་ཞིང་གི2020ལོའི་ལོ་སྟོད་ཀྱི་སློབ་གྲྭ་ཆུང་འབྲིང་དགེ་རྒན་གྱི་ཐོབ་ཐང་དཔང་ཡིག་གི་ཡིག་རྒྱུགས་ཐད་ཀྱི་གསལ་བརྡ།


སློབ་གསོ་པུའི་ཡིག་རྒྱུགས་ལྟེ་གནས་ཀྱི《2020ལོའི་སློབ་གྲྭ་ཆུང་འབྲིང་དགེ་རྒན་གྱི་ཐོབ་ཐང་དཔང་ཡིག་གི་ཡིག་རྒྱུགས་བྱ་བའི་འབྲེལ་ཡོད་དོན་ཚན་སྐོར་གྱི་བརྡ་ཐོ》(སློབ་རྒྱུགས་ལྟེ་གནས་ཀྱི་ཡི་གེ〔2019〕ཨང179པ)ཡིག་ཆའི་བཀོད་སྒྲིག་ལྟར་ན། རང་ཞིང་གི2020ལོའི་ལོ་སྟོད་ཀྱི་སློབ་གྲྭ་ཆུང་འབྲིང་དགེ་རྒན་གྱི་ཐོབ་ཐང་དཔང་ཡིག་གི་ཡིག་རྒྱུགས་ལེན་པའི་དུས་ཚོད་ནི་ཟླ3པའི་ཚེས14རེད།

 ཡིག་རྒྱུགས་ཀྱི་མིང་ཐོ་འགོད་པའི་བཀོད་སྒྲིག་གཤམ་གསལ་ལྟར།

གཅིག ཡིག་རྒྱུགས་ཀྱི་རིགས། དགེ་རྒན་གྱི་ཐོབ་ཐང་དཔང་ཡིག་གི་ཡིག་རྒྱུགས་རྒྱལ་ཡོངས་གཅིག་གྱུར་གྱི་བརྗོད་གཞི་དང་། གཅིག་གྱུར་གྱི་རྒྱུགས་ལེན། གཅིག་གྱུར་གྱི་ཚད་གཞི་བཅས་གཏན་འཁེལ་བྱས་པ་རེད། ཚན་ཁག་རེའི་ཡིག་རྒྱུགས་ཀྱི་དུས་ཚོད་ནི་སྐར་མ120ཡིན་པ་རེད།

གཉིས། མིང་ཐོ་འགོད་པའི་དུས་ཚོད་དང་གོ་རིམ།

དྲ་ཐོག་ནས་མིང་ཐོ་འགོད་པའི་དུས་ཚོད་ནི། ཟླ་དང་པོའི་ཚེས9ཉིན་ནས་ཟླ་དང་པོའི་ཚེས12ཉིན་གྱི་ཆུ་ཚོད24བར་རེད། དྲ་ཐོག་ཞིབ་བཤེར་གཏན་འབེབས་བྱེད་པའི་དུས་ཚོད་ནི། ཟླ་དང་པོའི་ཚེས9ཉིན་ནས་ཟླ་དང་པོའི་ཚེས13ཉིན་གྱི་ཆུ་ཚོད18:00བར་རེད། དྲ་ཐོག་ནས་དངུལ་སྤྲོད་མཚམས་འཇོག་པའི་དུས་ཚོད། ཟླ་དང་པོའི་ཚེས14ཉིན་གྱི་ཆུ་ཚོད18:00རེད། རྒྱུགས་སྤྲོད་འཛིན་ཡིག་ཕབ་ལེན་བྱེད་པའི་དུས་ཚོད། ཟླ3པའི་ཚེས9ནས་ཟླ3པའི་ཚེས14ཉིན་བར་རེད། ཡིག་རྒྱུགས་ཀྱི་སྐར་གྲངས་ཁྱབ་སྒྲོག་བྱེད་པའི་དུས་ཚོད། ཟླ4པའི་ཚེས16ཉིན་རེད།

རྒྱུགས་སྤྲོད་སློབ་མས་མཚོ་སྔོན་ཞིང་ཆེན་སློབ་གསོ་སློབ་བསྡུ་ཡིག་རྒྱུགས་ཁང་གིས་གཏན་འབེབས་བྱས་པའི་མིང་ཐོ་འགོད་པའི་དུས་ཚོད་ནང་ཀྲུང་གོའི་སློབ་གསོའི་ཡིག་རྒྱུགས་དྲ་བའི་ཐོག་ཐོ་འགོད་བྱ་དགོས(དྲ་ཐོག་མིང་ཐོ་འགོད་པའི་ས་གནས་ནིhttp:/ntce.neea.edu.cn)ཤིང་། གོ་རིམ་གསུམ་ནི། དྲ་ཐོག་ནས་མིང་ཐོ་འགོད་པ། དྲ་ཐོག་ནས་ཞིབ་བཤེར་གཏན་འཁེལ་བྱེད་པ། དྲ་ཐོག་ནས་དངུལ་སྤྲོད་པ་བཅས་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།