མཚོ་ལྷོ་ཁུལ་ནང་བསྟན་མཐུན་ཚོགས་ཀྱིས《ནང་བསྟན་རིག་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་བརྡ་འགྲེལ》ཞེས་པའི་དཔེ་ཚོགས་འགྲེམ་སྤེལ་མཛད་སྒོ་བསྡུས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་ཟབ་སྤེལ་བྱེད་པ། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་གསོ་སྐྱོང་དང་སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་རིན་ཐང་ལྟ་བའི་བྱ་འགུལ་ལ་སྔར་ལས་སྐུལ་འདེད་གཏང་ཆེད། མཚོ་ལྷོ་ཁུལ་ནང་བསྟན་མཐུན་ཚོགས་ཀྱིས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་བརྡ་འགྲེལ་ཞེས་པ། བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་མཐུན་པའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བཟུང་སྟེ། སྔ་རྗེས་སུ་ཁུལ་ཡོངས་ནས་བོད་བརྒྱུད་ནང་བསྟན་དགོན་པའི་མཁན་པོ45བསྡུས་ནས་ཆེད་དོན་གྲོས་བསྡུར་ཐེངས་མང་བྱས་པར་མ་ཟད། མཁས་ཤིང་རྟོགས་པ་མཐོ་བ། དེ་མཚུངས་དད་ལྡན་ཁྲོད་དུ་ཁ་རྗེ་ཆེ་བའི་མཁན་པོ9རྩ་འཛུགས་བྱས་ཏེ། ཟླ་བདུན་ལྷག་ཙམ་གྱི་དུས་ཚོད་སྤྱད་ནས《བོད་བརྒྱུད་ནང་བསྟན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་བརྡ་འགྲེལ》ཞེས་པའི་ཀློག་དེབ་བརྩམས་ཤིང་། འཐབ་ཕྱོགས་གཅིག་གྱུར་པུའུ་དང་དྲིལ་སྒྲོག་པུའུ། མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་སོགས་སྡེ་ཁག་གིས་ཡང་དང་བསྐྱར་དུ་ཞིབ་བཤེར་བྱས་པ་བརྒྱུད་དངོས་སུ་པར་སྐྲུན་བྱེད་པར་གྲོས་མཐུན་བྱུང་བ་རེད།

མཚོ་ལྷོ་ཁུལ་འཐབ་ཕྱོགས་གཅིག་གྱུར་པུའུ་དང་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། ཁུལ་ནང་བསྟན་མཐུན་ཚོགས་བཅས་ཀྱིས་རྩ་འཛུགས་སྒོས་བསྒྲུབས་པའི《ནང་བསྟན་རིག་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་བརྡ་འགྲེལ》ཞེས་པའི་དཔེ་ཚོགས་འགྲེམ་སྤེལ་མཛད་སྒོ་ཟླ12པའི་ཚེས24ཉིན་བསྡུས་ཤིང་། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཁུལ་ཏང་ཨུ་དང་སྲིད་གཞུང་། ཁུལ་སྲིད་གྲོས། ཁུལ་ཏང་ཨུའི་དྲིལ་སྒྲོག་པུའུ། ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད། ཁུལ་ཡོངས་ཀྱི་ནང་བསྟན་དགོན་པ141དང་རྫོང་ལྔ་ཡི་སྡེ་བ25འཐུས་མི་མཛད་སྒོའི་ཁྲོད་ཞུགས་པར་མ་ཟད། པར་ཐེངས་དང་པོའི་དཔེ་ཚོགས་ཁྲི2གཤམ་སྤྲོད་གནང་བ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།