གློག་སྒུལ་ལྕགས་རྟར་སང་ལོ་ནས་བཟུང་ཨང་བྱང་གདགས་དགོས་འདུག

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཟླ12པའི་ཚེས25ཉིན། གསར་འགོད་པས་ཞིང་ཆེན་སྤྱི་བདེ་ཐིན་ཉེན་རྟོག་སྤྱི་ཁྱབ་རུ་ཁག་ནས་རྒྱུས་ལོན་པ་ལྟར་ན། རང་ཞིང་གིས2020ལོའི་ཟླ1ཚེས1ཉིན་ནས་བཟུང་། ཞིང་ཆེན་ཡོངས་ནས་གློག་སྒུལ་ལྕགས་རྟར་ཨང་བྱང་ཐོ་འགོད་ཀྱི་བྱ་བ་སྒྲུབ་འགོ་རྩོམ་རྒྱུ་ཡིན་ཞིང་། ཐེངས་འདིའི་ཨང་བྱང་ཐོ་འགོད་དེ་ཚད་མཐུན་དང་ཚད་བརྒལ་གྱི་གློག་སྒུལ་ལྕགས་རྟ་རིགས་གཉིས་བགར་ཏེ། སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་རྒྱལ་ཁབ་ཀྱི་ཚད་གཞི་གསར་པ་དང3Cདཔང་ཡིག་ཡོད་པའི་ཚད་མཐུན་གྱི་གློག་སྒུལ་ལྕགས་རྟར་ཨང་བྱང་དངོས་མ་སྤྲད་རྒྱུ་ཡིན་ལ། དེ་སྔའི་ཨང་བྱང་བཀལ་མེད་པའི་ཚད་བརྒལ་གྱི་གློག་སྒུལ་ལྕགས་རྟར་སྤྱོད་ཡུན་ཚད་བཀག་ཡོད་པའི་ཨང་བྱང་སྤྲད་རྒྱུ་རེད།

གསར་འགོད་པས་བཤར་རྒྱུར། 《མཚོ་སྔོན་ཞིང་ཆེན་གྱི་གློག་སྒུལ་ལྕགས་རྟའི་དོ་དམ་བྱ་བའི་མཛུབ་སྟོན་བསམ་འཆར》ལྟར་ན། གློག་སྒུལ་ལྕགས་རྟ་ཉོ་སྒྲུབ་བྱས་ནས་དུང་ཡུན་ཉིན30ནང་། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་དང་གློག་སྒུལ་ལྕགས་རྟའི་ཨང་བྱང་ཐོ་འགོད་བྱེད་སར་སོང་ནས་ཐོ་འགོད་དང་ལྕགས་རྟར་ཞིབ་བཤེར་བྱ་དགོས། དེ་མིན། དེ་སྔ་ཉོས་ཟིན་པའི་རྒྱལ་ཁབ་ཀྱི་ཚད་གཞི་དང་མི་མཐུན་པའི་གློག་སྒུལ་ལྕགས་རྟའི་བཀོལ་སྤྱོད་དུས་ཡུན2020ལོའི་ཟླ1ཚེས1ཉིན་ནས2022ལོའི་ཟླ12པའི་ཚེས31ཉིན་བར་ཏེ། སྤྱོད་ཡུན་ལོ་གསུམ་རེད་ཟེར།

ལོ་ཙཱ་བ། ལྷ་ཆེན་རྒྱལ།