སྐྱེ་ཁམས་ཁོར་སྲུང་གི་ཁྱབ་ཁོངས་ལ་བཅོས་སྒྱུར་བྱེད་པའི་ཚད་གཞི་གཏིང་ཟབ་ཅན་ཏུ་བཏང་པ།

— རང་ཞིང་གིས་ནུས་ཤུགས་གང་ཡོད་སྒོས་སྐྱེ་ཁམས་ཁོར་ཡུག་གི་བཅོས་སྐྱོང་མ་ལག་ལ་སྐུལ་འདེད་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ཏུ་བཏང་པ།

རང་རེའི་དྲ་བའི་འཕྲིན། འགོ་ཁུངས་བཅོས་སྐྱོང་གིས་ཡོངས་ཁྱབ་ལ་བཅོས་སྐྱོང་བྱེད་པའི་རྒྱ་སྐྱེད་འཕེལ་རྒྱས་ཀྱི་ཉམས་མྱོང་དང་ཆུ་དབུགས་མི་གཙང་བར་བཅོས་སྐྱོང་བྱེད་པའི་ཁོར་ཡུག་གི་རིམ་པ་སོ་སོར་བྱང་ཚད་ཀྱི་བཅོས་སྐྱོང་རྒྱ་བསྐྱེད་བཏང་། དེ་ཡང་ཁྱབ་ཁོངས་ཀྱི་སྦགས་བཙོག་བཅོས་སྐྱོང་གིས་ཁྱོན་ཡོངས་ནས་སྔོན་འགོག་བཅོས་སྐྱོང་རྒྱ་སྐྱེད་པ་རེད། སྣ་གཅིག་བཅོས་སྐྱོང་དེ་སྣ་མང་སྦགས་བཙོག་ལ་བསྒྱུར་བའི་ཕྱོགས་བསྡུས་བཅོས་སྐྱོང་དེ་ཁ་ཕྱོགས་བསྒྱུར་ནས། ལྟ་ཞིབ་ཆུང་ངུའི་བཅོས་སྐྱོང་དེ་གནད་འཁེལ་བཅོས་སྐྱོ་དང་སྤྱི་འབོར་ཚོད་འཛིན། སྤྱིའི་ཐོན་ཚད་དང་རྒྱུ་སྤུས་དག་ལ་སྔར་མེད་བཅོས་སྐྱོང་གི་ཁ་ཕྱོགས་བསྒྱུར། ལོ་འདི་དག་གི་རིང་ལ། རང་ཞིང་གིས་མུར་བསྟུན་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པའི་ཁྱབ་ཁོངས་ཀྱི་བཅོས་སྒྱུར་དེ་མུ་མཐུད་དུ་སྤེལ་ནས། ནུས་ཤུགས་གང་ཡོད་སྒོས་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་མ་ལག་དང་ནུས་པ་དེང་རབས་ཅན་ལ་བཅོས་སྐྱོང་བྱས་ཡོད།

རང་ཞིང་གིས་སྐྱེ་ཁམས་ཁོར་སྲུང་ཁྱབ་ཁོངས་ཀྱི་བཅོས་སྒྱུར་བྱ་བ་སྔར་ལསགཏིང་ཟད་ཅན་དུ་སྤེལ་བ་དང་ཁོར་ཡུག་གི་སྦགས་བཙོག་འགན་འཁྲིའི་འགན་སྲུང་མུ་མཐུད་དུ་འཕེལ་རྒྱས་སུ་བཏང་ནས། ཞིང་ཆེན་ཡོངས་ཀྱི་རྙོག་ཆུའི་མིང་ཐོའི་ཁྲོད་ཀྱི་ཁོར་ཡུག་ལ་ཡིད་རྟོན་ཐད་ཀྱི་དཔྱད་འཇོག་གནང་། མཚོ་སྔོན་ཞིང་ཆེན་ཁོར་ཡུག་ཚན་རྩལ་ཞིབ་འཇུག་ཇུས་འགོད་ཀྱི་ཁྲིམས་ལུགས་གསལ་འབྱེད་ལྟེ་གནས་གསར་དུ་བཙུགས། ལས་དོན་ཧྲིལ་བོས་མཁའ་དབུགས་ལ་གནོད་འཚར་བཟོ་བའི་ཁྱབ་ཁོངས་ཆེན་པོའི་ཁྲོད་ཁྱབ་ཁོངས6ལ་གསལ་འབྱེད་བཏང་སྟེ། སྐྱེ་ཁམས་ཁོར་ཡུག་གི་གནོད་སྐྱོན་སྐྱིན་ཚབས་བྱ་བའི་ཐད་ལ་ལག་རྩལ་གྱི་རྒྱབ་རྩ་བརྟན་པོ་མཁོ་སྤོད་བྱས་ནས། རང་ཞིང་གི་སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་ཁྲིམས་འཛིན་གནོད་སྐྱོན་སྐྱིན་ཚབས་བྱ་བའི་ཐད་ལ་ལག་རྩལ་གྱི་རྒྱབ་སྐྱོར་བཏང་། དེར་མ་ཟད། སྐྱེ་ཁམས་ཁོར་ཡུག་གི་སྐྱིན་ཚབས་ཐད་ལ་ལག་རྩལ་གྱི་རྒྱབ་སྐྱོར་བྱས་ཏེ། རང་ཞིང་གི་སྐྱེ་ཁམས་ཁོར་ཡུག་གི་གནོད་སྐྱོན་ཁྲིམས་འཛིན་སྒྲིག་འཛུགས་ཀྱི་སྟོང་ཆ་གསར་བ་ཞིག་ཁ་བསྐངས།

དེ་དང་ཆབས་ཅིག རྡོ་ཐལ་ཁྲོམ་རའི་འཛུགས་སྐྲུན་ལ་ཧུར་ཐག་གིས་སྐུལ་འདེད་བཏང་སྟེ། རྒྱལ་ཡོངས་ཐལ་འདོན་དབང་ཆའི་ཉོ་ཚོང་ཁྲོམ་ར11གི་གློག་དོན་ལས་རིགས་གཙོ་བོའི་ཕྱིར་འདོན་ལས་ཁུངས་ཐོག་མ་དེ་གཏན་ཁེལ་བྱས་ནས། ཞིང་ཆེན་ཡོངས་ཀྱི་བཙོག་ཆུ་བཅོས་སྐྱོང་ཡོངས་འགྲུབ་དང་ཚ་ནུས་ཐོན་སྐྱེད་མཁོ་སྤྲོད། ལུད་རྒྱུ་གསར་སྐྲུན། སྒོ་ཕྱུགས་བཤའ་བ་སོགས་ལས་རིགས་ཐད་ཀྱི་ཁེ་ལས་པ803གྱི་བཙོག་འདོན་ཆོག་མཆན་ཞིབ་བཤེར་བདེན་དཔང་བྱིན་སྟེ། རྒྱུན་རྣམ་ཅན་གྱི་བཙོག་འདོན་དབང་ཆའི་ཉོ་འཚོང་དུས་སྐབས་སུ་རང་ཞིང་གི་ཁེ་ལས3ཡིས་འགྲན་རྩོད་དང་གྲོས་མཐུན་གཞན་སྒྱུར་ལ་བརྟེན་ནས་སྦགས་བཙོག་བྱ་དངོས་ཕྱིར་འདོན་དབང་ཆའི་དམིགས་ཚད་དེ་བླངས་ཤིང་། མ་དངུལ་སྒོར་ཁྲི699ཡི་ཉོ་ཚོང་ཡོངས་འགྲུབ་བྱུང་།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།