མཚོ་སྔོན་གྱི་སློབ་གྲོགས་ཚེ་རིང་རྒྱལ། ཁྱོད་ཀྱིས་སྐེད་པ་མར་སྒུར་བའི་བཟོ་ལྟ་དེ་ཇི་འདྲའི་ཡག་པ་ལ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཉེ་སྔོན། སློབ་ཆུང་སློབ་མ་ཞིག་གིས་སློབ་གྲྭ་གྲོལ་བའི་ལམ་བར་དུ་གད་སྙིགས་འཐུ་བཞིན་པའི་བརྙན་ཐུང་ཞིག་ཀུན་གྱིས་སྐད་འཕྲིད་གྱི་ཚོགས་པ་དང་གྲོགས་ཚོམས་སུ་བསྐུར་ནས་བསྟོད་བསྔགས་ཡང་ཡང་ཐོབ། ང་ཚོས་བརྙན་ཐུང་ལས་ཁ་བས་གཡོགས་པའི་སྲང་ལམ་ཞིག་ཏུ། རྒྱབ་ལ་དཔེ་ཁུག་ཁུར་ཞིང་མགུལ་དུ་སྐེ་དཀྲིས་དམར་པོ་བཏགས་པ། ལུས་ལ་སློབ་ལྭ་གྱོན་པའི་སློབ་བུ་ཞིག་གིས་ལག་ཏུ་འགྱིག་ཁུག་བཟུང་སྟེ། ལག་འབོབ་ཡང་མ་གྱོན་པར་ལམ་འགྲམ་དུ་གད་སྙིགས་འཐུ་བཞིན་པ་མཐོང་པ་དེ་ནི། རྫ་སྟོད་རྫོང་ཆ་ཚང་སློབ་ཆུང་གཉིས་པའི་ལོ་རིམ་གཉིས་པའི་འཛིན་གྲྭ་དྲུག་པའི་སློབ་མ་ཚེ་རིང་རྒྱལ་རེད།

རྫ་སྟོད་རྫོང་ཆ་ཚང་སློབ་ཆུང་གཉིས་པའི་སློབ་གཙོས་བཤད་རྒྱུར། “ང་རང་དགེ་རྒན་ཞིག་ཡིན་པའི་ཆ་ནས་བརྙན་ཐུང་དེ་མཐོང་རྗེས་ཧ་ཅང་དགའ་པོ་བྱུང་། ང་ཚོའི་སློབ་གྲྭས་གཟའ་འཁོར་རེའི་རེས་གཟའ་པ་སངས་ཀྱི་ཕྱི་དྲོའི་སློབ་ཐུན་གཉིས་པར་ཁོར་སྲུང་གི་སློབ་ཁྲིད་བཀོད་སྒྲིག་བྱས་ཏེ། ཁོར་སྲུང་གི་ཤེས་བྱ་དང་སྐྱེ་ཁམས་སློབ་གསོ་སོགས་ཀྱི་ཤེས་བྱ་ཁྲིད་བཞིན་ཡོད་པར་མ་ཟད། ཀུན་སྤྱོད་སློབ་གསོ་དང་ཁོར་སྲུང་སློབ་གསོ། བདེ་ཐང་སློབ་གསོ་བཅས་ཕྱོགས་གསུམ་ནས་གཙོར་བཟུང་སྟེ། སློབ་མ་རྣམས་ལ་རང་གི་བྱ་སྤྱོད་ཀྱིས་ཁྱིམ་མིར་ཤུགས་རྐྱེན་བཟོ་བར་སྐུལ་འདེད་བྱས་ཤིང་། དེ་ནས་རྫ་སྟོད་རྫོང་ཡོངས་ཀྱི་སྣང་བརྙན་ཡང་ཅུང་ལེགས་པོ་ཞིག་བསྐྲུན་ཡོད་པས། ད་ལྟ་སློབ་མ་ཚོའི་རང་རྟོགས་ཀྱང་ཉིན་རེའི་བཞིན་ཇེ་ཆེ་རེད་ཟེར།”

སློབ་བུ་ཚེ་རིང་རྒྱལ་གྱིས་བཤད་རྒྱུར། “ཕ་མ་གཉིས་ཀ་དང་དགེ་རྒན་ཚོས་ནམ་རྒྱུན་ང་ཚོར་ཁོར་ཡུག་ལ་སྲུང་སྐྱོབ་དང་གཅེས་སྐྱོང་བྱེད་དགོས་ཚུལ་བཤད་པས། ཕྱིར་ཡུལ་ལ་ལོག་སྐབས་གད་སྙིགས་མཐོང་ཚེ་འགྲོ་ཞོར་དུ་བཏུས་པ་ཡིན་ཟེར། ”

གྲང་རླུང་ཁྲོད་གད་སྙིགས་འཐུ་བཞིན་པའི་བྱིས་པ་རྣམས།

ལོ་ཙཱ་བ། ལྷ་ཆེན་རྒྱལ།