བློ་བརྟན་འགྱུར་མེད་ངང་བཅོས་སྒྱུར་གཏིང་ཟབ་དུ་སྤེལ་བ།

ཁ་སང་བསྡུས་པའི་ཞིང་ཆེན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་དུ་སྤེལ་བའི་བཅོས་སྒྱུར་བྱ་བའི་བཞུགས་མོལ་གྲོས་ཚོགས་ཀྱི་སྟེང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་དགོངས་དོན་དེ་མཛུབ་སྟོན་དུ་བཟུང་ནས། ཏང་གི་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དེ་ལག་ལེན་མཐར་ཕྱིན་དུ་སྤེལ་ཏེ། བཅོས་སྒྱུར་འཕེལ་རྒྱས་དང་བཅོས་སྒྱུར་སྔོན་ཐོན་ལ་གཟེངས་བསྟོད། བཅོས་སྒྱུར་འགན་འཁྲི་བཀོད་སྒྲིག་བཅས་སྙན་ཞུ་བྱས། ང་ཚོས་ནན་ཏན་སྒོས་བཅོས་སྒྱུར་གྱི་གནས་བབ་གསར་བ་དང་བཅོས་སྒྱུར་གྱི་ལས་འགན་གསར་བ་དེ་གཏན་འབེབས་གསལ་བོ་བྱས་ནས། བཅོས་སྒྱུར་གྱི་འགན་འཁྲི་གསར་བར་ཤུགས་སྣོན་སྒོས་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས། བློ་བརྟན་འགྱུར་མེད་ངང་བཅོས་སྒྱུར་གཏིང་ཟབ་དུ་སྤེལ་བ་རེད།

2013ལོར་ཏང་གི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་དུས་རབས་གསར་བ་ལ་ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་དུ་སྤེལ་བའི་ཐད་ཇུས་འགོད་ལེགས་པོ་དང་མ་ལག་བློ་འདོན་བྱས་པས། དུས་རབས་རང་བཞིན་གྱི་ལོ་རྒྱུས་ཀྱི་དོན་སྙིང་ལྡན། སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས་ནས་བཟུང་། རང་ཞིང་གིས་སྔ་གཞུག་ཏུ་བཅོས་སྒྱུར་འགོ་ཁྲིད་ཚན་ཆུང་དང་བཅོས་སྒྱུར་གཏིང་ཟབ་དུ་སྤེལ་བའི་ཨུ་ལྷན་གྱི་གྲོས་ཚོགས་ཐེངས40ལ་བསྡུས་ནས། ཀྲུང་དབྱང་གིས་བཀོད་སྒྲིག་བྱས་པའི་བཅོས་སྒྱུར་འགན་འཁྲི་ལ་ཕན་འབྲས་མངོན་པ་དང་མཚོ་སྔོན་གསར་བའི་འཛུགས་སྐྲུན་གྱི་བྱ་གཞག་སོ་སོར་སྐུལ་འདེད་ངེས་ཅན་ཞིག་བྱས། 2020ལོ་ནི་ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་དུ་སྤེལ་བ་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་སྨིན་པའི་ལོ་གཅིག་ཡིན་ལ། ང་ཚོས་ཤུགས་ཆེན་པོས་སྒོ་ནས་གསར་གཏོད་སྙིང་སྟོབས་ཀྱི་བཅོས་སྒྱུར་དར་སྤེལ་བཏང་སྟེ། འཛེར་མ་ལྟ་བུའི་སྙིང་སྟོབས་ལ་བརྟེན་ནས་ཞན་ཆ་ཁ་སྐོང་སྒོས་དོན་དངོས་གཏིང་ཟབ་དུ་སྤེལ་ཏེ། ཏང་ཀྲུང་དབྱང་གིས་ང་ཚོར་སྤྲད་པའི་བཅོས་སྒྱུར་གྱི་འགན་འཁྲི་དེ་ཉམས་པ་མེད་པའི་སྒོ་ནས་འཐུས་ཚང་ཅན་ཏུ་བཏང་།

བཅོས་སྒྱུར་སྒོ་འབྱེད་ནི་དེང་རབས་ཀྲུང་གོའི་ལས་དབང་ཐག་གཅོད་བྱེད་པའི་ཆེས་གནད་འགག་གི་ཐབས་ལམ་ཞིག་ཡིན་ལ། ལོ་བརྒྱའི་ཇུས་ཆེན་གཉིས་ཀྱི་འཐབ་རྩོད་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཆེས་གནད་འགག་གི་ཐབས་ལམ་ཤིག་ཀྱང་ཡིན། ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་བྱེད་པ་ནི་ཀྲུང་གོ་གུང་ཁྲན་ཏང་གི་མིའི་ཐོག་མའི་སེམས་འདུན་དང་འགན་འཁྲི་ཡིན་ལ། བཅོས་སྒྱུར་སྒོ་འབྱེད་ཀྱི་ཐོག་མའི་སེམས་འདུན་དང་འགན་འཁྲི་ཡང་ཡིན། རླབས་ཆེ་བའི་དམིགས་འབེན་དེ་མངོན་འགྱུར་དང་ཐོག་མའི་སེམས་འཁུན་ལག་བསྟར་བྱེད་ཆེད། ང་ཚོས་བཅོས་སྒྱུར་གྱི་དར་ཆ་མཐོན་པོར་བསྒྲེངས་ནས། “འདུ་ཤེས་བཞི”ཆེས་ཆེར་གཏོང་བ་ནས“ཡིད་ཆེས་བཞི”རྒྱུན་འཁྱོངས་བྱེད་པ། “འགེབས་སྲུང་གཉིས”ལེགས་པོར་སྒྲུབ་ནས། བཅོས་སྒྱུར་སྒོ་འབྱེད་ཞེས་པའི་གྲུ་གཟིངས་འདིས་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་རླབས་རྒྱུན་དེད་དེ་མདུན་སྐྱོད་བྱེད་པར་ཁག་ཐེག་བྱས་ཡོད། བཅོས་སྒྱུར་གྱི་ཐོག་མའི་སེམས་འདུན་མི་བརྗེད་པར་བཅོས་སྒྱུར་གྱི་ཁེ་ཕན་གཏོང་བ་ནས་བཅོས་སྒྱུར་གྱི་གྲུབ་འབྲས་མཉམ་སྤྱོད་བྱས། མི་དམངས་མང་ཚོགས་ཀྱི་འདོད་བློ་དང་བདེ་སྐྱིད། བདེ་འཇགས་བཅས་མུ་མཐུད་དུ་མཐོར་འདེགས་སུ་བཏང། བཅོས་སྒྱུར་གྱི་འགན་འཁྲི་ཕྲག་ཏུ་བླངས་ནས་བཅོས་སྒྱུར་གྱི་འཕེལ་རྒྱས་ལ་སྐུལ་འདེད་ངང་འཕེལ་རྒྱས་ཀྱི་ནང་སེམས་སྒུལ་ཤུགས་དེ་ཇེ་ཆེར་བཏང་། བཅོས་སྒྱུར་གྱི་ནུས་པ་མཐོར་འདེགས་ཀྱིས་བཅོས་སྒྱུར་གྱི་བྱེད་ཐབས་ཐག་གཅོད་ལ་བརྟེན་ནས། མཚོ་སྔོན་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་ཡོད་ཚད་ཐག་གཅོད་ལེགས་པོ་བྱས། བཅོས་སྒྱུར་གྱི་མཉམ་བསྲེས་སྟོབས་ཤུགས་ཕྱོགས་གཅིག་ཏུ་བསྡུས་ནས་སེམས་ཕྱོགས་གཅིག་ལ་འཁོར་ནས་བཅོས་སྒྱུར་གྱི་ཡོངས་ཁྱབ་ཐུན་མོང་འདུ་ཤེས་དང་སྟོབས་ཤུགས་གཅིག་གྱུར་བྱ་བ་དེ་གཏིང་ཟབ་ཅན་ཏུ་སྤེལ།

དུས་རབས་གསར་བའི་བཅོས་སྒྱུར་གྱིས་ལས་འགན་གསར་བའི་འགོ་བརྩམས་པ་རེད། ང་ཚོས་མཐུན་སྒྲིལ་དམ་ཟབ་ངང་’ བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་རླབས་ཆེ་བའི་དར་ཆ་མཐོན་པོར་བསྒྲེངས་ནས། སྲ་བརྟན་འགྱུར་མེད་དང་ཆོད་སེམས་དང་དཔའ་ངར་སྒོས་སྔར་ལས་སྲ་ཞིང་མཁྲེགས་པའི་བྱ་བའི་སྤྱོད་ལམ་དང་ཧུར་བརྩོན་གྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། བཅོས་སྒྱུར་སྒོ་འབྱེད་དེ་མུ་མཐུད་དུ་མདུན་སྐྱོད་མཐར་ཐུག་ཅན་ལ་བཏང་ནས། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་ཐད་ལ་ཉམས་མེད་ཧུར་བརྩོན་བྱས། དུས་རབས་གསར་བའི་བཅོས་སྒྱུར་སྒོ་འབྱེད་ཐད་ལ་ཡང་ཧུར་བརྩོན་ངང་དྲིས་ལན་གསར་བ་ཞིག་བཏབ་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།