རང་ཞིང་གི་དབུལ་པོ་ཚང་མ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་རྒན་གསོའི་འགན་བཅོལ་ནང་བཅུག་པ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་གནས་ཚུལ་སྤེལ་བ་ལྟར་ན། མིག་སྔར། རང་ཞིང་གི་དབུལ་པོ་ཚང་མ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་ནང་བཅུག་ཡོད་པ་རེད།

ད་ལྟའི་བར་དུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་དབུལ་སྐྱོར་ཆ་འཕྲིན་ལས་སྟེགས་ཀྱིས་ཞིབ་བཤེར་གཏན་འབེབས་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་དབུལ་པོ་ཚང་མ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་ཁྱབ་ཁོངས་ནང་བཅུག་ཡོད་པ་རེད། དེའི་ནང་། ལོ60ཡན་གྱི་མི་དབུལ་པོ་ཁྲི6.8ལ་ཟླ་རེ་བཞིན་རྒན་གསོའི་དངུལ་འདང་ངེས་སྤྲད་ཅིང་། སྤྲོད་ཚད100%ཟིན་ཡོད་པ་རེད།

2015ལོའི་ལོ་མཇུག་ནས་བཟུང་། རང་ཞིང་གིས་རིམ་རྩིས་བྱས་ན་ངལ་རྩོལ་པ་དབུལ་པོ་མི་ཐེངས་ཁྲི11ཡན་ལས་ཞུགས་གཞན་སྒྱུར་བྱས་པ་དང་། ངལ་ནུས་དབུལ་པོ་མི་ཐེངས་ཁྲི2ཡན་སྒྲིག་འཛུགས་བྱས་ནས་རྩལ་ནུས་གསོ་སྦྱོང་བྱས་པ་རེད། དབུལ་པོ་སྤྱི་ཚོགས་འགན་བཅོལ་ནང་ཞུགས་རྒྱུར་སྐུལ་མ་ཧུར་ཐག་བཏང་ནས་འགན་བཅོལ་ནང་ཞུགས་མཁན་རྒན་པ་དང་། ནད་གཞི་ཕོག་པ། ལས་རྨས་ཕོག་པ། ལས་ཀ་ཤོར་བ་སོགས་ཀྱི་རྐྱེན་གྱིས་དབུལ་པོར་གྱུར་ནས་སྤྱི་ཚོགས་འགན་བཅོལ་གྱི་དབུལ་སྐྱོར་བྱ་བའི་མཉམ་ཤུགས་རགས་ཙམ་ཆགས་ཡོད་ལ། ས་ཁུལ་དབུལ་པོའི་རྒྱུགས་བསྡུའི་གདན་ཞུ་དང་། གོ་མིང་དཔྱད་ཞིབ། གླ་ཕོགས་ཕན་བདེ་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ཧུར་ཐག་བྱས་ནས་རིགས་ཁག་གི་ཤེས་ལྡན་མི་སྣས་ས་ཁུལ་དབུལ་པོར་ཞབས་འདེགས་ཞུ་རྒྱུར་ཁྲིད་སྟོན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་ལ་རྒྱལ་ཁ་ལེན་ཆེད་བྱས་རྗེས་བཞག་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།