རང་ཞིང་གིས2019ལོའི་གླ་དངུལ་ཆད་འགྱང་གི་སྐོར་ཁག་གསུམ་པའི་གྱོད་དཔེ་ཐེར་འདོན་བྱས།

བདུན། མཚོ་སྔོན་ཀའོ་ཁུན་ཨར་སྐྲུན་ངལ་ལས་ཚད་ཡོད་ཀུང་སིའི་གླ་དངུལ་ཆད་འགྱང་གི་གྱོད་གཞི།

ཁྲིམས་འགལ་དོན་དངོས། 2019ལོའི་ཟླ10ཚེས16ཉིན། མཚོ་ཤར་གྲོང་ཁྱེར་ཡ་རྫི་རྫོང་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུས་ལྟ་ཞིབ་རུ་ཆེན་ལ་ངལ་རྩོལ་བས་ཞུ་གཏུག་འབྱོར་དོན། མཚོ་སྔོན་གའོ་ཁུན་ཨར་སྐྲུན་ངལ་ལས་ཚད་ཡོད་ཀུང་སིས(国堃建筑劳务有限公司)གླ་དངུལ་ཆད་འགྱང་བྱས་སོང་ཟེར། རྩད་ཞིབ་བརྒྱུད་ཀུང་སི་དེས་ཡ་རྫི་རྫོང་ཅི་ཧྲི་གྲོང་རྡལ་དང་། ཅའེ་ཙི་གྲོང་རྡལ། རཀྴི་མདོ་ཡུལ་ཚོ། པེ་གྲོང་གྲོང་རྡལ་སོགས་སུ་དམངས་ཀྱི་སྡོད་ཁང་བསྐྲུན་པའི་འགན་གཙང་ལེན་བྱས་ཡོད་པ་ཚང་མར་གླ་དངུལ་ཆད་འགྱང་གི་གནས་ཚུལ་ཡོད་པ་རེད།ད་སྔ་ལས་ཀ་པ55ལ་ཆད་འགྱང་བྱས་པའི་གླ་དངུལ་སྒོར་ཁྲི36.81སྤྲད་ཡོད་པ་རེད། ཡ་རྫི་རྫོང་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུས་ངལ་རྩོལ་ལྟ་ཞིབ་རུ་ཆེན་གྱིས་ཐེངས་དུ་མར་ལས་གཞིའི་འགན་གཙང་མལེན་ཁན་ལི་ཧྲི་ཆིང་ལ་འབྲེལ་བ་བྱས་ཀྱང་། བྲོས་ཤོར་དང་སྦས་སྐུང་སོགས་ཅི་ཐབས་ཀྱིས་ཞིབ་བཤེར་དང་ལེན་མི་བྱེད། 2019ལོའི་ཟླ10ཚེས25ཉིན་དང་། ཟླ11ཚེས22ཉིན། ཡ་རྫི་རྫོང་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་སྔ་གཞུག་ཏུ་ཀུང་སི་དེ་ལ་ངལ་རྩོལ་འགན་སྲུང་ལྟ་ཞིབ་ཀྱི་རྟོག་ཞིབ་རྩད་འདྲིའི་བརྡ་ཐོ་དང་ངལ་རྩོལ་འགན་སྲུང་ལྟ་ཞིབ་ཀྱི་དུས་བཅད་ཡོ་བསྲང་གི་དག་ཐེར་བཀའ་བརྡ་བཏང་ན་ཡང་ཀུང་སི་དེས་སྔར་བཞིན་གླ་དངུལ་སྤྲད་མི་འདུག

ཐག་གཅོད་བྱས་ཚུལ། མཚོ་སྔོན་ཀའོ་ཁུན་ཨར་སྐྲུན་ངལ་ལས་ཚད་ཡོད་ཀུང་སིས་གནས་ལུགས་ཅི་ཡང་མེད་པར་ཞིང་པ་ཞོར་ལས་པར་གླ་དངུལ་མ་སྤྲད་པའི་དབང་གིས་ཡ་རྫི་རྫོང་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་ཁྲིམས་བཞིན་ཀུང་སི་དེ་གླ་དངུལ་མི་སྤྲོད་པའི་ཉེས་ངོས་ནས་གྱོད་གཞི་སྤྱི་བདེ་ལས་ཁུངས་ལ་སྤྲད།

བརྒྱད། ཀྲང་ཡུན་གྱིས་གླ་དངུལ་ཆད་འགྱང་བྱས་པའི་གྱོད་གཞི

ཁྲིམས་འགལ་དོན་དངོས། 2019ལོའི་ཟླ6ཚེས10ཉིན། ཀྲང་ཝན་ཁུའེ་དང་། མཱ་ཀའོ་ཧུའུ་སོགས་ཀྱིས་མཚོ་ཤར་གྲོང་ཁྱེར་བ་ཡན་རྫོང་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུས་ལ་ཀྲང་ཡུན་གྱིས་གླ་དངུལ་ཆད་འགྱངས་བྱས་སོང་ཞེས་ཞུ་གཏུག་འབྱོར། རྩད་ཞིབ་བརྒྱུད་ཀྲང་ཡུན་གྱིས་མཚོ་སྔོན་ཧུང་ཡ་ཆུ་གློག་ལས་གཞི་ཚད་ཡོད་ཀུང་སིས་འགན་གཙང་ལེན་ཐོག་བསྐྲུན་པའི་བ་ཡན་རྫོང་གི་གནད་འཁེལ་དབུལ་སྐྱོར་གྲོང་ཚོའི་ཡུར་བ་བཟོ་སྐྲུན་དང་དེའི་སྒྲིག་ཆས་ཞིག་གསོ་ལས་གཞིའི་ཁྲོད། ཞིང་པ་ཞོར་ལས་པ6ལ་གླ་དངུལ་སྒོར་ཁྲི15ཆད་འགྱང་བྱས་ཡོད་པ་རེད། 2019ལོའི་ཟླ6ཚེས27ཉིན། དཔའ་ལུང་རྫོང་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་ཀྲང་ཡུན་ལ་ངལ་རྩོལ་འགན་སྲུང་ལྟ་ཞིབ་ཀྱི་དུས་བཅད་དག་ཐེར་བཀའ་བརྡ་བཏང་ཡང་སྔར་བཞིན་ཨུ་ཚུགས་མཐར་སྐྱེལ་བྱས།

ཐག་གཅོད་བྱས་ཚུལ། 2019ལོའི་ཟླ7ཚེས18ཉིན། བ་ཡན་རྫོང་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་ཁྲིམས་བཞིན་ཀྲང་ཡུན་གྱིས་གླ་དངུལ་མི་སྤྲོད་པའི་ཉེས་ངོས་ནས་གྱོད་གཞི་སྤྱི་བདེ་ལས་ཁུངས་ལ་སྤྲད། ཟླ8ཚེས15ཉིན་སྤྱི་བདེ་ལས་ཁུངས་ཀྱིས་གྱོད་ཐོ་བཀོད་ནས་རྩད་ཞིབ་བྱས།

དགུ ། ན་གོར་མོ་གྲོང་ཁྱེར་གསེར་རྡོ་ཅཱ་ལས་ཚད་ཡོད་ཀུང་སིས་གླ་དངུལ་ཆད་འགྱང་བྱས་པའི་གྱོད་གཞི།

ཁྲིམས་འགལ་དོན་དངོས། 2019ལོའི་ཟླ1ཚེས14ཉིན། མཚོ་ནུབ་ཁུལ་ན་གོར་མོ་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུས་ངལ་རྩོལ་ལྟ་ཞིབ་རུ་ཆེན་ལ་ནའེ་ཆིག་སོགས་མི22ཡི་ཞུ་གཏུག་སྔ་རྗེས་སུ་འབྱོར་ནས། ན་གོར་མོ་གྲོང་ཁྱེར་གསེར་རྡོ་ཅཱ་ལས་ཚད་ཡོད་ཀུང་སིའི(金石钾业有限公司)གླ་དངུལ་ཆད་འགྱང་བྱས་སོང་ཟེར། རྩད་ཞིབ་བརྒྱུད2018ལོའི་ཟླ1ཚེས17ཉིན་ནས་བཟུང་། ཀུང་སི་དེས་ལས་ཀ་བ22ཀྱི་གླ་དངུལ་སྡོམ་པའི་ཁྲི55.61ཆད་འགྱང་བྱས་ཡོད་པ་རེད། 2019ལོའི་ཟླ1ཚེས23ཉིན་དང་། ཟླ8ཚེས16ཉིན་ལ། ན་གོར་མོ་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་སྔ་གཞུག་ཏུ་ཀུང་སི་དེ་ཀར་ངལ་རྩོལ་འགན་སྲུང་ལྟ་ཞིབ་ཀྱི་དུས་བཅད་དག་ཐེར་བཀའ་བརྡ་བཏང་ཡང་ལག་བསྟར་མ་བྱས་པ་རེད།

ཐག་གཅོད་བྱས་ཚུལ། 2019ལོའི་ཟླ11ཚེས19ཉིན། ན་གོར་མོ་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་ཁྲིམས་བཞིན་ཀུང་སི་དེས་གླ་དངུལ་མི་སྤྲོད་པའི་ཉེས་ངོས་ནས་གྱོད་གཞི་སྤྱི་བདེ་ལས་ཁུངས་ལ་སྤྲད་དེ། གྱོད་ཐོ་བཀོད་ནས་རྩད་ཞིབ་བྱེད་དུ་བཅུག

བཅུ། ཅིན་ཧྭང་ཏེ་གླ་དངུལ་ཆད་འགྱང་བྱས་པའི་གྱོད་གཞི།

ཁྲིམས་འགལ་དོན་དངོས། 2019ལོའི་ཟླ1ཚེས28ཉིན། ཞིང་པ་ཞོར་ལས་པ་ཀྲའོ་ལིང་གིས་མཚོ་བྱང་ཁུལ་རྒྱ་མདོ་རྫོང་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུས་ངལ་རྩོལ་འགན་སྲུང་ལྟ་ཞིབ་རུ་ཆེན་ལ་ཞུ་གཏུག་བྱེད་དོན། མཚོ་སྔོན་མཚོ་བྱང་སྤོ་འགུལ་གྱི་སྐོར་ཁག་གཉིས་པའི་ཚབ་སྐྲུན་ལས་གཞི་རྒྱ་མདོའི་ལས་ཡུལ་གྱིས་གླ་དངུལ་ཆད་འགྱང་བྱས་སོང་ཟེར། རྩད་ཞིབ་བརྒྱུད། ཀན་སུའུ་དབྱི་ཧྭ་ཧྥེང་འཛུགས་སྐྲུན་ལས་གཞི་ཚད་ཡོད་ཀུང་སིས་འཛུགས་སྐྲུན་གྱི་འགན་གཙང་ལེན་བྱས་པའི་མཚོ་སྔོན་མཚོ་བྱང་སྤོ་སྒུལ་གྱི་ཚབ་བསྐྲུན་ལས་གཞི་སྐོར་གཉིས་པའི་ཨར་ལས་གྲུབ་རྗེས2019ལོའི་ཟླ1པོའི་ཟླ་མཇུག་ལ་ལས་གཞིའི་འགན་འཁུར་པ་ཕན་ཝན་ཁྲུན་གྱིས་ཟི་ལིང་ནས་མངའ་འོག་གི་ཞིང་པ་ཞོར་ལས་པར་གཅིག་བསྡུས་ཐོག་གླ་ཆ་སྤྲད། དེའི་ནང་འགན་ལེན་ལས་དཔོན་ཅིན་ཧང་ཏེ་ཡིས་ཞིང་པ་ཞོར་ལས་པ་ཀྲའོ་ལིང་སོགས་མི་ལྔ་ལ་བརྡ་མ་བརྒྱབ་པའི་གནས་ཚུལ་འོག་གླ་དངུལ་སྒོར་ཁྲི4ཡོད་པ་ཚབ་ལེན་བྱས་རྗེས་ཀྲའོ་ལིང་སོགས་ལ་མ་སྤྲད། རྒྱ་མདོ་རྫོང་ངལ་རྩོལ་འགན་སྲུང་ལྟ་ཞིབ་རུ་ཆེན་དང་། མཚོ་བྱང་ཁུལ་སྤོ་སྒུལ་ཀུང་སི་གཉིས་ཀྱིས་སྐུལ་མ་བྱས་ཀྱང་ཕན་ཅི་ཡང་མ་ཐོགས་པས། 2019ལོའི་ཟླ9ཚེས16ཉིན། རྒྱ་མདོ་རྫོང་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་ཅིན་ཧང་ཏེ་ཡིས་གླ་དངུལ་མི་སྤྲོད་པའི་ཉེས་ངོས་ནས་གྱོད་གཞི་སྤྱི་བདེ་ལས་ཁུངས་ལས་སྤྲད་དེ་ཐག་བཅད་དུ་བཅུག་ཡོད་པ་རེད།

བཅུ་གཅིག མཚོ་བྱང་ཁུལ་མཐོ་སྒང་མེ་ཀོ་པའོ་སྐྱེས་ལྡན་ལུད་རྫས་ཚད་ཡོད་ཀུང་སིའི་གླ་དངུལ་ཆད་འགྱང་བྱས་པའི་གྱོད་གཞི།

ཁྲིམས་འགལ་དོན་དངོས། 2018ལོའི་ཟླ10ནས2019ཟླ1པོའི་བར། སུང་ཆེ་གེ་མོ་སོགས་ཞིང་པ་ཞོར་ལས་པ་སྐོར་ཞིག་གིས་གཅིག་རྗེས་གཉིས་འཕྲོར་མཚོ་བྱང་ཁུལ་མདའ་བཞི་རྫོང་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུས་ལ་མཚོ་བྱང་ཁུལ་མཐོ་སྒང་མེ་ཀའོ་པའོ་སྐྱེས་ལྡན་ལུས་རྫས་ཚད་ཡོད་ཀུང་སིའི་གླ་ཆ་ཆད་འགྱང་བྱས་ཡོད་པའི་ཞུ་གཏུག་འབྱོར། རྩད་ཞིབ་བྱས་པ་ན་མཚོ་བྱང་ཁུལ་མཐོ་སྒང་མེ་ཀོ་པའོ་སྐྱེས་ལྡན་ལུད་རྫས་ཚད་ཡོད་ཀུང་སིས་གཉེར་སྐྱོང་མ་ལེགས་པར་མ་དངུལ་འཁོར་རྒྱུག་ལ་དཀའ་ཁག་བྱུང་བས། ཞིང་པ་ཞོར་ལས་པ34ཡི་གླ་དངུལ་ཁྲི8.82ཆད་འགྱང་བྱས། 2018ལོའི་ཟླ10ཚེས29ཉིན། མདའ་བཞི་རྫོང་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་ཁྲིམས་བཞིན་ཀུང་སི་དེ་ཀར་ངལ་རྩོལ་འགན་སྲུང་ལྟ་ཞིབ་ཀྱི་ཡོ་བསྲང་དག་ཐེར་བཀའ་བརྡ་བཏང་ཡང་། བུན་འགན་གྱི་རྩོད་གླེང་བྱུང་ནས་མ་དངུལ་བཅད་བསྡམས་བྱས་པས་ཞིང་པ་ཞོར་ལས་པའི་གླ་ཆ་སྤྲད་ཐབས་ཟད་པ་རེད།

ཐག་གཅོད་བྱས་ཚུལ། ཀུང་སིའི་མ་དངུལ་བཅད་བསྡམས་དང་། ཐོ་ཁོངས་ནང་དུ་མ་རྐང་དབང་འཛིན་བཤིག་སྤྲོད་ཀྱི་གྲོན་དངུལ་སོགས་ཡོད་པའི་གནས་ཚུལ་ལ་གཞིགས་ནས་ཀུང་སི་དེའི་ཁྲིམས་བཀོད་འཐུས་མིས་མོས་འཐད་འོག མདའ་བཞི་རྫོང་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་ཁྲིམས་ཁང་ལ་མ་དངུལ་བཅད་བསྡམས་གློད་དགོས་པའི་སྙན་ཞུ་བརྒྱབ་ཏེ། ཞིང་པ་ཞོར་ལས་པའི་གླ་དངུལ་ཆད་འགྱང་གི་མ་དངུལ་དག་མདའ་བཞི་རྫོང་ངལ་རྩོལ་འགན་སྲུང་ལྟ་ཞིབ་རུ་ཆེན་གྱི་ཞིང་པ་ཞོར་ལས་པའི་གླ་ཆ་ཁག་ཐེག་གི་ཐོ་ཁོངས་ནང་བཞག 2019ལོའི་ཟླ1ཚེས28ཉིན་ལ་ཆད་འགྱང་གླ་ཆ་ཆ་ཚང་སྤྲད་ཚར།

བཅུ་གཉིས། དགའ་བདེ་རྫོང་གི2018ལོའི་སློབ་གསོའི་རྨང་གཞི་སྒྲིག་ཆས་ལས་གཞི་ལས་ལས་ཚིགས་གསུམ་པའི་གླ་དངུལ་ཆད་འགྱང་བྱས་པའི་གྱོད་གཞི།

ཁྲིམས་འགལ་དོན་དངོས། 2019ལོའི་ཟླ11པར། ཧེ་ཡུང་ཀྲུང་སོགས་ཞིང་པ་ཞོར་ལས་པ་སྐོར་ཞིག་གིས་སྔ་གཞུག་ཏུ་མགོ་ལོག་ཁུལ་དགའ་བདེ་རྫོང་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུས་ལ་ཞུ་གཏུག་བྱས་དོན། མཚོ་སྔོན་ཆིང་ཡུས་ལས་གཞི་འཛུགས་སྐྲུན་ཚད་ཡོད་ཀུང་སིའི(青海青渝建设工程有限公司)གླ་དངུལ་ཆད་འགྱང་བྱས་སོང་ཟེར། རྟོག་ཞིབ་བྱས་པ་ན་མཚོ་སྔོན་ཆིང་ཡུས་ལས་གཞི་འཛུགས་སྐྲུན་ཚད་ཡོད་ཀུང་སིས་དགའ་བདེ་རྫོང་གི2018ལོའི་སློབ་གསོའི་རྨང་གཞི་སྒྲིག་ཆས་ལས་གཞི་ཡི་ལས་ཚིགས་གསུམ་པའི་ལས་གཞི་འགན་གཙང་ལེན་བྱས་པའི་རིང་དུ། ཁྲིམས་འགལ་ཐོག་འགན་ལེན་གཞན་སྤྲོད་བྱས་པ་སོགས་རྐྱེན་དུ་མས་ཞིང་པ་ཞོར་ལས་པ24ཡི་ཟླ་དྲུག་གི་གླ་དངུལ་སྒོར་ཁྲི137.37ཆད་འགྱང་བྱས། དེར་དགའ་བདེ་རྫོང་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་ཀུང་སི་དེ་ཀར་འབྲེལ་གཏུག་བྱས་སྐུལ་མ་བཏང་ཡང་ཕན་མ་ཐོགས།

ཐག་གཅོད་བྱས་ཚུལ། 2019ལོའི་ཟླ11ཚེས26ཉིན་དགའ་བདེ་རྫོང་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་ཁྲིམས་བཞིན་ཀུང་སི་དེར་ངལ་རྩོལ་འགན་སྲུང་ལྟ་ཞིབ་ཀྱི་དུས་བཅད་དག་ཐེར་བཀའ་བརྡ་བཏང་བ་མ་ཟད། ལས་གཞི་འཛུགས་སྐྲུན་གྱི་གཙོ་གཉེར་དོ་དམ་སྡེ་ཚན་དང་འཛུགས་སྐྲུན་ལས་ཁུངས་ལ་ཡིག་ཐོག་ནས་བྱེད་ཐབས་ལེགས་པོ་བཏོན་ནས་གླ་ཆ་ཆད་འགྱང་གི་གནད་དོན་མྱུར་དུ་ཐག་གཅོད་དགོས་པའི་བཀའ་བརྡ་བརྒྱབ།

བཅུ་གསུམ། མཚོ་སྔོན་མགོ་ལོག་པདྨ་ནས་སེ་ལེ་ཐང་བར་གྱི110kvལམ་ཐིག་གི་ལས་གཞིའི་གླ་དངུལ་ཆད་འགྱང་བྱས་པའི་གྱོད་གཞི།

ཁྲིམས་འགལ་དོན་དངོས། 2019ལོའི་ཟླ8ནས2019ལོའི་ཟླ11བར་དུ། ཝུའུ་ཆེ་གེ་མོ་སོགས་ཀྱིས་སྔ་གཞུག་ཏུ་མགོ་ལོག་ཁུལ་པདྨ་རྫོང་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུས་ངལ་རྩོལ་ལྟ་ཞིབ་རུ་ཆེན་ལ་ཞུ་གཏུག་བྱས་དོན། མཚོ་སྔོན་གློག་འགྱུར་འདོན་སྐྱེལ་ཨར་ལས་ཀུང་སིའི་(青海送变电工程公司)གླ་དངུལ་ཆད་འགྱང་བྱས་སོང་ཟེར། རྩད་ཞིབ་བྱས་པ་ན། མཚོ་སྔོན་གློག་འགྱུར་འདོན་སྐྱེལ་ཨར་ལས་ཀུང་སིའི་དམིགས་འཁེལ་ཐོག་འགན་གཙང་ལེན་བྱས་པའི་མཚོ་སྔོན་མགོ་ལོག་པདྨ་མ་ནས་སེ་ལས་ཐང་བར་གྱི110kvལམ་ཐིག་འཛུགས་སྐྲུན་ལས་གཞི་ཁྲོད། ལས་གཞིའི་མ་དངུལ་གཏོང་སྤྲོད་གནད་ལ་མ་འཁེལ་བ་དང་། ལས་ཀ་བ་བཀོལ་སྤྱོད་དོ་དམ་ཚད་ལྡན་མིན་པ་སོགས་ཀྱི་དབང་གིས་ཞོར་ལས་པ42ཡི་གླ་ཆ་སྒོར་ཁྲི51.07ཆད་འགྱང་བྱས། དེར་པདྨ་རྫོང་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་ངལ་རྩོལ་ལྟ་ཞིབ་རུ་ཆེན་གྱིས་ཐེངས་དུ་མ་སྐུལ་མ་བྱས་ཀྱང་ཕན་ཅི་ཡང་མ་ཐོགས།

ཐག་གཅོད་བྱས་ཚུལ། 2019ལོའི་ཟླ10ཚེས10ཉིན། པདྨ་རྫོང་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་ངལ་རྩོལ་ལྟ་ཞིབ་རུ་ཆེན་གྱིས་ཁྲིམས་བཞིན་ཀུང་སི་དེར་ངལ་རྩོལ་འགན་སྲུང་ལྟ་ཞིབ་ཀྱི་དུས་བཅད་དག་ཐེར་བཀའ་བརྡ་བཏང་བས། 2019ལོའི་ཟླ11ཚེས12ཉིན་ཆད་འགྱང་བྱས་པའི་གླ་ཆ་ཡོངས་སྤྲད་ཚར་བ་རེད།

བཅུ་བཞི། མགོ་ལོག་ཨ་མྱེས་རྨ་ཆེན་རྩྭ་ཐང་སྐྱེས་ལྡན་ལུད་རྫས་བཟོ་གྲྭ་འཛུགས་སྐྲུན་ལས་གཞིས་གླ་དངུལ་ཆད་འགྱང་བྱས་པའི་གྱོད་གཞི།

ཁྲིམས་འགལ་དོན་དངོས། 2019ལོའི་ཟླ11ཚེས4ཉིན། ཡུན་ཞའོ་པའོ་སོགས་ཞིང་པ་ཞོར་ལས་པ20ལྷག་གིས་མགོ་ལོག་ཁུལ་དང་། རྨ་ཆེན་རྫོང་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུས་ལ་མགོ་ལོག་ཨ་མྱེས་རྨ་ཆེན་རྩྭ་ཐང་སྐྱེས་ལྡན་ལུད་རྫས་བཟོ་གྲྭ་འཛུགས་སྐྲུན་ལས་གཞིས་གླ་དངུལ་ཆད་འགྱང་བྱས་སོང་ཞེས་ཞུ་གཏུག་འབྱོར། རྩད་ཞིབ་བྱས་རྗེས། ལས་གཞི་དེ་ནི་མགོ་ལོག་ཁུལ་གྱི་ཚོང་འགུག་དངུལ་འདྲེན་ལས་གཞི་ཞིག་ཡིན་ཞིང་། མགོ་ལོག་ཨ་མྱེས་རྨ་ཆེན་རྩྭ་ཐང་སྐྱེས་ལྡན་ལུད་རྫས་ཚད་ཡོད་ཀུང་སི(果洛阿尼玛卿草原有机肥有限公司)ནི་འཛུགས་སྐྲུན་གསར་སྤེལ་མཁན་ཡིན་པ་དང་། ཨར་ལས་འཛུགས་སྐྲུན་ལས་ཁུངས་ནི་མཚོ་སྔོན་ཧྲུའུ་ཧྥེང་ལས་གཞི་འཛུགས་སྐྲུན་ཚད་ཡོད་ཀུང་སི་རེད། ཕྱོགས་གཉིས་ཀྱིས་ལས་གཞིའི་ཞིབ་རྩིས་ཐད་ནས་རྩོད་གཞི་བྱུང་བས་ཞིང་པ་ཞོར་ལས་པ40ཡི་གླ་དངུལ་སྒོར་ཁྲི120ཆད་འགྱང་བྱས། 2019ལོའི་ཟླ11ཚེས25ཉིན། རྨ་ཆེན་རྫོང་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་ཁྲིམས་བཞིན་མཚོ་སྔོན་ཧྲུའུ་ཧྥེང་ལས་གཞི་འཛུགས་སྐྲུན་ཚད་ཡོད་ཀུང་སིར་ངལ་རྩོལ་འགན་སྲུང་ལྟ་ཞིབ་ཀྱི་དུས་བཅད་ཡོ་བསྲང་གི་བཀའ་བརྡ་བཏང་ཡང་ཀུང་སི་དེ་སྔར་བཞིན་ཨུ་ཚུགས་མཐར་སྐྱེལ་བྱས།

ཐག་གཅོད་བྱས་ཚུལ ། མཚོ་སྔོན་ཧྲུའུ་ཧྥེང་ལས་གཞི་འཛུགས་སྐྲུན་ཚད་ཡོད་ཀུང་སིས་ཞིང་པ་ཞོར་ལས་པའི་གླ་ཆ་མི་སྤྲོད་པའི་ངོས་ནས། རྨ་ཆེན་རྫོང་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་ཁྲིམས་བཞིན་གྱོད་གཞི་དེ་སྤྱི་བདེ་ལས་ཁུངས་ལ་སྤྲད།

ཁོན་ཐར་འཚོས་བསྒྱུར།