རང་ཞིང་གིས2019ལོའི་གླ་དངུལ་ཆད་འགྱང་གི་སྐོར་ཁག་གསུམ་པའི་གྱོད་དཔེ་ཐེར་འདོན་བྱས།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། གླ་དངུལ་ཆད་འགྱང་གི་གནད་དོན་རྩ་བཅོས་དང་ངལ་རྩོལ་གླ་དངུལ་ཚིག་ཐོག་ཏུ་མ་གནས་པར་ཆད་འགྱང་བྱས་པའི་ཁྲིམས་འགལ་བྱ་སྤྱོད་ལ་དྲན་སྐུལ་དང་ཟིལ་གནོན་གྱི་ནུས་པ་བཏོན་ནས་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཡག་པོ་བྱ་ཆད། ཟླ12ཚེས5ཉིན་ལ། ཞིང་ཆེན་ལས་ཞུགས་སྐུལ་སྤེལ་དང་གླ་དངུལ་ཆད་འགྱང་རྩ་བཅོས་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ་ཡི《ངལ་རྩོལ་འགན་སྲུང་གི་ཁྲིམས་འགལ་བྱ་སྤྱོད་ཚབས་ཆེན་སྐོར་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་ཐབས》དང་། 《ཞིང་པ་ཞོར་ལས་པའི་གླ་དངུལ་ཆད་འགྱང་བྱས་པའི“མིང་ཐོ་ནག་པོའི”གནས་སྐབས་དོ་དམ་བྱེད་ཐབས》《མཚོ་སྔོན་ཞིང་ཆེན་ངལ་རྩོལ་འགན་སྲུང་ཁ་དན་ཚིག་གནས་ཀྱི་ཁྲིམས་བརྩི་རིམ་པར་དཔྱད་འཇོག་དང་ཚིག་ཐོག་ཏུ་མ་གནས་པར་ཆད་གཅོད་བསླབ་འདོམས་བྱེད་ཐབས》《མཚོ་སྔོན་ཞིང་ཆེན་གྱིས་ཞིང་པ་ཞོར་ལས་པའི་གླ་དངུལ་ཆད་འགྱང་བྱས་པའི་མི་བཀོལ་ལས་ཁུངས་དང་འབྲེལ་ཡོད་མི་སྣར་མཉམ་འབྲེལ་ཐོག་ཆད་གཅོད་བསླབ་འདོམས་ཀྱི་མཉམ་ལས་བརྗེད་ཐོ》གཞིར་བཟུང་སྟེ། གླ་ཆ་ཆད་འགྱང་གི་གྱོད་དཔེ14ཡོངས་བསྒྲགས་བྱས་པ་མ་ཟད། གླ་ཆ་ཆད་འགྱང་གི་ཁྲིམས་འགལ་བྱ་སྤྱོད་ལ་ཆད་གཅོད་དག་ཐེར་བྱས།

གཅིག ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཁང་ལི་ཡུན་རྐང་འཁྲུ་གྲོང(康俪园足浴城)གི་གླ་དངུལ་ཆད་འགྱང་གི་གྱོད་གཞི། 2019ལོའི་ཟླ9ཚེས2ཉིན་ཅུའུ་ཧྲེན་ཡུས་སོགས་མི31གིས་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུས་ལ། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཁང་ལི་ཡུན་རྐང་འཁྲུ་གྲོང(康俪园足浴城)གིས་གླ་དངུལ་ཆད་འགྱང་བྱས་སོང་ཞེས་པའི་ཞུ་གཏུག་འབྱོར། རྩད་ཞིབ་བྱས་པ་ན་ཀུང་སི་དེའི་ཁྲིམས་བཀོད་འཐུས་མི་ཁྲེན་ལིང་ཅའེ་ཡིན་པ་དང་། འགན་འཁུར་བ་ཧོང་ཅིན་ཧྥེང་རེད་ལ། ལས་ཀ་བ31གི་གླ་དངུལ་ཁྱོན་སྡོམ་ཁྲི24.62ཆད་འགྱང་བྱས་ཡོད་པ་རེད། 2019ལོའི་ཟླ9ཚེས2ཉིན་མཁར་ནུབ་ཁུལ་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་ཁེ་ལས་དེ་ཀར་ངལ་རྩོལ་འགན་སྲུང་ལྟ་ཞིབ་ཀྱི་ཡོ་བསྲང་བྱེད་འགན་དཀྲི་བའི་ཆོད་ཡིག་སྤྲད་ཀྱང་ལག་བསྟར་བྱས་མ་སོང་།

ཐག་གཅོད་བྱས་ཚུལ། 2019ལོའི་ཟླ9ཚེས16ཉིན། མཁར་ནུབ་ཁུལ་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་ཁྲིམས་བཞིན་ཁེ་ལས་དེ་ག་ཞིང་པ་ཞོར་ལས་པར་གླ་དངུལ་ཆད་འགྱང་བྱས་པའི“མིང་ཐོ་ནག་པོའི”ནང་འཇུག་རྒྱུའི་ཆོད་ཡིག་བསྒྲགས་པ་ན། ཉིན་དེར་ཀུང་སི་དེས་ལས་ཀ་བ31ལ་གླ་དངུལ་ཁྱོན་སྡོམ་སྒོར་ཁྲི12.32སྤྲད་པ་དང་། ལྷག་མ་རྣམས2019ལོའི་ཟླ12ཚེས31ཉིན་ཆིག་ཐབས་ཀྱིས་སྤྲད་རྒྱུ་དམ་བཅའ་བཞག །

གཉིས། མཚོ་སྔོན་ཅ་ཧེ་འཕྲུལ་ཆས་སྒྲིག་སྦྱོར་ཚད་ཡོད་ཀུང་སིའི(青海佳合机械安装有限公司)གླ་དངུལ་ཆད་འགྱང་བྱས་པའི་གྱོད་གཞི།

ཁྲིམས་འགལ་དོན་དངོས། 2019ལོའི་ཟླ9ཚེས18ཉིན། ཅི་ཅིན་ཧུང་སོགས་མི12ཀྱིས་ཟི་ལིང་གྲོང་ཁྱེར་གྲོང་དབུས་ཁུལ་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུས་ལ། མཚོ་སྔོན་ཅ་ཧེ་འཕྲུལ་ཆས་སྒྲིག་སྦྱོར་ཚད་ཡོད་ཀུང་སིས་གླ་དངུལ་ཆད་འགྱངས་བྱས་ཆོང་ཞེས་ཞུ་གཏུག་འབྱོར། རྩད་ཞིབ་བྱས་པ་ན། ཀུང་སི་དེས་གཉེར་སྐྱོང་ཡག་པོ་མ་བྱུང་བའི་དབང་གིས2018ལོའི་ཟླ1ནས2019ལོའི9བར་ཞི་ཅིན་ཧུང་སོགས་མི12ལ་གླ་དངུལ་སྒོར་ཁྲི21.84ཆད་འགྱངས་བྱས་ཡོད་པ་རེད། 2019ལོའི་ཟླ9ཚེས19ཉིན། གྲོང་དབུས་ཁུལ་མི་ཤུགས་ཐོནཁུངས་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་ཁྲིམས་བཞིན་ཀུང་སི་དེར་ངལ་རྩོལ་འགན་སྲུང་ལྟ་ཞིབ་ཀྱི་ཡོ་བསྲང་བྱེད་འགན་དཀྲི་བའི་ཆོད་ཡིག་སྤྲད་ཀྱང་ལག་བསྟར་བྱས་མེད་པ་རེད།

ཐག་གཅོད་བྱས་ཚུལ། 2019ལོའི་ཟླ10ཚེས23ཉིན་གྲོང་དབུས་ཁུལ་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་ཁྲིམས་བཞིན་དུ་མཚོ་སྔོན་ཅ་ཧེ་འཕྲུལ་ཆས་སྒྲིག་སྦྱོར་ཚད་ཡོད་ཀུང་སིས་ངལ་རྩོལ་གླ་ཆ་མི་སྤྲོད་པའི་ཉེས་དོན་ངོས་ནས་གྱོད་གཞི་དེ་སྤྱི་བདེ་ལས་ཁུངས་ལ་སྤྲད། གནོན་ཤུགས་དེ་འདྲའི་འོག2019ལོའི་ཟླ11ཚེས19ཉིན་ཀུང་སི་དེའི་ཁྲིམས་བཀོད་འཐུས་མི་ཏུའུ་ཀྲན་སིས་གླ་དངུལ་ཡོངས་རྫོགས་སྤྲད།

གསུམ། མཚོ་སྔོན་པའོ་ལིན་ཁང་ས་གསར་སྤེལ་ཚད་ཡོད་ཀུང་སིའི་གླ་དངུལ་ཆད་འགྱང་བྱས་པའི་གྱོད་གཞི།

ཁྲིམས་འགལ་དོན་དངོས། 2019ལོའི་ཟླ7ཚེས10ཉིན་ནས2019ཟླ7ཚེས12ཉིན། ཟི་ལིང་གྲོང་ཁྱེར་སྟོང་སྐོར་རྫོང་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་ངལ་རྩོལ་འགན་སྲུང་ལྟ་ཞིབ་རུ་ཆེན་ལ་ཞིང་པ་ཞོར་ལས་པ་ཀྲང་ཧའེ་དང་། མཱ་ཁྲའོ་སོགས་ཀྱི་ཞུ་གཏུག་གཅིག་རྗེས་གཅིག་འཕྲོར་འབྱོར་ཏེ། མཚོ་སྔོན་པའོ་ལིན་ཁང་ས་གསར་སྤེལ་ཚད་ཡོད་ཀུང་སིས་སྟོང་སྐོར་རྫོང་གི་གྲོང་ཁྱེར་སྡོད་ཁང་ཐབས་ཆག་ཁུལ་ལེགས་སྒྱུར་ལས་གཞི་ལས་པའོ་ལིན་སྡོད་ཁུལ་གྱི་ཁང་པ་ལེགས་སྒྱུར་གྱི་ལས་ཀའི་གླ་དངུལ་ཆད་འགྱང་བྱས་སོང་ཟེར། རྩད་ཞིབ་བྱས་པ་ན། ཀུང་སི་དེས་ཁྲིམས་འགལ་ཐོག་ངལ་རྩོལ་ཉེར་མཁོ་ཡི་སྤུས་ཚད་མི་ལྡན་པའི་མི་སྒེར་ཧྥན་ཁན་ཧྭ(范堪华)ལ་ཁག་བགོས་འགན་གཙང་བྱེད་དུ་བཅུག་པས། མཐར་ཞིང་པ་ཞོར་ལས་པ243ཡི་གླ་དངུལ་སྒོར་ཁྲི812.07ཆད་འགྱང་བྱས། 2019ལོའི་ཟླ7ཚེས12ཉིན་དང་།ཟླ7ཚེས22日ཉིན་ལ་སྟོང་སྒོར་རྫོང་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་ཁྲིམས་ལྟར་སྔ་གཞུག་ཏུ་ཀུང་སི་དེ་ཀར་ངལ་རྩོལ་འགན་སྲུང་ལྟ་ཞིབ་ཀྱི་ཡོ་བསྲང་བྱེད་འགན་དཀྲི་བའི་ཆོད་ཡིག་སྤྲད་ཀྱང་དེ་བཞིན་དུ་ལག་བསྟར་བྱས་མེད་པ་རེད།

ཐག་གཅོད་བྱས་ཚུལ། 2019ལོའི་ཟླ8ཚེས20ཉིན། སྟོང་སྐོར་རྫོང་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་ཁྲིམས་བཞིན་དུ་ཀུང་སི་དེས་གླ་དངུལ་མི་སྤྲོད་པའི་ཉེས་དོན་ངོས་ནས་གྱོད་གཞི་སྤྱི་བདེ་ལས་ཁུངས་ལ་སྤྲད།

བཞི། མཚོ་སྔོན་རན་ཀྲི་ཚོང་ལས་ཚད་ཡོད་ཀུང་སིས་གླ་དངུལ་ཆད་འགྱང་བྱས་པའི་གྱོད་གཞི།

ཁྲིམས་འགལ་དོན་དངོས། 2019ལོའི་ཟླ8ཚེས29ཉིན། ཟི་ལིང་གྲོང་ཁྱེར་སྟོང་སྐོར་རྫོང་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུས་ལ་ཝང་མུའོ་མུའོ་དང་ཝང་ཀུའེ་ལིན་སོགས་ལས་ཀ་བ11གིས་མཚོ་སྔོན་རན་ཀྲི་ཚོང་ལས་ཚད་ཡོད་ཀུང་སིའི་གླ་དངུལ་ཆད་འགྱང་བྱས་སོང་བའི་ཞུ་གཏུག་འབྱོར། རྩད་ཞིབ་བྱས་པ་ན། ཀུང་སི་དེས་ཉི་ཟླ་ཡུལ་ཚོ་ཁེས་སེར་ཡོ་ཨོ་གྲོང་རྡལ་དུ་བོད་སྨན་དང་ཁྱད་ལྡན་ཐོན་རྫས་སོགས་འཚོང་མཁན་ལ་ཁྱོན་སྡོམ་གླ་དངུལ་སྒོར་ཁྲི3.78ཆད་འགྱང་བྱས་འདུག མཐུན་སྦྱོར་བརྒྱུད་ཀུང་སི་དེས2019ལོའི་ཟླ8ཚེས3ཉིན་ལ་ཆད་འགྱང་བྱས་པའི་གླ་དངུལ་ཁྲི1.89སྤྲད་རྗེས་ལྷག་མ་རྣམས་ད་བར་དུ་སྤྲད་མ་སོང་བ་མ་ཟད། ཐེངས་དུ་མར་ཀུང་སི་དེའི་ཁྲིམས་བཀོད་འཐུས་མི་མུའུ་ཧུའེ་ལ་འབྲེལ་བ་བྱས་ཀྱང་བྱེད་ཐུབ་མ་བྱུང་། 2019ལོའི་ཟླ10ཚེས21ཉིན། སྟོང་སྐོར་རྫོང་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་ཁྲིམས་བཞིན་མཚོ་སྔོན་རན་ཀྲི་ཚོང་ལས་ཚད་ཡོད་ཀུང་སིར་ངལ་རྩོལ་འགན་སྲུང་ལྟ་ཞིབ་ཀྱི་ཡོ་བསྲང་བྱེད་འགན་དཀྲི་བའི་ཆོད་ཡིག་སྤྲད་ཀྱང་དེ་བཞིན་ལག་བསྟར་བྱས་མ་བྱུང་།

ཐག་གཅོད་བྱས་ཚུལ། 2019ལོའི་ཟླ11ཚེས12ཉིན། སྟོང་སྐོར་རྫོང་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་ཁྲིམས་བཞིན་མཚོ་སྔོན་རན་ཀྲི་ཚོང་ལས་ཚད་ཡོད་ཀུང་སིས་གླ་དངུལ་མི་སྤྲོད་པའི་ཉེས་ངོས་ནས་གྱོད་གཞི་སྤྱི་བདེ་ལས་ཁུངས་ལ་སྤྲད། གནོན་ཤུགས་དེ་འདྲའི་འོག2019ལོའི་ཟླ11ཚེས22ཉིན་ཀུང་སི་དེའི་ཁྲིམས་བཀོད་འཐུས་མི་མུ་ཧུའེ་ཡིས་ཆད་འགྱང་བྱས་པའི་གླ་དངུལ་ལྷག་མ་རྣམས་ཡོངས་སུ་སྤྲད།

ལྔ། ཞུང་ཙན་ཡུའོ་ཡིས་གླ་དངུལ་ཆད་འགྱང་བྱས་པའི་གྱོད་གཞི།

ཁྲིམས་འགལ་དོན་དངོས། 2019ལོའི་ཟླ1པོར། མཚོ་ཤར་གྲོང་ཁྱེར་ལུང་མདོ་ཆུས་མི་ཤུགས་ཐོནཁུངས་སྤྱི་ཚོགས་འགན་སྲུང་ཅུས་ལ་ཧྥན་ཞིའུ་ཆིན་དང་ཀྲའོ་ཡུའེ་ལིན་སོགས་ཀྱིས་ཞུང་ཙན་ཡུའོ་ཡིས་གླ་དངུལ་ཆད་འགྱང་བྱས་སོང་ཞེས་ཞུ་གཏུག་འབྱོར། དེར་རྩད་ཞིབ་བྱས་རྗེས། ཞུང་ཙན་ཡུའོ་ཡིས་མཚོ་ཤར་གྱི་གུང་གསེང་ཐང་ཆེན་གྱི་ཁུལ་བཞི་བ་དང་། ཁུལ་དྲུག་པ། ས་འོག་ཐོག་སོ་དང་པོའི་རྩིག་ངོས་སུ་དཀར་རག་རྒྱག་པ་དང་། གློག་སྐས་ནང་རོལ་གྱི་རྩིག་ངོས་རྩི་བྱུག་ལ་སོགས་ཀྱི་ལས་གཞི་འགན་གཙང་ལེན་བྱས་པའི་ཁྲོད་དུ། ཞིང་པ་ཞོར་ལས་པ42ཀྱི་གླ་དངུལ་ཁྱོན་སྡོམ་སྒོར་ཁྲི5.73ཆད་འགྱང་བྱས་ཡོད་པ་རེད། ལུང་མདོ་ཆུས་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་ངལ་རྩོལ་ལྟ་ཞིབ་རུ་ཆེན་གྱིས་ཐེངས་དུ་མར་ཞུང་ཙན་ཡུའོ་སྐུལ་མ་བྱས་ཀྱང་གནས་ལུགས་མང་པོ་བརྗོད་ནས་སྤྲད་མ་བྱུང་། 2019ལོའི་ཟླ1ཚེས20ཉིན། ལུང་མདོ་ཆུས་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་ཞུང་ཙན་ཡོའུ་ལ་ངལ་རྩོལ་འགན་སྲུང་ལྟ་ཞིབ་ཀྱིས་དུས་བཅད་དག་ཐེར་ཡོ་བསྲང་གི་བཀའ་བརྡ་སྤྲད་མོད། ཁོས་སྔར་བཞིན་སྤྲད་མ་སོང་།

ཐག་གཅོད་བྱས་ཚུལ། 2019ལོའི་ཟླ2ཚེས1ཉིན། ལུང་མདོ་ཆུས་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་ཁྲིམས་བཞིན་ཞུང་ཙན་ཡོའུ་གིས་གླ་དངུལ་མི་སྤྲོད་པའི་ཉེས་ངོས་ནས་གྱོད་གཞི་དེ་སྤྱི་བདེ་ལས་ཁུངས་ལ་སྤྲད་ཅིང་། སྤྱི་བདེ་ལས་ཁུངས་ནས་གྱོད་དོན་ཐོ་འགོད་ཐོག་ཐག་གཅོད་བྱས། 2019ལོའི་ཟླ11ཚེས19ཉིན། གྱོད་གཞི་དེ་མཚོ་ཤར་གྲོང་ཁྱེར་ལུང་མདོ་ཆུས་མི་དམངས་ཞིབ་དཔྱོད་ཁང་ལ་སྤྲད་དེ་ཞིབ་བཤེར་ཞུ་གཏུག་བྱེད་དུ་བཅུག་ཡོད་པ་རེད།

དྲུག ཝན་ཀུའེ་ལོང་གིས་གླ་དངུལ་ཆད་འགྱང་བྱས་པའི་གྱོད་གཞི།

ཁྲིམས་འགལ་དོན་དངོས། 2018ལོའི་ཟླ9ཚེས20ཉིན། མཚོ་ཤར་གྲོང་ཁྱེར་ཧོང་གྲོང་རྫོང་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་ངལ་རྩོལ་ལྟ་ཞིབ་རུ་ཆེན་ལ་ཞིང་པ་ཞོར་ལས་པ་ཀའོ་ཧྲོའུ་ལིན་སོགས་ཀྱི་ཞུ་གཏུག་འབྱོར་ནས་ལས་གཞིའི་འགན་གཙང་ལེན་པ་ཝན་ཀུའེ་ལུང་གིས་མངའ་འོག་གི་ལས་ཀ་བའི་གླ་དངུལ་ཆད་འགྱང་བྱས་སོང་ཟེར། རྩད་ཞིབ་བརྒྱུད་ཝན་ཀུའེ་ལོང་གིས་མཚོ་སྔོན་པའོ་ཁྲུན་གཏེར་ལས་གསར་སྤེལ་ཚད་ཡོད་ཀུང་སིའི་གཞུང་སྒྲུབ་ཁང་གི་ཁང་ཀླད་ཀྱི་ཆུ་འགོག་ལས་གཞི་དང་། འཁོར་ཁང་གཉིས་པའི་རྩི་བྱུག་དང་ཆུ་ཡུར་ཆུ་འགོག་ལས་གཞི་འགན་གཙང་ལེན་བྱས་པའི་རིང་དུ། ཞིང་པ་ཞོར་ལས་པ5ཡི་ཁྱོན་སྡོམ་སྒོར་ཁྲི1.15ཡི་གླ་དངུལ་ཆད་འགྱང་བྱས་ཡོད་པ་རེད།

2019ལོའི་ཟླ7ཚེས29ཉིན་དང་། ཟླ9ཚེས24ཉིན་ལ། ཧོར་གྲོང་རྫོང་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུས་ངལ་རྩོལ་ལྟ་ཞིབ་རུ་ཆེན་གྱིས་སྔ་གཞུག་ཏུ་ཝན་ཀུའེ་ལོང་ལ་ངལ་རྩོལ་འགན་སྲུང་ལྟ་ཞིབ་ཀྱི་སྲིད་འཛིན་ཐག་གཅོད་ཆོད་ཡིག་སྤྲད་མོད། ཁོས་སྔར་བཞིན་ཨུ་ཚུགས་ཀྱིས་ལག་བསྟར་མ་བྱས།

ཐག་གཅོད་བྱས་ཚུལ། 2019ལོའི་ཟླ9ཚེས29ཉིན། ཧོར་གྲོང་རྫོང་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་ཝན་ཀོའུ་ལོང་གིས་གླ་དངུལ་མི་སྤྲོད་པའི་ཉེས་ངོས་ནས་གྱོད་གཞི་སྤྱི་བདེ་ལས་ཁུངས་ལ་སྤྲད།(མུ་འགོད)

ཁོན་ཐར་འཚོས་བསྒྱུར།