མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཡིག་ཆ།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཡིག་ཆ།

མཚོ་སྲིད།(2019)ཡིག་ཨང་བཅོ་ལྔ་པ།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་རང་ཞིང་ཆེན་དུ་ནང་འདྲེན་བྱེད་བཞིན་པའི་ཕག་ཤའི་ཐོན་རྫས་ལ“གནས་ཀྱིས་གནས་ལ་སྤྲེལ”པའི་མཁོ་འཚོང་སྣེ་མཐུད་རྐྱེན་སྲོལ་ལག་བསྟར་བྱ་བའི་སྐོར་གྱི་བརྡ་ཁྱབ།

གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་།ཞིང་ཆེན་སྲིད་གཞུང་ཨུ་ཡོན་ལྷན་ཁང་།གཞུང་དོན་ཁང་།གཞུང་ལས་ཐིན།ཅུས་སོ་སོར།

གཏིང་ཟབ་པའི་སྒོ་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཧླེ་གླིང་ཕག་ཤའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཐབས་ཇུས་དང་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ་དང་། གཅིག་གྱུར་འཆར་འགོད་གྱིས་ཧླེ་གླིང་ཕག་ཤའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཕག་ཤའི་ཐོན་རྫས་མཁོ་འདོན་གྱི་ལས་དོན་ཡག་པོ་སྒྲུབ་པ་དང་། ཕག་ཤའི་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་དང་ལས་རིམ་ཧྲིལ་པོར་ཁུངས་འདེད་ཐུབ་པར་འགན་ལེན་ཏན་ཏིག་བྱེད་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲོག་ཆགས་རིམས་འགོག་བཅའ་ཁྲིམས》དང་《མཚོ་སྔོན་ཞིང་ཆེན་ཀྱི་སྲོག་ཆགས་རིམས་འགོག་ཁྲིམས་སྲོལ》གྱི་ཐག་བཅད་ལྟར། ཞིང་ཆེན་སྲིད་གཞུང་གིས་ཧླེ་གླིང་ཕག་ཤའི་རིམས་ནད་དོགས་ཟོན་གྱི་མཁོ་བསྟུན་དང་ལེན་བྱེད་པའི་སྐབས་སུ་མཁོ་འཚོང་སྣེ་མཐུད་རྐྱེན་སྲོལ་འཛུགས་པ་དང་། རང་ཞིང་ཆེན་དུ་ནང་འདྲེན་བྱས་པའི་ཕག་ཤའི་ཐོན་རྫས་ལ“གནས་ཀྱིས་གནས་ལ་སྤྲེལ”པའི་མཁོ་འདོན་ལག་བསྟར་བྱེད་རྒྱུ་ཐག་གཅོད་བྱས། འབྲེལ་ཡོད་དོན་ཚན་གྱི་བརྡ་ཁྱབ་ནི་གཤམ་གསལ་དུ་བཀོལ་ཡོད།

གཅིག རང་ཞིང་ཆེན་དུ་ནང་འདྲེན་བྱས་པའི་ཕག་ཤའི་ཐོན་རྫས་ལ“གནས་ཀྱིས་གནས་ལ་སྤྲེལ”པའི་མཁོ་འདོན་ལས་དོན་གྱིས་“དམིགས་བཙུགས་ལྔའི་རྩ་དོན”ཏེ།དམིགས་བཙུགས་ཀྱི་གསོ་སྤེལ་ར་བ་དང་དམིགས་བཙུགས་ཀྱི་བཤའ་ལས་ཁེ་ལས། དམིགས་བཙུགས་ཀྱི་སྐྱེལ་འདྲེན་ཡོ་བྱད་དང་དམིགས་བཙུགས་ཀྱི་ཚོང་གཉེར་ཁེ་ལས། དམིགས་བཙུགས་ཀྱི་སིལ་འཚོང་ཁྲོམ་ར་སོགས་རྒྱུན་འཁྱོངས་བྱེད་པ་དང་། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་མགྱོགས་མྱུར་ངང་འགུལ་བསྐྱོད་བྱེད་དགོས་པ་དང་། “དམིགས་བཙུགས་ལྔའི་རྩ་དོན”གཟབ་ནན་ངང་ལག་ལེན་དུ་བསྟར་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་དང་ཕག་ཤའི་ཐོན་རྫས་མཁོ་འདོན“ཕྱོགས་གཉིས་དམ་འཛིན”དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐོན་ལས་འཕེལ་རྒྱས་ཀྱི“སྐུལ་སྤེལ་གཉིས”རྒྱུན་འཁྱོངས་དང་། རང་འགུལ་གྱིས་ཐོན་ཚོང་འབྲེལ་མཐུད་ལ་ཤུགས་སྣོན་བྱས་ཏེ་ཕག་ཤ་དང་ཐོན་རྫས་ཀྱི་བདེ་འཇགས་ལ་འགན་ལེན་བྱེད་དགོས།

གཉིས། རང་རེའི་ཞིང་ཆེན་གྱི་ཕག་ཤའི་ཐོན་རྫས་མཁོ་འདོན་བྱེད་པའི་ཞིང་ཆེན་གཞན་གྱི་དམིགས་བཙུགས་ཀྱི་བཤའ་ལས་ཁེ་ལས་(བསྡུས་མིང་ལ་གཤམ་དུ་དམིགས་བཙུགས་བཤའ་ལས་ཁེ་ལས)ནི་ཁེ་ལས་ཀྱིས་གྲོང་ཁྱེར(ཁུལ)གྱི་ཕྱུགས་ལས་སྨན་བཅོས་གཙོ་སྐྱོང་སྡེ་ཁག་ལ་ཞིབ་བཤེར་གཏན་འབེབས་ཀྱི་རེ་འདུན་ཞུ་བར་མ་ཟད། ཞིང་ཆེན་གྱི་སྲོག་ཆགས་འཕྲོད་བསྟེན་ལྟ་སྐུལ་དོ་དམ་ལ་ཉེན་ཁ་ཆེ་མིན་དཔྱད་འཇོག་ཚོད་དཔག་བྱེད་པ་དང་ཞིབ་བཤེར་གཏན་འབེབས་བརྒྱུད་རྗེས་གཏན་འཁེལ་བྱེད་དགོས། དམིགས་བཙུགས་བཤའ་ལས་ཁེ་ལས་ཀྱིས་ངེས་པར་དུ་བཤའ་ལས་ལག་རྟགས(རིམ་པAཅན་གྱི་ལག་རྟགས)ལེན་དགོས་པ་དང་། སྔོན་འགྲོའི་གྲང་བཟོ་སྒྲིག་ཆས་སོགས་གྲང་བརྒྱུད་མ་ལག་ཅུང་འཐུས་ཚང་ཡིན་པ་དང་ཁུངས་འདེད་ཆོག་པའི་དོ་དམ་ལམ་ལུགས་འཛུགས་པ། བཤའ་བྱའི་གསོན་ཕག་ནི་བརྟན་ཞིང་བློ་གཏད་ཆོག་པའི་གཞི་ཁྱོན་ཅན་གྱི་གསོ་སྤེལ་ར་བ་ནས་ཐོན་པ་ཡིན། དམིགས་བཙུགས་བཤའ་ལས་ཁེ་ལས་གཏན་ཁེལ་བྱས་མ་ཐག་ཞིང་ཆེན་ཀྱི་སྲོག་ཆགས་འཕྲོད་བསྟེན་ལྟ་སྐུལ་སུའོ་ཡིས་ངེས་པར་དུ་དུས་ཐོག་ཏུ་སྤྱི་ཚོགས་ལ་སྤྱི་བསྒྲགས་བྱ་རྒྱུ་དང་། སྤྱི་བསྒྲགས་བྱས་རྗེས་དམིགས་བཙུགས་བཤའ་ལས་ཁེ་ལས་ཀྱིས་ནང་འཇུག་ས་ཁུལ་གྲོང་ཁྱེར(ཁུལ)གྱི་ཕྱུགས་ལས་སྨན་བཅོས་གཙོ་སྐྱོང་སྡེ་ཁག་ལ་ཐོ་འགོད་སྙན་སེང་ཞུ་དགོས།

གསུམ། དམིགས་བཙུགས་བཤའ་ལས་ཁེ་ལས་ཀྱིས་ཐོ་འགོད་སྙན་སེང་བརྒྱུད་རྗེས་རང་ཞིང་ཆེན་གྱི་དམིགས་བཙུགས་ཚོང་གཉེར་ཁེ་ལས་ལ་ཕག་ཤའི་ཐོན་རྫས་མཁོ་འདོན་བྱས་ཆོག ཁག་རེ་རེའི་ཕག་ཤའི་ཐོན་རྫས་སྐྱེལ་འདྲེན་མ་བྱས་པའི་སྔོན་དུ་ངེས་པར་ཏུ་ཐོག་མར་སྐྱེལ་འདྲེན་བྱེད་ཡུལ་གྲོང་ཁྱེར(ཁུལ)གྱི་ཕྱུགས་ལས་སྨན་བཅོས་གཙོ་སྐྱོང་སྡེ་ཁག་ཡིག་ཐོག་སྙན་ཞུ་འབུལ་དགོས་པར་མ་ཟད། ཞིང་ཆེན་སྲོག་ཆགས་འཕྲོད་བསྟེན་ལྟ་སྐུལ་སུའོ་ལ་ཐོ་འགོད་སྙན་སེང་ཞུ་དགོས།

བཞི། དམིགས་བཙུགས་བཤའ་ལས་ཁེ་ལས་ཀྱི་ཁག་རེ་རེའི་ཕག་ཤའི་ཐོན་རྫས་ལ་ངེས་པར་དུ་ཐོན་ཡུལ་གྱི་ནད་ཡམས་ཞིབ་བཤེར་དཔང་ཡིག་དང་ཤ་རིགས་ཀྱི་སྤུས་ཚད་བརྟག་ཞིབ་དཔང་ཡིག ཧླེ་གླིང་གི་ཕག་པའི་འགོས་ནད་ཞིབ་དཔྱད་ཚད་ལེན་སྙན་ཞུ་སོགས་འདོན་དགོས།

ལྔ། དམིགས་བཙུགས་བཤའ་ལས་ཁེ་ལས་ཀྱིས་འགུལ་ཚུལ་ལེགས་སྒྲིག་རྐྱེན་སྲོལ་ལག་བསྟར་བྱེད་པ། གཤམ་གསལ་གྱི་གནས་ཚུལ་ལས་གང་རུང་ཞིག་ཡོད་ན་དམིགས་བཙུགས་བཤའ་ལས་ཁེ་ལས་ཀྱི་ཐོབ་ཐང་མེད་པར་བཟོ་བ་ཡིན།

1.གནས་སའི་ས་ཁོངས་སུ་ཧླེ་གླིང་གི་ཕག་པའི་འགོས་ནད་ཐོན་ཡོད་པ།

2.རང་ཞིང་ཆེན་ལ་མཁོ་འདོན་བྱེད་པའི་ཕག་ཤའི་ཐོན་རྫས་ལས་ཧླེ་གླིང་གི་ཕོའི་རང་བཞིན་གྱི་ཕག་པའི་འགོས་ནད་ཞིབ་དཔྱད་ཚད་ལེན་བྱས་པ།

3.རང་ཞིང་ཆེན་གྱི་རིམས་འགོག་འཕྲལ་སྡོམ་གཏན་འབེབས་ལ་བརྩི་སྲུང་མི་བྱེད་པ།

དྲུག ཞིང་ཆེན་ནང་ཁུལ་གྱི་དམིགས་བཙུགས་གཉེར་སྐྱོང་ཁེ་ལས་དང་ཁོངས་སུ་ཚུད་པའི་ས་གནས་ཁག་གི་ཤ་རིགས་གསོག་འཇོག་ཁེ་ལས་སོགས་ (བསྡུས་མིང་ལ་གཤམ་དུ་དམིགས་བཙུགས་གཉེར་སྐྱོང་ཁེ་ལས)ཀྱིས་ངེས་པར་དུ་ཁྲོམ་རའི་ལྟ་སྐུལ་དོ་དམ་དང་གྲོང་ཁྱེར(ཁུལ)ལ་རེ་འདུན་ཞུ་དགོས། གྲོང་ཁྱེར(ཁུལ)གྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་དང་ཕྱུགས་ལས་སྨན་བཅོས་གཙོ་སྐྱོང་སྡེ་ཁག་གིས་ཧླེ་གླིང་གི་ཕག་པའི་འགོས་ནད་སྔོན་འགོག་ཚོད་འཛིན་ལ་ཕན་པ་དང་།ཁྲོམ་རའི་མཁོ་འདོན་འགན་ལེན་བྱེད་པར་ཕན་པ་ཡོད་པ་དང་སྒེར་སྡེམ་གཉེར་སྐྱོང་སྔོན་འགོག་བྱེད་པའི་རྩ་དོན་ལ་ཞིབ་བཤེར་གཏན་འབེབས་བྱེད་པ་དང་། ཞིབ་བཤེར་གཏན་འབེབས་ལ་གྲོས་འཆམ་བྱུང་རྗེས་ཞིང་ཆེན་སྲོག་ཆགས་འཕྲོད་བསྟེན་ལྟ་སྐུལ་སུའོ་ལ་ཐོ་འགོད་སྙན་སེང་ཞུ་དགོས།

དམིགས་བཙུགས་གཉེར་སྐྱོང་ཁེ་ལས་ཀྱིས་ངེས་པར་དུ་བཟོ་ཚོང་ཐོ་འགོད་བརྒྱུད་དགོས་པ་དང་། གཉེར་སྐྱོང་བྱེད་སའི་གནས་གྱི་སྒྲིག་ཆས་དང་གཞི་ཁྱོན་ཕན་ཚུན་ལ་འཚམ་པ་དང་། ཟས་རིགས་བདེ་འཇགས་ཀྱི་བླང་བྱ་དང་མཐུན་པའི་འཁྱག་ཉར་སྡེབ་སྐྱེལ་དང་གསོག་ཉར་སོགས་ཀྱི་སྒྲིག་ཆས་ལ། འཁྱགས་ཤ་ཕྱིར་འཚོང་ཆེད་ཁུལ་འཛུགས་པ་དང་། ཁུངས་འདེད་ཐུབ་པའི་དོ་དམ་ལམ་ལུགས་འཛུགས་པར་མ་ཟད། གཅིག་གྱུར་གྱི་བྲིན་ཚོང་ལག་རྟགས་པར་བཟོ་བྱེད་པ།

བདུན། སིལ་ཚོང་ཁྲོམ་རའི་གཉེར་སྐྱོང་གཙོ་གཞི་ཡིས་དམིགས་བཙུགས་གཉེར་སྐྱོང་ཁེ་ལས་ཀྱི་ཕག་ཤའི་ཐོན་རྫས་ཉོ་སྒྲུབ་བྱེད་སྐབས། འཛིན་ཡིག་དང་དཔང་ཡིག་སློང་བའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་དགོས། ནད་ཡམས་ཞིབ་བཤེར་བརྒྱུད་མེད་པ་དང་རིམས་ནད་ཡོད་སའི་ཞིང་ཆེན་ནས་ཐོན་པའི་ཕག་ཤའི་ཐོན་རྫས་ཉོ་སྒྲུབ་བྱས་མི་ཆོག

བརྒྱད། དམིགས་བཙུགས་བཤའ་ལས་ཁེ་ལས་དང་དམིགས་བཙུགས་གཉེར་སྐྱོང་ཁེ་ལས་ངེས་པར་དུ་སྙན་སེང་ཐོ་འགོད་བརྒྱུད་པའི་ཆེད་སྤྱོད་རླང་འཁོར་གྱིས་ཕག་ཤའི་ཐོན་རྫས“གནས་ཀྱིས་གནས་ལ་སྤྲེལ”པའི་སྐྱེལ་འདྲེན་རྩ་འཛུགས་བྱེད་པ་དང་། སྐྱེལ་འདྲེན་རླངས་འཁོར་གྱིས་དུག་སེལ་ལམ་ལུགས་དོན་འཁྱོལ་བྱེད་དགོས་པ་དང་། སྐྱེད་འདྲེན་རླངས་འཁོར་ནང་དུ་དངོས་པོ་མ་བཞག་པའི་སྔོན་དངོས་པོ་བླངས་པའི་རྗེས་སུ་སྐྱེལ་འདྲེན་རླངས་འཁོར་ལ་རྩ་བ་ནས་དུག་སེལ་བྱེད་དགོས་པར་མ་ཟད། ནན་ཏན་ངང་དུག་སེལ་ཀྱི་དུས་ཚོད་དང་དུག་སེལ་གྱི་སྨན་བཀོལ་ཚུལ་དང་དུག་སེལ་གྱི་མི་སྣ་སོགས་ཀྱི་གནས་ཚུལ་ཐོ་འགོད་བྱེད་དགོས།

དགུ། སྐྱེལ་འདྲེན་པས་ངེས་པར་དུ་སྐྱེལ་འདྲེན་ཡོ་བྱད་ཀྱི་ཐོ་འགོད་སྙན་སེང་དཔང་ཡིག་འཛིན་དགོས་པ་དང་། ངེས་གཏན་གྱི་བགྲོད་ལམ་ལ་ཞུགས་ནས་མཚོ་སྔོན་ཞིང་ཆེན་ས་ཁུལ་དུ་ཡོང་དགོས་པར་མ་ཟད། གཞུང་ལམ་གྱི་སྲོག་ཆགས་རིམས་ནད་སྔོན་འགོག་ལྟ་སྐུལ་ཞིབ་བཤེར་ས་ཚིགས་ལ་ཞིབ་བཤེར་བྱ་རྒྱུའི་སྙན་ཞུ་འབུལ་དགོས།

བཅུ། མཁོ་སྤྲོད་ཀྱི་སྦྲེལ་ཐག་ལྷུ་ཚིགས་ཁག་གིས་ངེས་པར་དུ་ཕག་ཤའི་ཐོན་རྫས་ཀྱི་ཡོང་ཁུངས་ཀྱི་ཡིག་ཚགས་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས་དང་། འབྱུང་ཁུངས་ཀྱི་ཁུངས་འདེད་ཐུབ་པ་དང་འགྲོ་ཕྱོགས་ཀྱི་རྗེས་འདེད་ཐུབ་པ་དང་སྤུས་ཚད་ལ་འགན་སྲུང་ཡོད་པ་ཞིག་བྱེད་ཐུབ་དགོས།

བཅུ་གཅིག རིམ་པ་སོ་སོའི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་མཐུན་སྦྱོར་ངང་གཞོགས་འདེགས་དང་ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་སྣོན་རྒྱག་པ་དང་།ཁྲིམས་འགལ་གྱི་གཏོང་འདྲེན་དང་གསོན་ཕག་ཐོན་རྫས་ཕྱིར་འཚོང་གི་བྱ་སྤྱོད་ལ་ཞིབ་བཤེར་དང་ཐག་གཅོད་ནན་མོ་བྱེད་དགོས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཞིང་ལས་དང་ཞིང་སྡེའི་སྡེ་ཁག་གི་སྤྱི་བསྒྲགས》(ཨང་རྟགས79)ཀྱི་འབྲེལ་ཡོད་ཐག་གཅོད་ལྟར། ཞིང་ལས་དང་ཞིང་སྡེའི་སྡེ་ཁག་གིས་དམིགས་བཙུགས་སྐྱེལ་འདྲེན་ཡོ་བྱད་ཀྱི་ཐོ་འགོད་དོ་དམ་སོགས་ཀྱི་ལས་དོན་ལེགས་པར་བསྒྲུབ་པ་དང་། ཕག་ཤའི་ཐོན་རྫས་སྐྱེལ་འདྲེན་བྱེད་པའི་རླངས་འཁོར་ལ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་དང་། ཁྲིམས་འགལ་གྱིས་ཕག་ཤའི་ཐོན་རྫས་གཏོང་འདྲེན་བྱེད་པའི་བྱ་སྤྱོད་ལ་ཞིབ་གཅོད་བྱེད་དགོས། ཚོང་དོན་སྡེ་ཁག་གིས་གསོན་ཕག་ཐོན་རྫས་ཐོན་སྐྱེད་དང་བྲིན་ཚོང་འབྲེལ་མཐུད་དང་ས་གནས་ཀྱི་ཤ་རིགས་གསོག་འཇོག་མཐུན་སྦྱོར་ཡག་པོ་བྱེད་པ་དང་།ཕག་ཤའི་ཁྲོམ་ར་བརྟན་པའི་ངང་མཁོ་སྤྲོད་ལ་འགན་སྲུང་བྱེད་དགོས། ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཕག་ཤའི་ཐོན་རྫས་སྡེབ་ཚོང་དང་སིལ་ཚོང་གི་ཁྲོམ་ར་དང་། དེ་མིན་ད་དུང་ཐོན་སྐྱེད་ལས་སྣོན་ཁེ་ལས་ཀྱི་སྤུས་ཚད་བདེ་འཇགས་ལ་ལྟ་སྐུལ་དོ་དམ་དང་ཚོང་རའི་རྩད་ཞིབ་ལ་ཤུགས་སྣོན་བྱེད་པ་དང་། ནད་ཡམས་ཞིབ་བཤེར་བརྒྱུད་མེད་པ་དང་རིམས་ནད་ས་ཁུལ་ནས་ཐོན་པའི་ཕག་ཤའི་ཐོན་རྫས་ཉོ་སྒྲུབ་དང་ཕྱིར་འཚོང་སོགས་ཀྱི་ཁྲིམས་འགལ་གྱི་བྱ་སྤྱོད་ལ་ཞིབ་བཤེར་ནན་མོ་བྱེད་དགོས། འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས་མྱུར་བགྲོད་གཞུང་ལམ་གྱི་གྲོན་བསྡུའི་ས་ཚིགས་དང་ཚད་བརྒལ་ཞིབ་བཤེར་ས་ཚིགས་ལ་སྐུད་འདེད་བྱས་ཏེ། གསོན་ཕག་ཐོན་རྫས་ཀྱི་སྐྱེལ་འདྲེན་རླངས་འཁོར་དང་དངོས་དཔང་མཐུན་ཚུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས། སྤྱི་བདེ་སྡེ་ཁག་གིས་བགྲོད་ལམ་འགྲིམ་འགྲུལ་དང་རིམས་ནད་ས་ཁུལ་གྱི་སྒྲིག་ལམ་སྲུང་སྐྱོང་ལས་དོན་ལ་ཤུགས་སྣོན་བྱེད་པ་དང་། ཕྱུགས་ལས་སྨན་བཅོས་གསོ་སྐྱོང་སྡེ་ཁག་གི་ལས་དོན་དང་འབྲེལ་མཐུད་དམ་ཟབ་བྱེད་པ། ཁྲིམས་ལྟར་དོགས་གཞི་ཡོད་པའི་ཉེས་དོན་གྱོད་གཞི་མྱུལ་སྒྲུབ་བྱེད་དགོས།

བཅུ་གཉིས། གཏན་འབེབས་འདི་བསྒྲགས་པའི་ཉིན་ནས་ལག་བསྟར་བྱ་རྒྱུ། ཧླེ་གླིང་གི་ཕག་པའི་རིམས་ནད་འཕྲལ་སྡོམ་བརྡ་ལན་ཕྱིར་འཐེན་བྱས་རྗེས་གཏན་འབེབས་འདི་ལག་བསྟར་བྱེད་པའི་མཚམས་འཇོག་དགོས།