“གཙང་གསུམ་འབྱུང་ཡུལ། དག་གཙང་ཡུས་ཧྲུའུ།”ཞེས་པའི་ཡུས་ཧྲུའུ་ཡུལ་སྐོར་རིག་གནས་སྐུལ་སྤེལ་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

རང་རེའི་དྲ་བའི་འཕྲིན། ཉེ་སྔོན། ཀྲུང་གུང་ཡུས་ཧྲུའུ་ཁུལ་ཏང་ཨུ་དང་། ཁུལ་མི་དམངས་སྲིད་གཞུང་། མཚོ་སྔོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིན་གྱིས་གཙོ་སྒྲུབ་མཛད་ཅིང་། ཡུས་ཧྲུའུ་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་དང་། མཚོ་སྔོན་ཞིང་ཆེན་ཡུལ་སྐོར་མ་རྐང་འགན་ལེན་ཚད་ཡོད་ཀུང་སི། ཡུས་ཧྲུའུ་ཁུལ་ཅིན་ཡུས་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཚད་ཡོད་ཀུང་སི་བཅས་ཀྱིས་འགན་སྒྲུབ་གནང་ལ། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་མཐུན་ཚོགས་ཀྱིས་རོགས་སྒྲུབ་གནང་བའི༼གཙང་གསུམ་འབྱུང་ཡུལ། དག་གཙང་ཡུས་ཧྲུའུ།༽ ཡུས་ཧྲུའུ་ཡུལ་སྐོར་རིག་གནས་སྐུལ་སྤེལ་ཚོགས་འདུ་ཟི་ལིང་སོའུ་ཧྥེ་ཐི་མགྲོན་ཁང་ཆེན་མོ་ནས་གཟབ་རྒྱས་ངང་བསྡུས།

ཐེངས་འདིའི་མཛད་སྒོའི་སྟེང་ཡུས་ཧྲུའུ་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཧན་ཧྲན་ཚུན་དང་། མཚོ་སྔོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིན་གྱི་ཐིན་ཀྲང་གཞོན་པ་ཚེ་རིང་ཐར། ཡུས་ཧྲུའུ་ཁུལ་གྱི་ཁུལ་དཔོན་ཟུར་པ། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱི་ཐིན་ཀྲང་ཟུར་པ་བློ་བཟང་ཟླ་བ། ཡུསཧྲུའུ་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཟུར་བ་ཨ་བྷོ། མཚོ་སྔོན་ཞིང་ཆེན་ཏང་ཨུའུ་དྲིལ་སྒྲོག་པུའུ་དྲ་རྒྱའི་བདེ་འཇགས་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ཟླ་བ་བཀྲ་ཤིས། མཚོ་སྔོན་རྒྱ་གྲམ་དམར་པོ་ལྷན་ཚོགས་ཀྱི་འགོ་གཙོ་གཞོན་པ་ཚེ་རིང་སྒྲོལ་མ། མཚོ་སྔོན་ཞིང་ཆེན་རིག་རྩལ་སྡེ་ཚོགས་ཀྱི་སྤྱིའི་འགན་འཛིན་ལུའུ་ཞའོ་ཧྭ། ཡུས་ཧྲུའུ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཟུར་པ་བུ་བཟང་དང་། ཡུས་ཧྲུའུ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་རིན་གཞོན་པ་ཟུར་པ། ཡུས་ཧྲུའུ་ཁུལ་ཆོས་ལུགས་མཐུན་ཚོགས་ཀྱི་ཚོགས་གཙོ་རིན་ཆེན་ཚེ་རིང་། ཡུས་ཧྲུའུ་ཁུལ་རིག་གནས་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཅུའུ་ཀྲང་ཨ་ཤགས་གཡང་འཁོར་སོགས་འབྲེལ་ཡོད་འགོ་ཁྲིད་དང་། མཚོ་སྔོན་ཞིང་ཆེན་གྱི་ཡུལ་སྐོར་ཁང་སོ་སོའི་འགན་འཛིན་དང་། བྱེས་བགྲོད་རླངས་འཁོར་ཚོགས་ཁག་གི་འཐུས་ཚབ། སྨྱན་བྱད་ལས་ཁུངས་ཀྱི་གསར་འགོད་པ་དང་རིག་རྩལ་འཁྲབ་སྟོན་པ་སོགས་ཁྱོན་བསྡོམས་མི་སུམ་བརྒྱ་ལྷག་ཞུགས།

ཐེངས་འདིའི་སྐུལ་སྤེལ་ཚོགས་འདུ་ཡུས་ཧྲུའུ་དང་ཟི་ལིང་གི་ཡུལ་སྐོར་རིག་གནས་ཁག་ཕན་ཚུན་མཉམ་འབྲེལ་དང་བསམ་བློ་བརྗེ་རེས་བྱེད་པ་དང་། ནུབ་བྱང་གི་ཡུལ་སྐོར་འགྲུལ་ཁུངས་ཁྲོམ་ར་གསར་འབྱེད་བྱེད་པར་དམིགས་ནས་བསྡུས་པ་ཡིན་ལ། ཚོགས་འདུའི་སྟེང་ཡུས་ཧྲུའུ་ཡུལ་སྐོར་འོས་སྦྱོར་དང་ས་གནས་ཀྱི་ཁྱད་ལྡན་གླུ་གར་ཟུང་འབྲེལ་སྒོས། ཡུལ་སྐོར་ཐོན་རྫས་དང་ཁྲོམ་ར་འཛིན་ཚད་ཇེ་མཐོར་གཏོང་བ་དང་། ས་གནས་ཀྱི་སྤྱི་ཡོངས་གཟུགས་བརྙན་གསར་བཞེངས། གཙང་གསུམ་འབྱུང་ཡུལ་གྱི་ཡུལ་སྐོར་ལས་རིགས་སྔོག་འདོན་གང་ལེགས་བྱས་ནས་ཡུས་ཧྲུའུ་ཡི་ཡུལ་སྐོར་ལས་རིགས་དངོས་སྒྲུབ་དངོས་སྤེལ་དང། ཡུལ་སྐོར་ཚོང་རྟགས་ལེགས་པོ་བསྐྲུན་ནས་ཡུལ་སྐོར་བར་ཡུས་ཧྲུའུ་གསལ་རྟོགས་དང་ཉམས་ཞིབ་བྱེད་པར་ནུས་པ་གལ་ཆེན་བཏོན། ཚོགས་འདུའི་སྟེང་ཡུས་ཧྲུའུ་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཅུའུ་ཀྲང་ཨ་ཤགས་གཡང་འཁོར་དང་། མཚོ་སྔོན་ཡུལ་སྐོར་མ་རྐང་འགན་ལེན་སྡེ་ཚོགས་ཀྱི་འགན་འཛིན་པ་ལའེ་ཅུས་ཡོན་ནས་སོ་སོའི་ཤིས་ཚིག་འབུལ་བ་དང་། ཡུས་ཧྲུའུ་ཁུལ་ཅིན་ཡུས་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཚད་ཡོད་ཀུང་སི་དང་མཚོ་སྔོན་ཁུང་ཧོས་ཡུལ་སྐོར་ཁང་སོགས་ཡུལ་སྐོར་ཁང་བཞི་བཅུ་ཙམ་གྱི་བར་ཕན་ཚུན་མཉམ་ལས་ཀྱི་གན་རྒྱ་བཞག་པ་རེད།