2019ལོའི་སློབ་གྲྭ་ཆུང་འབྲིང་དགེ་རྒན་གྱི་ཐོབ་ཐང་དཔང་ཡིག་ཁ་རྒྱུགས་ཐད་ཀྱི་གསལ་བརྡ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། 2019ལོའི་ལོ་སྨད་ཀྱི་སློབ་གྲྭ་ཆུང་འབྲིང་དགེ་རྒན་གྱི་ཐོབ་ཐང་དཔང་ཡིག་ལེན་པའི་རྒྱུགས་སྐར་ཟླ12པའི་ཚེས10ཉིན་ཁྱབ་སྒྲོག་བྱ་རྒྱུ་ཡིན་ཞིང་། ཁ་རྒྱུགས་ལ་མིང་ཐོ་འགོད་པའི་དུས་ཚོད། ཟླ12པའི་ཚེས10ནས13ཉིན་བར་དང་། ཡུལ་དངོས་ནས་ངོས་འཛིན་བྱེད་པའི་དུས་ཚོད། ཟླ12པའི་ཚེས10ནས14ཉིན་བར་ཡིན་པ་རེད། ཐེངས་འདིའི་ཁ་རྒྱུགས་ལེན་ས་ཞིང་ཆེན་ཡོངས་ནས་ཁྱོན་བསྡོམས་གསུམ་ཡོད་ཅིང་། དེ་ནི་མཚོ་སྔོན་སློབ་ཆེན་དང་མཚོ་སྔོན་དགེ་ཐོན་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན་བཅས་ཡིན་པ་རེད།

དམིགས་བསལ་གསལ་བརྡ།

གཅིག མཚོ་སྔོན་སློབ་ཆེན་དང་མཚོ་སྔོན་དགེ་ཐོན་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན་བཅས་ཀྱི་སློབ་མས་རང་སློབ་གྲྭ་ནས་མིང་ཐོ་འགོད་དགོས་ཤིང་། དེ་མིན་སྤྱི་ཚོགས་སྟེང་གི་རྒྱུགས་ཞུགས་སློབ་མས་རང་གི་ཞིབ་ཕྲའི་གནས་ཚུལ་ལྟར་ཁ་རྒྱུགས་ཀྱི་མིང་ཐོ་འགོད་གནས་གདམ་དགོས།

གཉིས། སློབ་གསོ་པུའུ་རྒྱུགས་ལེན་ལྟེ་གནས་ཀྱི་བླང་བྱ་ལྟར། སློབ་ཆེན་ལོ་རིམ་གསུམ་པ་ཡན(ལོ་རིམ་གསུམ་པའང་འདུ)གྱི་སློབ་མས། སློབ་གྲྭའི་སློབ་སྦྱོང་གི་བདེན་དཔང་ཡི་གེ་འཁྱེར་ནས་མིང་ཐོ་འགོད་དགོས། རང་ཞིང་གིས་སློབ་གསོ་པུའུ་ཡི་འབྲེལ་ཡོད་བླང་ལྟར། ད་ལོའི་ཁ་རྒྱུགས་ཡིག་ཆའི་ཁྲོད་སློབ་ཆེན་ལོ་རིམ་གཉིས་པ་དང་དེའི་མན་གྱི་སློབ་མས་ཁ་རྒྱུགས་ལ་མིང་ཐོ་འགོད་མི་ཆོག་པ་གཏན་འཁེལ་བྱས་ཡོད་པས། གལ་ཏེ་ཡུལ་དངོས་ནས་རྫུན་བཟོ་བྱས་ནས་མིང་ཐོ་བཀོད་ཡོད་པའི་སློབ་མ་ཡོད་ཚེ་འབྲེལ་ཡོད་ཀྱི་ཡིད་རྟོན་འགན་འཁྲི་རྩད་གཅོད་བྱ་རྒྱུ་རེད།

འབྲེལ་གཏུག་ཁ་པར།

མཚོ་སྔོན་སློབ་ཆེན། 0971-5310372

མཚོ་སྔོན་དགེ་ཐོན་སློབ་ཆེན། 0971-6362329

མཚོ་སྔོན་མི་རིགས་སློབ་ཆེན། 0971-8804606

ལོ་ཙཱ་བ། ལྷ་ཆེན་རྒྱལ།