“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”ཚུན་ལ་མཚོ་སྔོན་གྱི་བྱེ་འགོག་བྱེ་བཅོས་སྤྱིའི་ཆ་ནས་མངོན་འགྱུར་བྱས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”ཚུན་ལ། མཚོ་སྔོན་གྱི་རིམ་པ་སོ་སོའི་ནགས་ལས་རྩྭ་ཐང་སྡེ་ཁག་གིས“བྱང་གསུམ”ནགས་སྲུང་དང་རང་བྱུང་ནགས་ཚལ་སྲུང་སྐྱོབ། བྱེ་འགྱུར་ས་ཞིང་བཀག་སྡོམ་སྒོས་སྲུང་སྐྱོབ། གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོ་སོགས་སྐྱེ་ཁམས་བཟོ་སྐྲུན་གཙོ་བོར་ཏན་ཏིག་སྒོས་སྐུལ་འདེད་བྱས་ཏེ། བྱེ་འགོག་བྱེ་བཅོས་བྱ་བར་གྲུབ་འབྲས་ཅུང་བཟང་པོར་བླངས་པ་རེད།

“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”ཚུན་ལ། ཞིང་ཆེན་ཡོངས་ནས་བཅོས་སྐྱོང་ལས་འགན་ཁྱོན་བསྡོམས་སྤྱི་ཆིང་ཁྲི30.07ལེགས་འགྲུབ་བྱས་ཤིང་། སྤྱིའི་ལས་འགན་གྱི75.2%ཟིན་པ་དང་མ་དངུལ་སྒོར་དུང་ཕྱུར7.41ལེགས་འགྲུབ་བྱས། འགོག་བཅོས་བྱེད་ཐབས་མུ་མཐུད་དུ་ཤུགས་སྣོན་དང་བྱེ་ཁུལ་གྱི་ཆུའི་ཐོན་ཁུངས་ལ་གཟབ་ནན་སྒོས་དོ་དམ་བྱས་ཏེ། བྱེ་ཁུལ་གྱི་འཛུགས་སྐྲུན་ལས་གཞི་གསར་སྤེལ་གྱི་ཁོར་ཡུག་དཔྱད་འཇོག་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཤིང་། རྒྱལ་ཁབ་ཀྱི་སྔོ་ཁེབས་ལས་གཞི་གཙོ་བོར་གཟབ་ནན་སྒོས་སྐུལ་འདེད་དང་། བྱེ་ཁུལ་གྱི་ནགས་རྩྭའི་སྲུང་སྐྱོབ་ལ་མུ་མཐུད་དུ་ཤུགས་སྣོན་བྱས། དེ་དང་མཉམ་ཏུ། ནགས་ལས་ཁྲིམས་སྐྱོང་ལ་སྔར་ལས་ཤུགས་བསྣན་ཏེ། ལོ་ལྔའི་རིང་ནགས་འབྲེལ་གྱོད་གཞི་ཁྱོན་བསྡོམས5594ཞིབ་དཔྱོད་བྱས་ཤིང་། ཁྲིམས་འགལ་པ་ཁྲི1.5རྡུང་རྡེག་ཐག་གཅོད་བྱས་པ་རེད།

རྒྱུས་ལོན་པ་ལྟར་ན། 《མཚོ་སྔོན་ཞིང་ཆེན་གྱི་བྱེ་འགོག་བྱེ་བཅོས་འཆར་འགོད(2011-2020ལོ།)》སྒྲིག་བཟོ་ལེགས་འགྲུབ་བྱས་ཤིང་། 《ནགས་སྐྲུན་སྒྲིག་གཞི་གསར་སྤེལ་རྒྱལ་ཁོངས་ས་ཞིང་སྔོ་ཁེབས་ཀྱི་སྒུལ་ནུས་གསར་པའི་བྱེད་ཐབས》བཏོན་པ་དང་། 《མཚོ་སྔོན་གྱི་རྒྱལ་ཁོངས་ས་ཞིང་སྔོ་ཁེབས་ཀྱི་ལོ་གསུམ་གྱི་ལས་འགུལ་འཆར་འགོད(2018-2020ལོ།)》ལག་བསྟར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཁུལ6དང་རྗོང(གྲོང་ཁྱེར། སྲིད་ཨུ།)18ཀྱིས་ནགས་འཛུགས་རྩྭ་འདེབས་དང་བཀག་སྡོམ་ནགས(རྩྭ)གསོ། བྱེ་འགྱུར་རྩྭ་ས་བཅོས་སྐྱོང་སོགས་ཀྱི་བྱེད་ཐབས་བརྒྱུད། ད་ཡོད་ཀྱི་ནགས་ཚལ་དང་རྩྭ་སར་ཁྱོན་ཡོངས་ནས་སྲུང་སྐྱོབ་བྱས་ཏེ། བྱེ་འགྱུར་ས་ཞིང་གི་ཕྱོགས་བསྡུས་བཅོས་སྐྱོང་ཚད་ལ་སྔར་ལས་ཤུགས་བསྣན་པ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།