“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ”ཞེས་པའི་བརྗོད་དོན་སློབ་གསོའི་ཤེས་བྱ་འགྲན་བསྡུར་སྤེལ་བ།

རང་རྫོང་གི་རྒྱ་ཆེ་བའི་ལས་བྱེད་དང་ལས་བཟོ་བ་ཚོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ༧༠ལོན་པ་དང་། མཚོ་སྔོན་བཅིངས་འགྲོལ་བཏང་ནས་ལོ་འཁོར༧༠ལོན་པའི་རིང་གི་བསམ་པའི་དཔལ་ཡོན་གྱི་ཉམས་འགྱུར་བཟང་པོ་གང་ལེགས་མངོན་ཆེད། “ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པ”ཞེས་པའི་བརྗོད་དོན་སློབ་གསོའི་སློབ་སྦྱོང་གི་ཚ་རླབས་རྒྱུན་མཐུད་ངང་སྐུད་འདེད་གཏོང་བ་དང་། “སློབ་སྦྱོང་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ”ཞེས་པའི་སློབ་སྦྱོང་གི་སྟེགས་བུ་སྔར་ལས་གསར་བསྐྲུན་བྱེད་པ་བཅས་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་ཏུ་སྤེལ་རྒྱུར་སྐུལ་འདེད་གཏོང་ཆེད།

ཉེ་སྔོན། རྫོང་ཨུ་དྲིལ་བསྒྲགས་པུའུ་དང་རྫོང་ཨུ་རྩ་འཛུགས་པུས་མཉམ་འབྲེལ་གྱིས་རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ། རྫོང་ཨུའི་སྡེ་ཁག་སོ་སོ། རྫོང་ཐད་གཏོགས་ལས་ཁུངས་སོགས་ཀྱི་འཐུས་མི་རུ་ཁག༡༠རུ་བགོས་པ་དང་། ཏང་ཡོན༣༠རྩ་འཛུགས་བྱས་ནས“འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པའི”བརྗོད་དོན་གཙོ་བོའི་སློབ་གསོ་དང“སློབ་སྦྱོང་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི”ཤེས་བྱའི་འགྲན་སྡུར་སྤེལ་བ་རེད། ཐེངས་འདིའི་འགྲན་བསྡུར་དེ་རྫོང་ཨུའི“འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པའི”བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་དང་། རྫོང་ཨུ་དྲིལ་བསྒྲགས་པུའུ། རྫོང་སྒྲིག་ཨུ། རྫོང་ཨུ་ཏང་གི་སློབ་གྲྭའི་ཁོངས་མི་བཅས་ལས་གྲུབ་པའི་འགྲན་བསྡུར་དཔྱད་འདེམས་ཨུ་ལྷན་ཚོ་ཆུང་གིས་དཔྱད་འདེམས་ཀྱི་འགན་འཁུར་བ་དང་། རྫོང་སྒྲིག་ཨུ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ལས་དོན་མི་སྣས་འགྲན་བསྡུར་གྱི་བརྒྱུད་རིམ་ཧྲིལ་པོར་ལྟ་རྟོག་དང་བྱེད་སྒོའི་སྒྲིག་ལམ་ལ་ལྟ་སྐུལ་བྱས་པ་རེད།

ཐེངས་འདིའི་ཤེས་བྱའི་འགྲན་སྡུར་ནང་དོན་གྱི་ཁྱབ་ཁུངས་གཙོ་བོ་ནི“སློབ་སྦྱོང་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི”ཤེས་བྱའི་འགྲན་སྡུར་ཡིག་མཛོད་དང་། <<མཚོ་བྱང་ཁུལ་གྱི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཛིན་ཞེས་པའི་བརྗོད་དོན་སློབ་གསོའི་ཤེས་བྱའི་དེབ་ཆུང་།>>དང་<<ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཛིན་ཞེས་པའི་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་བདེམས་བསྒྲིགས>>། གཞན<<ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱེད་པའི་རྩ་གནད>>སོགས་ཀྱི་ཤེས་བྱ་གཙོ་བོར་བཟུང་ཡོད།

འཐུས་མིས་དྲི་བར་ལན་འདེབས་པའི་ཚན་ཁག་ཏུ། འགྲན་ཞུགས་ཏང་ཡོན་དག་སྙིང་སྟོབས་ཀྱིས་ཁེངས་པ་དང་ཡིད་ཆེས་ཀྱིས་བརྟན་པ།བློ་རྩ་བརྟན་པོས་ལན་འདེབས་པ་བཅས་ཀྱི་ཐོག་ནས་རྫོང་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་ལ་བརྩོན་ཞིང་བསམ་བློ་གཏོང་མཁས་པ། ཡར་རྒྱས་བརྩོན་ལེན་བྱེད་པའི་བསམ་པའི་ཉམས་འགྱུར་བཟང་པོ་གང་ལེགས་མངོན་པ་མ་ཟད།རྫོང་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ལྷག་བསམ་རྣམ་དག་གི་ཏང་གཅེས་རྒྱལ་གཅེས་ཀྱི་བརྩེ་སེམས་མཚོན་པར་བྱས་ཡོད།གཤམ་དུ་བཞུགས་ཡོད་པས་ཏང་ཡོན་ཁག་ཀྱང་འགྲན་བསྡུར་ནང་མཉམ་དུ་ཞུགས་ཏེ་འཚང་ཁ་ཤིག་ཤིག་གིས་ལག་པ་བཀྱགས་ནས་དྲི་བར་ལན་བཏབ་པས་འགྲན་སྡུར་ཧྲིལ་པོའི་ནང་དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན་བྱེད་པའི་རྣམ་པ་ཟབ་མོ་ཞིག་ཆགས་པ་དང་ཆབས་ཅིག་གར་སྟེགས་འོག་གི་ཏང་ཡོན་གྱི་སློབ་སྦྱོང་གི་ཉམས་འགྱུར་བཟང་པོ་དང་སློབ་སྦྱོང་གི་གྲུབ་འབྲས་སྔར་ལས་ཇེ་ལེགས་ཇེ་རྒྱས་ཡིན་པ་མངོན་ཡོད།

ཛ་དྲག་གི་འགྲན་བསྡུར་བརྒྱུད་མཐར། འོམ་ཆུ་གྲོང་རྡལ་གྱི་འཐུས་ཚབ་རུ་ཁག་དང་། ཏང་སྲིད་ཁོངས་གཏོགས་འཐུས་ཚབ་རུ་ཁག སློབ་གསོའི་ཁོངས་གཏོགས་ཀྱི་འཐུས་ཚབ་རུ་ཁག་བཅས་ལ་བྱ་དགའ་རིམ་པ་དང་པོ་དང་། གཉིས་པ། གསུམ་པ་བཅས་ཐོབ་པ་དང་། འཕྲོད་བསྟེན་ཁོངས་གཏོགས་ཀྱི་འཐུས་ཚབ་རུ་ཁག་ལ་རྟིང་སྐུལ་བྱ་དགའ་ཐོབ་པ་རེད།

ཐེངས་འདིའི་ཤེས་བྱའི་འགྲན་བསྡུར་ནི་རྐང་ཚ་རྫོང་གིས“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པའི་བརྗོད་དོན་སློབ་གསོའི་གྲ་སྒྲིག་གི་བྱེད་སྒོ་ཞིག་ཡིན་པ་དང་། འདི་ནི་ཆབ་སྲིད་ཀྱི་རིག་པའི་གཞུང་ལུགས་སློབ་སྦྱོང་ལ་ཤུགས་བསྣན་ནས་ཏང་གི་རྩ་འཛུགས་འཛུགས་སྐྱོང་བྱེད་པའི་འགྲེམས་སྟོན་སྟེགས་བུ་ཞིག་ཀྱང་ཡིན། དེ་མིན་རྫོང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་ཏང་གི་གསར་གཏོད་རིག་པའི་གཞུང་ལུགས་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་དང་ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཁྱོན་ཡོངས་ཀྱི་སྐུལ་སློང་ཞིག་ཀྱང་རེད། ཤེས་བྱའི་འགྲན་བསྡུར་བསྡུས་པ་དེས་རྫོང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་ཐོག་མའི་བསམ་འདུན་མ་བརྗེད་པ་དང་། འགན་འཁྲི་འཁུར་བ། བར་ཐག་འཚོལ་བ། དོན་འཁྱོལ་དམ་འཛིན་བྱེད་པ་བཅས་ལ་དམིགས་ནས་ཆབ་སྲིད་ཀྱི་རིག་པའི་གཞུང་ལུགས་ཀྱི་བྱང་ཚད་མཐོ་རུ་བཏང་ནས་མཛེས་སྡུག་དང་། ཞི་མཐུན། བདེ་སྐྱིད་བཅས་ཀྱི་རྣམ་པ་གསར་བའི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་བ།