【“ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི”བརྗོད་དོན་སློབ་གསོ་སྤེལ་སྐབས།】 དག་ཐེར་ཡོ་བསྲང་ཁྲོད་བརྗོད་དོན་སློབ་གསོའི་འགུལ་ནུས་གསར་པར་ཤུགས་བསྣན་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། “ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། ཟི་ལིང་གྲོང་ཁྱེར་གྱི་གཞི་རིམ་ཏང་རྩ་འཛུགས་ཁག་གིས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་བརྗོད་བྱ་གཙོ་བོའི་སློབ་གསོའི་ཕན་འབྲས་ལ་ཞིབ་དཔྱད་བྱེད་པའི་ཚད་གཞི་དང་ཚད་གཞི་གལ་ཆེན་དུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་དམངས་འཚོའི་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ་བཅར་འདྲི་གཏིང་ཟབ་བྱེད་པ་དང་བརྟག་ཞིབ་གཏིང་ཟབ་བྱེད་པའི་ཁྲོད་འཐབ་ས་དང་པོའི་གནས་ཚུལ་དངོས་གསལ་རྟོགས་ཐུབ་པ་དང་། ཁྲིད་ཕྱོགས་ཁ་གསལ་བཟོ་བ། འཕྲལ་སྒྲུབ་འཕྲལ་བཅོས་བྱེད་པ། དམངས་ཀྱི་སེམས་ཁྲལ་སེལ་བ་བཅས་བྱས་ནས་མང་ཚོགས་ལ་བརྗོད་བྱ་གཙོ་བོའི་སློབ་གསོ་ལས་བྱུང་བའི་རྣམ་པ་གསར་པ་དང་འགྱུར་ལྡོག་གསར་པ་ཚོར་ཐུབ་པ་བྱས་ཏེ་བརྗོད་བྱ་གཙོ་བོའི་སློབ་གསོར་ཁས་ལེན་བྱེད་ཚད་དང་བློ་ཡིད་ཚིམ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་རྒྱུ་ཡིན་པ་རེད།

ཞིང་དུད་ལ་“བློ་བདེའི་ཆུ་འཐུང་རྒྱུ་”འགན་ལེན་བྱེད་དགོས། གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ཁྱོན་ཡོངས་ནས་སྲ་བརྟན་དང་མཐོ་རུ་གཏོང་ཆེད། གྲོང་ཁྱེར་བྱང་ཁུལ་རང་བྱུང་ཐོན་ཁུངས་ཅུས་ཀྱིས་བརྗོད་བྱ་གཙོ་བོ་དང་གཙོ་གནད་ལ་དམིགས་པ་དང་། ཚད་གཞི་དང་རེའུ་མིག་ལ་ཁ་གཏད་ནན་པོ་བྱེད་པ། ཤེས་སྤྱོད་ཟུང་འབྲེལ་ལ་ཤུགས་སྣོན་རྒྱག་པ། བརྟག་དཔྱད་ཞིབ་འཇུག་གི་བྱེད་སྒོ་སྤེལ་བ་གོ་སྐབས་སུ་བྱས་ནས་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་པ་རེད། ཟི་ལིང་གྲོང་ཁྱེར་གྲོང་བྱང་ཆུས་ཀྱི་2019ལོའི་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་སྲ་བརྟན་དང་མཐོར་གཏོང་ལས་གྲྭ་ལག་ལེན་ནན་ཏན་བསྟར་ནས་ཨར་ལས་ཚན་པ་དང་སྦྲེལ་མཐུད་ཧུར་ཐག་བྱས་ཏེ་མ་དངུལ་དོན་ཐོག་ཏུ་འཁྱོལ་རྒྱུ་འགན་ལེན་བྱེད་པ་དང་དུད་ཚང་དུ་བསྐྱོད་དེ་དྲིལ་བསྒྲགས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་སྲ་བརྟན་དང་མཐོར་གཏོང་ལས་གྲྭ་གང་མགྱོགས་དོན་འཁྱོལ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད། དེ་དང་ཆབས་ཅིག་ཆེད་དོན་མ་དངུལ་སྒོར་ཁྲི་1092ཙམ་རེ་ཞུ་བྱས་ནས་སན་ཆི་གྲོང་ཚོ་དང་། དབྱི་ཆི་ཀྲའེ་གྲོང་ཚོ། ཞའོ་མ་ཧྥང་གྲོང་ཚོ། པའོ་ཅ་གྲོང་ཚོ། ཀྲུའུ་པེ་གྲོང་ཚོ། ཡན་ཞའོ་གྲོང་ཚོ། ཏ་པའོ་ཙེ་གྲོང་ཚོ་སོགས་གྲོང་ཚོ་7གྱི་འཚོ་བ་དང་དེ་བཞིན་རྒྱུན་གཏན་འཐུང་ཆུའི་དགོས་མཁོ་སྲ་བརྟན་དང་མཐོ་རུ་བཏང་སྟེ་མང་ཚོགས་ཀྱིས་ཆུ་འཐུང་ཐུབ་པ་ནས་ཆུ་ཡག་པོ་འཐུང་ཐུབ་པའི་ཕྱོགས་སུ་བསྒྱུར་བའི་དམིགས་ཚད་མངོན་འགྱུར་ཡོང་བ་བྱས་པ་རེད།

“ཁ་རྡུང་གཏོང་བའི་”ཁྲོད་ནས་གནད་དོན་འཚོལ་བ་དང་“འབོད་སྒྲའི་”ཁྲོད་ནས་བྱེད་ཐབས་འཚོལ་དགོས། གནའ་གྲོང་དང་ཐའེ་དབན་ཁྲོམ་གཞུང་གི་ཏང་གི་ལས་དོན་ཨུ་ལྷན་གྱིས“ཁྱིམ་ཚང་བརྒྱ་ཡི་བརྩེ་སེམས་ཤེས་པ་དང་། ཁྱིམ་ཚང་བརྒྱ་ཡི་དཀའ་ངལ་སེལ་བ། ཁྱིམ་ཚང་བརྒྱ་ཡི་སེམས་དྲོ་བར་བྱེད་པའི”“ལོ་བཞི་བརྒྱ་”ཡི་བརྟག་ཞིབ་བྱེད་སྒོ་སྤེལ་བ་བརྒྱུད། སྲང་ལམ་སྡེ་ཁུལ་གྱི་ལས་ཀའི་ཕན་ནུས་དང་། ཞབས་ཞུའི་རྣམ་འགྱུར། “བདེ་སྐྱིད་ལྡན་པའི་སྒོ་ར་”དང་“བདེ་སྐྱིད་ལྡན་པའི་གསོལ་ལྕོག་”འཛུགས་སྐྲུན་སོགས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་བརྟག་དཔྱད་ཞིབ་འཇུག་བྱ་གཞི་10གཏན་འཁེལ་བྱས་པ་དང་། ཚོང་སྐོར་སྲང་ལམ་དང་། ཐོག་ཁང་ཁུལ་ཆུང་སོགས་སུ་ཕྱིན་ནས་མང་ཚོགས་ཀྱི་“གཤེ་གཤེ་གཏོང་”ཁྲོད་ནས་གནད་དོན་འཚོལ་རྒྱུ་རྒྱུན་འཁྱོངས་བྱས་ཡོད། མང་ཚོགས་ཀྱི་“འབོད་སྒྲའི་”ཁྲོད་ནས་ཐབས་ཤེས་འཚོལ་བ་དང་། མང་ཚོགས་ཀྱི་“དགོད་སྒྲའི་”ཁྲོད་ནས་ཕན་འབྲས་འཚོལ་བ། བསམ་འཆར་སྒམ་བཟོ་བ་དང་། འདྲི་ཤོག་བརྟག་དཔྱད་རེའུ་མིག་སྤྲོད་པ། ཏང་ཡོན་གྱིས་སྙིང་གཏམ་ཤོད་རེས་དང་གླེང་མོལ་བྱེད་པ། “ཁུལ་ཆུང་གི་རྩིས་ཐོ་”དང་ཟུང་འབྲེལ་བྱེད་པ་སོགས་བྱས་ནས་ཁྲོམ་གཞུང་གི་གཙོ་གནད་ལས་དོན་ལ་སྐུལ་འདེད་གཏོང་བ་དང་འགོ་ཁྲིད་ལས་དོན་སྤེལ་སྟངས་དང་བྱེད་ཐབས་སོགས་ཀྱི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་བསྡུ་ལེན་བྱས་ཡོད། གནད་དོན་གྱི་ཁུངས་སྣེ་བསྡུ་རུབ་དང་། འགན་འཁུར་བའི་ཁོངས་གཏོགས། དག་ཐེར་ཡོ་བསྲང་བྱེད་ཐབས་ཞིབ་གསལ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱས་ཡོད། མིག་སྔའི་བར་ཁྲོམ་གཞུང་ཏང་ཨུད་ལས་དོན་ཨུ་ལྷན་གྱིས་བསམ་འཆར་བསྡུ་ལེན་དང་གནད་དོན་66ཞིབ་བཤེར་བྱས་པའི་ནང་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་20ཡོད་པ་དང་ཚན་ཁག་གི་ཁོངས་མིས་ལྷག་པའི་གནད་དོན་ལ་ངོས་འཛིན་རྩིས་ལེན་ཧུར་ཐག་བྱས་ཏེ་གནད་དོན་གྱི་གསལ་ཐོ་བཟོ་བ་དང་དག་ཐེར་དུས་བཀག་དང་དེ་བཞིན་དག་ཐེར་བྱ་ཐབས་ཁ་གསལ་བཟོས་ཡོད་པ་རེད། མིག་སྔར་དག་ཐེར་དོན་ཚན་50ལེགས་སྒྲུབ་བྱས་ཡོད། ཁྲོམ་རའི་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་ཚོང་འཁོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཤུགས་ཆེའི་མཛེས་ལྗོངས་ཁུལ་གྱི་ཏང་འཛུགས་སྐྱོང་མནའ་འབྲེལ་གྱི་ལས་ཀའི་བསམ་ཕྱོགས་ཆགས་པ་དང་། རེབ་གོང་ལམ་གྱི་སྒོ་ར་58ཀྱི་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་ལས་གྲྭའི་ཤུལ་ལུས་གནད་དོན་ལ་དམིགས་ཏེ་ཁྲོམ་གཞུང་གིས་ཆུས་འཛུགས་སྐྲུན་ཅུས་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ་ཁུལ་ཆུང་གི་དུད་ཚང་100ཉམས་གསོ་བྱས་པ་མ་ཟད། སྒོ་བཀག་གཏོར་སྐྱོན་དང་ཤེལ་སྒོ་ཉིས་བརྩེགས་ཀྱི་དབུགས་ཤོར་བ། དེ་བཞིན་ཁུལ་ཆུང་གི་སྒོ་ཆེན་ལ་གཏོར་སྐྱོན་སོགས་ཀྱི་གནད་དོན་ཐག་གཅོད་བྱས་པ་རེད།

དམངས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་དགོས། དབྱི་སི་ལམ་ཁྲོམ་གཞུང་མོར་ཡོན་སྡེ་ཁུལ་ཏང་ཨུད་ཀྱིས“འགན་འཁྲི་བློ་ལ་བརྟན་པོར་ངེས་པའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རིང་དམིགས་ཚད་ལ་གཞིགས་ནས་ཞིབ་དཔྱད་ནན་པོ་བྱེད་པ་དང་། གནད་དོན་བཙལ་འཚོལ་ཏན་ཏིག་བྱེད་པ། འབྱུང་རྩ་སྔོག་འདོན་གཏིང་ཟབ་བྱེད་པ་བཅས་བྱས་ནས་དམངས་ལ་བྱ་བ་དངོས་སྒྲུབ་པ་དང་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། དབྱི་སི་ལམ་ཁྲོམ་གཞུང་ཞི་མཐུན་ཁུལ་ཆུང་དུ་དོ་དམ་བྱེད་མཁན་མེད་པའི་ཁུལ་ཆུང་དང་ཁུལ་ཆུང་གི་གནས་ཡུལ་ཁྲོམ་གཞུང་དུ་ཡོད་པས་རླངས་འཁོར་འཇོག་ས་ཧ་ཅང་དཀོན་པོ་ཡོད། གྲོང་མིས་རླངས་འཁོར་འཇོག་ས་ལས་འགལ་བ་སྣ་ཚོགས་ཐོན་པ་དང་ཞི་མཐུན་ཁུལ་ཆུང་གི་དོ་བདག་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་ཀྱང་སྡེ་ཁུལ་དུ་འབྲེལ་གཏུག་མཐུན་སྦྱོར་ཐེངས་མང་བྱས་པ་དང་སྡེ་ཁུལ་གྱི་ལས་དོན་མི་སྣས་གནས་ཚུལ་ཤེས་རྟོགས་བྱུང་རྗེས་དོན་གཅོད་ཁྲུའུ་ལ་སྙན་སེང་ཞུས་པ་དང་བསམ་འཆར་བསྡུ་ལེན་བྱས་པ་བརྒྱུད་ལས་རིགས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་མང་འཚོགས་པ་དང་ཕྱོགས་མང་མཐུན་སྦྱོར་མཐུན་སྦྱོར་བྱས་པ་བརྒྱུད་མཐར་སྒོ་སྡོམ་མ་ལག་སྒྲིག་སྦྱོར་བྱས་ནས་ཁུལ་ཆུང་གི་གྲོང་མིར་དཀའ་གནད་ཆེན་པོ་ཐག་གཅོད་བྱས་པ་རེད། སྒོ་སྡོམ་མ་ལག་སྒྲིག་སྦྱོར་བྱས་རྗེས་ཁུལ་ཆུང་དུ་རླངས་འཁོར་གཅིག་ཨང་དང་པོའི་འཁོར་སྟེགས་དོ་དམ་བྱེད་སྟངས་ལག་ལེན་བསྟར་ནས་ཁུལ་ཆུང་གི་རླངས་འཁོར་དོ་དམ་ལ་སྔར་བས་ཤུགས་སྣོན་བརྒྱབ་པ་དང་སྡེ་ཁུལ་ནང་གི་རླངས་འཁོར་འཇོག་སའི་སྒྲིག་ལམ་ཚད་ལྡན་དུ་བཏང་སྟེ་སྡེ་ཁུལ་གྱི་ཁོར་ཡུག་ལེགས་སུ་བཏང་ཡོད། དེ་དང་ཆབས་ཅིག་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་གཏན་འགོག་བྱས་ཏེ་སྡེ་ཁུལ་དེ་གའི་རླངས་འཁོར་འགྲོ་འོང་བྱེད་ཚད་ཉུང་དུ་བཏང་སྟེ་ཕྱི་ནས་ཡོང་བའི་མི་སྣ་དང་ཕྱི་ནས་ཡོང་བའི་རླངས་འཁོར་འགྲོ་འོང་མང་བའི་དབང་གིས་མི་དང་རླངས་འཁོར་མང་བ་དང་བདེ་འཇགས་རྙོག་འཛིང་ཆེ་བའི་གནད་དོན་བཅོས་སྒྲིག་ནུས་ལྡན་བྱས་པ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།