【“ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི”བརྗོད་དོན་སློབ་གསོ་སྤེལ་སྐབས།】 མཚོ་ནུབ་ཁུལ་གྱིས་མུ་མཐུད་དུ་ཤུགས་བརྒྱབ་ནས་བཟོ་སྐྲུན་ལས་རིགས་རིམ་སྤོར་ལ་སྐུལ་འདེད་བཏང་བ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ད་ལོར། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ཀྲུང་གོའི་བཟོ་སྐྲུན2025”མཚོ་སྔོན་བྱ་སྤྱོད་ཀྱི་ཇུས་གཞི་དོན་འཁྱོལ་གཏིང་ཟབ་བྱས་ཏེ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་དམ་འཛིན་བྱ་གཞིར་བྱས་ཏེ་ཐོན་ལས་གྲུབ་ཆ་ལེགས་སྒྲིག་དང་ལེགས་སུ་གཏོང་བ་དང་། འཕར་སྣོན་བརྟན་པོ་དམིགས་ཚད་དུ་བྱེད་པ། ཐོན་ལས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་བཟོ་སྐྲུན་ལས་རིགས་རིམ་སྤོར་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་རེད།

ཐོན་ལས་རྒྱ་སྐྱེད་གཏོང་བའི་ཐད་གཞི་ཁྱོན་གྱི་ཕན་ནུས་དོན་གཉེར་བྱ་དགོས། གཙོ་གནད་དུ་གཏེར་རྫས་ཐོན་ཁུངས་ལས་སྣོན་ཞིབ་ཚགས་བྱ་རྒྱུར་དམིགས་ཏེ་གྲུབ་ཆའི་རྒྱུ་ཆ་དང་། མཱེ་རིགས་རྒྱུ་ཆ། སྭེལ་རྒྱུད་རྒྱུ་ཆ། ལིས་རིགས་རྒྱུ་ཆ། ཚྭ་བཞུ་སོགས་ཞིབ་ཕྲའི་རྫས་འགྱུར་བཟོ་ལས་ཐོན་ལས་དང་རྒྱུ་ཆ་གསར་པའི་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་དང་། གྲུབ་ཆའི་རྒྱུ་ཆ་ཏུན་ཁྲི་20དང་། ལྕགས་རིགས་མཱེ་གཞི་གཅིག་ཅན། ལྕགས་རིགས་སྭེལ། ཚ་གསོག་ཚྭ་སོགས་ཀྱི་རྣམ་གྲངས་མགྱོགས་མྱུར་འཛུགས་སྐྲུན་དང་སྐྱེད་སྲིང་བྱེད་པ། ནུས་རྒྱུ་གསར་པ་གསར་སྤེལ་བེད་སྤྱོད་བྱ་རྒྱུར་དམིགས་ཏེ་འོད་ཤུགས་དང་། འོད་དྲོད། རླུང་གློགམཛེས་ལྗོངས་ཕན་ཚུན་གསབ་རེས་དང་དེ་བཞིན་སྒྲིག་ཆས་བཟོ་སྐྲུན་སོགས་ནུས་རྒྱུ་གསར་པའི་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་། ཀྲའོ་ཝ་300ཡི་ཤེལ་གཟུགས་ཀུའེ་ཉི་ནུས་ཐོན་ལས་སྦྲེལ་ཐག་དྲང་འཕྱང་གཞི་གཅིག་ཅན་དང་། རླུང་གློག་འོད་ཤུགས་སྒྲིག་ཆས་བཟོ་སྐྲུན། རླུང་གློག་མཐོ་མདོང་། རླུང་ཤུགས་འོད་ནུས་ཚ་ནུས་གློག་གཏོང་སྒྲིག་ཆས་བཟོ་སྐྲུན་སོགས་ཀྱི་རྣམ་གྲངས་མགྱོགས་མྱུར་འཛུགས་སྐྲུན་བྱེད་དགོས། གླིང་ཁུལ་སྐྱེད་སྲིང་རྟེན་གཞི་ཚད་ལྡན་ཅན་གྱི་བཟོ་ཁང་ལ་བརྟེན་ནས་རྒྱང་ཁྲིད་ལྟ་སྐུལ་ཚོད་འཛིན་གྱི་འོད་ཤུགས་གློག་དྲ་འཁོར་སྐྱོད་སྲུང་སྐྱོང་དང་ཚོད་འཛིན་གྱི་ལྡོག་ཕྱོགས་འཕྲུལ་ཆས་དང་ཉི་ནུས་རིག་ནུས་སྐྱེལ་འདྲེན་སྲུང་སྐྱོང་འཕྲུལ་མིའི་སྒྲིག་ཆས་བཟོ་སྐྲུན་སོགས་གཙོ་གནད་ཐོན་ལས་རྣམ་གྲངས་ཁག་གཅིག་གླིང་ཁུལ་དུ་བཅའ་སྡོད་བྱ་རྒྱུའི་ཡིད་དབང་བཀུག་ཡོད་པ་རེད།

སྒྱུར་བཀོད་རིམ་སྤོར་ཁྲོད་གསར་གཏོད་ཀྱི་སྒུལ་ནུས་ཐོན་ཡོད། ལག་རྩལ་གསར་པ་དང་། བཟོ་རྩལ་གསར་པ། སྒྲིག་ཆས་གསར་པ། རྒྱུ་ཆ་གསར་པ་བཅས་སྤྱད་དེ་ཚྭ་མཚེའུ་རྫས་འགྱུར་བཟོ་ལས་དང་མདོག་ལྡན་ལྕགས་བཞུ་སོགས་སྲོལ་རྒྱུན་ཐོན་ལས་ཀྱི་ཐོན་རྫས་ལག་རྩལ་སྒྲིག་ཆས་ཀྱི་ནུས་འབྲས་ཁོར་ཡུག་སྲུང་སྐྱོང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་བ་དང་རྣམ་གྲངས་81ཞིང་ཆེན་དེ་ཡོངས་ཀྱི“སྒྱུར་བཀོད་རིམ་སྤོར་དང་གསར་གཏོད་འགག་སྒྲོལ་ཁག་བརྒྱའི”འདུ་འགོད་ནང་བཅུག་ཡོད་པ་རེད། ཆུ་སྟོད་དང་སྨད་རྒྱུད་ཀྱི་ཐོན་ལས་འབྲེལ་མཐུད་ཐུབ་པ་དང་། སྣེ་འདྲེན་ཁེ་ལས་དང་ཀྲོའུ་ནང་ཁུལ་གྱི་རྣམ་གྲངས་གལ་ཆེན་སྦྲེལ་མཐུད་ཀྱི་གཙོ་གནད་དུ་བརྩིས་ནས་ཀྲོའུ་ནང་ཁུལ་གྱི་བཟོ་སྐྲུན་ཁེ་ལས་ཀྱི་ཐོན་རྫས་སྣ་ཁ་དང་། ཚད་གཞི། ཐོན་ཚད། རིན་གནས་སོགས་ཁྱོན་ཡོངས་ནས་གསེད་བཀྲོལ་བྱས་ཏེ་སྦྲེལ་མཐུད་ལས་སྟེགས་བཏོད་དེ་མཚོ་སྔོན་སྣུམ་ཞིང་ཀུང་སིའི་མ་བཅོས་རྡོ་སྣུམ་དང་། རང་བྱུང་སོལ་རླངས་དང་གོར་མོ་རྡོ་སྣུམ་བཙོ་སྦྱང་བཟོ་གྲྭཚྭ་མཚེའུ་ཚོགས་པ་དང་ཀྲུང་ཧའོ་རྫས་འགྱུར་བཟོ་ལས་སོགས་སྨད་རྒྱུད་ཀྱི་ཁེ་ལས་དང་། མཚོ་སྔོན་གྱི་མིང་དབྱང་དང་། རི་ཤེལ་འོད་གློག་སོགས་ནུས་རྒྱུ་གསར་པའི་ཁེ་ལས་དང་འོད་ཤུགས་དང་རླུང་གློག་སྒྲིག་ཆས་བཟོ་སྐྲུན་སོགས་ནུས་རྒྱུ་གསར་པའི་སྨད་རྒྱུད་ཀྱི་ཁེ་ལས་དབར་འབྲེལ་མཐུད་བྱ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ནས་ཐོན་ལས་སྦྲེལ་ཐག་རིང་དུ་གཏོང་རྒྱུ་རེད།

རིག་ནུས་བཟོ་སྐྲུན་དང་ཚོང་འགུགས་མ་འདྲེན་ཐད་རྒྱུན་མཐུད་ངང་ཤུགས་སྣོན་བརྒྱབ་པ་བརྒྱུད་ཚྭ་མཚེའུ་ཚོགས་པ་དང་པིན་ཏི་ཅ་ལུད་སོགས་ལེགས་ལྡན་ཁེ་ལས་ལ་ཁྲིད་སྟོན་བྱས་ཏེ་རང་འགུལ་ཅན་དང་རིག་ནུས་ཅན་གྱི་འཁོར་ཁང་བསྐྲུན་ནས་བཟོ་སྐྲུན་ལས་རིགས་རིག་ནུས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་ཡིན་པ་རེད། ལས་རིགས་ཀྱི་ཐོན་ཁུངས་དང་ཆ་འཕྲིན་གྱི་ལེགས་ཆ་འདོན་སྤེལ་བྱས་ནས་གླིང་ཁུལ་འཕེལ་རྒྱས་དང་འཚམ་པའི་འགྲན་རྩོད་ཀྱི་ལེགས་ཆ་མངོན་གསལ་དོད་པའི་མཉམ་ལས་རྣམ་གྲངས་དང་། གསབ་སྦྲེལ་རྣམ་གྲངས། ཆ་སྒྲིག་རྣམ་གྲངས་བཅས་ཁག་གཅིག་ནང་འདྲེན་བྱས་ཏེ་མཚོ་ནུབ་ལ་ཁྱབ་པ་དང་ཉེ་འཁོར་ས་ཁོངས་ལ་ཁྱབ་འགྱེད་ཐུབ་པའི་སྒྲིག་ཆས་བཟོ་སྐྲུན་ཐོན་ལས་འདུས་ཁུལ་བཏོད་དེ“མཚོ་ནུབ་བཟོ་སྐྲུན”གྱི་སྤུས་རྟགས་ཤིག་ཆགས་པ་བྱེད་དགོས།

ལོ་ཙཱ་བ། ལྷ་ཆེན་རྒྱལ།