རྩེ་ཁོག་རྫོང་གིས་ཐོག་མའི་སེམས་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི་བརྗོད་དོན་གཙོ་བོའི་སློབ་གསོར་ལ་སྐུལ་འདེད་ཤུགས་ཆེན་བཏང་བ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། རྩེ་ཁོག་རྫོང་གི་བརྗོད་དོན་གཙོ་བོའི་སློབ་གསོ“སྲུང་སྐྱོང་དང་། འགན་འཁྲི་འཁུར་བ། ཧེ་བག་འཚོལ་བ། དོན་འཁྱོལ་དམ་འཛིན”བཅས་ཀྱི་ཡིག་འབྲུ་12ཀྱི་སྤྱིའི་བླང་བྱར་བརྟེན་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་གི“རྒྱང་ཤེལ”དང་། བརྟག་དཔྱད་ཞིབ་འཇུག་གི་གནད་དོན་གྱི“འོད་ལྡོག་ཤེལ”དག་ཐེར་དོན་འཁྱོལ་གྱི“འོད་འདུ་ཤེལ”བཅས་ལ་བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་ཕུགས་ཕན་དང་ཡུན་རིང་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་རེད།

རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པའི“རྒྱང་ཤེལ”གྱིས་སྙིང་རུས་ཆེན་པོས་སློབ་སྦྱོང་ཡག་པོ་བྱེད་དགོས། མ་རྩོམ་ཀློག་པ་དང་། མ་ཡིག་སློབ་སྦྱོང་། རྩ་བའི་རིགས་པ་རྟོགས་པ་བཅས་བརྗོད་དོན་གཙོ་བོའི་སློབ་གསོའི་རྨང་གཞིར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་བསམ་བློའི་རྩ་བའི་གནད་དོན་ཐག་གཅོད་བྱ་རྒྱུར་དམིགས་ཏེ་རྫོང་ཨུད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་རྩ་འཛུགས་ཀྱིས་གཅིག་སྡུད་སློབ་སྦྱོང་ཐེངས་12བྱས་པ་དང་རྫོང་རིམ་པའི་ལས་བྱེད་པ་སློབ་སྦྱོང་ཐེངས་26བྱས་པ་དང་། ཤང་གྲོང་དུ་གཅིག་སྡུད་སློབ་སྦྱོང་ཐེངས་2016བྱས་པ། ཏང་ཀྲི་པུའི་ཧྲུའུ་ཅིས་སློབ་སྦྱོང་ཐེངས་332བྱས་པ། ཤེས་རྟོགས་དང་། ཤེས་རྟོགས། དངོས་སྒྲུབ་བཅས་ཀྱི་ཐད་ཤུགས་སྣོན་ཏན་ཏིག་བརྒྱབ་པ། རིགས་པའི་གཞུང་ལུགས་སློབ་སྦྱོང་གི་ཤེས་བྱ་དེ་ཏང་ཡོན་ལས་བྱེད་པའི་བསམ་བློའི་ཁྲོད་ཟབ་ཏུ་བཏང་ནས་ཞིབ་ཕྲའི་བྱ་སྤྱོད་ཐོག་དོན་འཁྱོལ་བྱས་པ་རེད། རྫོང་དེ་ཡོངས་ཀྱི་རྫོང་རིམ་པ་གཞོན་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་ཁག་གཅིག་ཤང་གྲོང་ཁག་དང་། ཚན་པ་ཁགསློབ་གྲྭ་འབྲིང་ཆུང་། སློབ་ཁྲིད་སློབ་ཁྲིད་བཅས་ཐེངས་27བྱས་པ་དང་། རྫོང་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཙུའུ(ཏང་ཨུ)ཧྲུའུ་ཅི་མཉམ་འབྲེལ་ས་ཚིགས་སུ་བསྐྱོད་དེ་སློབ་ཁྲིད་ཐེངས་48བྱས་པ། ཏང་ཀྲི་པུའི་ཧྲུའུ་ཅི་168ཀྱིས་ཀྲི་པུའུ་དེར་འཆད་ཁྲིད་བྱས་པ་བཅས་ཀྱི་ཐོག་ནས་སྤུས་ཚད་མཐོ་བའི་སྒོ་ནས་སློབ་སྦྱོང་སློབ་གསོའི་དངོས་ཕན་རང་བཞིན་ལ་སྐུལ་འདེད་བཏང་བ་རེད། ཏང་ཀྲི་པུའི་མཉམ་འབྲེལ་ཚོགས་ཆུང་གི་སློབ་སྦྱོང་བྱེད་སྟངས་གསར་པ་ཁྱབ་གདལ་ཤུགས་ཆེན་བཏང་བ་དང་། ལས་ཁུངས་ཀྱི་ཏང་ཀྲི་པུའུ་38ཀྱི“ཆ་སྒྲིག”གཅིག་སྡུད་སློབ་སྦྱོང་དང་། བརྗོད་བྱ་གཙོ་བོའི་ཏང་གི་ཉིན་མོ། གྲོས་བསྡུར་སོགས་གཏན་འཁེལ་གྱི་བྱ་སྤྱོད་མཉམ་དུ་སྤེལ་བ། སློབ་སྦྱོང་གི་རང་འགུལ་རང་བཞིན་ཆེ་རུ་བཏང་བ། བློ་གྲོས་ཀྱི“ཕན་ནུས”མངོན་འགྱུར་བྱུང་བ་བཅས་རེད། དར་དམར་དང་ཏང་ཡོན་གདོང་ལེན་དང་བླངས་རུ་ཁག་སྒྲིག་འཛུགས་བྱས་ནས་དུད་ཚང་དུ་སྒྲོག་འགྲེལ་ཐེངས་64བྱས་པ་དང་རྒྱུན་གཏན་རང་བཞིན་གྱི་སྒྲོག་འགྲེལ་ལ་བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོ་སློབ་སྦྱོང་ཁྱོན་ཡོངས་ལ་ཁྱབ་རྒྱུར་སྐུལ་འདེད་བཏང་བ་རེད།

བརྟག་དཔྱད་ཞིབ་འཇུག་གི་“ཡུས་”ཀྱིས་གཞི་རིམ་དུ་ཟབ་ཞུགས་བྱེད་པའི་ལག་ལེན་ལེགས་པར་འཛུགས་དགོས། མི་དམངས་མང་ཚོགས་ཀྱིས་འཕྲལ་དུ་ཐག་གཅོད་བྱ་དགོས་པའི་སེམས་ཁྲལ་གྱི་བྱ་བ་དང་། སེམས་ཁྲལ་བྱེད་པ། སེམས་ཁྲལ་བྱེད་པ་བཅས་ལ་རྩེ་གཅིག་ཏུ་དམིགས་ཏེ། ཏང་ལེགས་སྐྱོང་དང་། དབུལ་བྲལ་འགག་སྒྲོལ། དམངས་འཚོ་ལེགས་བཅོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ཐད་ཀྱི་འགག་གནད་དང་། གནད་འགགདཀའ་གནད་བཅས་གཙོ་གནད་དུ་བཟུང་སྟེ། གཞི་རིམ་དུ་ཟབ་ཞུགས་དང་། འཐབ་ས་དང་པོར་ཟབ་ཞུགས། མང་ཚོགས་ཁྲོད་དུ་ཟབ་ཞུགས་བཅས་ཀྱིས་བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཡོད། རྫོང་རིམ་པའི་ལས་བྱེད་པས་བརྟག་དཔྱད་ཞིབ་འཇུག་བྱ་གཞི་26ངོས་ལེན་རྩིས་ལེན་བྱས་པ་དང་། སྔ་རྗེས་སུ་བཞུགས་མོལ་ཚོགས་འདུ་ཐེངས་35འཚོགས་ཤིང་། ས་གནས་ས་ཐོག་ཏུ་མི་ཐེངས་65ལ་བརྟག་ཞིབ་བྱས་པ་དང་། ས་གནས་ས་ཐོག་ཏུ་དཀའ་ངལ་དང་གནད་དོན་16བཀོད་སྒྲིག་དང་ཐག་གཅོད་བྱས་པ། སྤུས་ཚད་མཐོ་བའི་བརྟག་དཔྱད་ཞིབ་འཇུག་སྙན་ཞུ་22གྲུབ་པ། མང་ཚོགས་ཀྱི་རེ་སྒུག་གནད་ལ་འཁེལ་བ་དང་དངོས་ཡོད་གནས་ཚུལ་མཐིལ་རྟོགས་ཏན་ཏིག་བཅས་བྱས་ཡོད། ཏང་ཡོན་ལས་བྱེད་པས་གནད་དོན་ལ་ལྟ་བའི་མིག་ཤུགས་དང་། དོན་དག་སྒྲུབ་པའི་ཀླད་ཤུགས། དམངས་ཀྱི་གནས་ཚུལ་རྟོག་ཞིབ་བྱེད་པའི་ཉན་ཤུགས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་རྩེ་ཁོག་རྫོང་གིས་སྤུས་ཚད་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་གཏོང་བའི་ཐབས་ཇུས་ཀྱི་གཞི་འཛིན་ས་དང་ཡང་དག་པའི་ཐབས་ལམ་སྔར་བས་འཚོལ་ཐུབ་པ་བྱེད་དགོས།

གནད་དོན་ལ་ཞིབ་བཤེར་བྱེད་པའི་“འོད་ལྡོག་མེ་ལོང་”ལ་བརྟེན་ནས་རང་གིས་རང་ལ་དབྱེ་ཞིབ་བྱེད་པའི་ནང་གི་ཞིང་ཆེན་འཛུགས་དགོས། ལས་ཀའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་དང་། མང་ཚོགས་ཀྱིས་བཏོན་པའི་“ཁེར་རྐྱང་གི་གནད་དོན་”འཚོལ་ཞིབ་ནན་ཏན། དོན་ཚན་རེ་རེ་བཞིན་ཞིབ་བསྡུར་དང་འཚོལ་བཤེར་གཏིང་ཟབ་བཅས་བྱས་ནས་གནད་དོན་གནད་འཁེལ་དངོས་འཚོལ་ཐུབ་པའི་འགན་ལེན་ཏན་ཏིག་བྱས་ཡོད། “སྲིད་དོན་དམངས་ལ་འདྲི་བ་དང་། དགོས་མཁོ་དམངས་ལ་འདྲི་བ། ཐབས་ཇུས་དམངས་ལ་འདྲི་བ་”བཅས་ཀྱི་སྲིད་དོན་འདྲི་རྩད་བྱེད་སྒོ་ཆེ་གྲས་གཉེར་ནས་མང་ཚོགས་ཀྱིས་ཁ་ཚ་དགོས་གཏུགས་ངང་ཐག་གཅོད་བྱེད་དགོས་པའི་གནད་དོན་དང་སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་ཚད་ཅུང་མཐོ་བའི་གླེང་མང་བའི་གནད་དོན་དང་། དཀའ་གནད། གཙོ་གནད་གནད་དོན་བཅས་ནས་འགོ་བཙུགས་ཏེ་འགྲིམ་འགྲུལ་དང་། ཞིང་འབྲོགམི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སོགས་རྫོང་གི་ཐད་གཏོགས་ཚན་པ་10ཡི་འགན་འཁུར་བས“ཆ་11”གི་ངོ་ཐུག་གདོང་འཕྲད་ཀྱིས་སྲིད་དོན་འདྲི་རྩད་དང་ལེན་བྱས་ཏེ་དམངས་སེམས་ཀྱི་བར་ཐག་སྔར་བས་བརྟན་དུ་གཏོང་བ་དང་མི་དམངས་ཀྱི་ལངས་ཕྱོགས་བརྟན་པོ་ཡོང་བ་བྱེད་དགོས། སྒོ་ཕྱེ་ནས་བསམ་འཆར་ཉན་པ་དང་། “ངོ་ཐུག་གདོང་འཕྲད་”དང་“རྒྱབ་གཏད་”ཟུང་འབྲེལ་མཐའ་འཁྱོངས། བརྟག་དཔྱད་ཞིབ་འཇུག་དང་དབུལ་སྒྲོལ་འགག་སྒྲོལ་གྱི་བཅར་འདྲི་སོགས་ཀྱི་བྱེད་སྒོ་སྤྱད་དེ་གཞི་རིམ་དུ་བསྐྱོད་དེ་གྲོང་ཚོ་དང་དུད་ཚང་དུ་སྐྱོད་པ་དང་བཞུགས་མོལ་ཚོགས་འདུ་འཚོགས་པ་སོགས་ཀྱི་བྱེད་ཐབས་ཐོག་ནས་བསམ་འཆར་ཉན་པ་དང་། ཐད་སྦྲེལ་ཁ་པར་ཤར་གཏོང་དང་བསམ་འཆར་བསྡུ་ལེན་སྒམ་འཛུགས་པ་སོགས་ཀྱི་རྣམ་པ་བརྒྱུད་མང་ཚོགས་“རྒྱབ་གཏད་”བྱེད་དུ་བཅུག་པ་རེད། རྫོང་རིམ་པའི་འགོ་ཁྲིད་ཚན་པ་དང་ཁོངས་མི་རང་ཉིད་ཀྱིས་གནད་དོན་130ཞིབ་བཤེར་བྱས་པ་དང་། བརྟག་དཔྱད་ཞིབ་འཇུག་བྱས་ནས་གནད་དོན་58ཤེས་རྟོགས་བྱུང་བ། མང་ཚོགས་ཀྱིས་བཏོན་པའི་གནད་དོན་32འབྱོར་བ། གོང་རིམ་གྱིས་ལྡོག་འདྲེན་བྱས་པའི་གནད་དོན་75འབྱོར་བ་བཅས་བྱས་པས། འགོ་ཁྲིད་ཚན་པ་དང་ཏང་ཡོན་ལས་བྱེད་པས་མི་འདང་ས་དང་ཞན་ཆར་ངོས་འཛིན་གཏིང་ཟབ་ཐུབ་པ་དང་། དུས་དང་རྣམ་པ་ཀུན་ཏུ་འཚོལ་ཞིབ་ཐུབ་པའི་གནད་དོན་ལ་བརྟེན་ནས་རང་སྐྱོན་རང་ཞིབ་བྱས་ཡོད།

དག་ཐེར་དོན་འཁྱོལ་གྱི་“འོད་བསྡུ་མེ་ལོང་”ལ་བརྟེན་ནས་དངོས་སྒྲུབ་འགན་འཁུར་གྱི་མཐོར་གཏོང་ཡག་པོ་བྱེད་དགོས། “ལེགས་བཅོས”ཐོག་མཐའ་བར་གསུམ་དུ་ཁྱབ་པ་མཐའ་འཁྱོངས་དང་། གནད་དོན་ལ་དམ་པོར་དམིགས་པ། དག་ཐེར་ལྷོད་གཡེང་མི་གཏོང་བར་དམིགས་པ། རྫོང་རིམ་པའི་ཚན་ཁག་དང་ཁོངས་མིས་གནད་དོན་ལ་དམིགས་ནས་དོན་ཚན་ཀན་741གཏན་འབེབས་བྱས་པ། འགན་འཁྲི་སྡེ་ཚན་དང་། འགན་འཁྲི་འཁུར་མཁན། ལེགས་སྒྲུབ་དུས་བཀག་བཅས་ཁ་གསལ་བཟོས་ནས་དག་ཐེར་དོན་འཁྱོལ་གྱི་གནས་ཚུལ་ཤེས་རྟོགས་ཐུབ་པའི་འགན་ལེན་བྱས་ཡོད། ནུས་མེད་ཟབ་ཟོབ་ཀྱི་གྲོང་ཚོའི་ཏང་རྩ་འཛུགས་དག་ཐེར་དང་སྒྲིག་ཁོངས་སུ་ཡོད་ཀྱང་ལས་གནས་ཐོག་མེད་པའི་ཆེད་དོན་བཅོས་སྒྲིག་བྱེད་སྒོ་གཙང་བཤེར་ཧུར་ཐག་བྱས་ནས་དངོས་ཡོད་གནད་དོན་དང་བསམ་བློའི་གནད་དོན་ཐག་གཅོད་བྱ་རྒྱུ་ཟུང་འབྲེལ་བྱས་ཏེ་རྫོང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་དོན་དངོས་དང་ཟུང་འབྲེལ་གྱིས་“ཞིབ་བཤེར་”དང་། གནད་དོན་ལ་དམིགས་ནས་“ལེགས་བཅོས་”བྱེད་པ། ལས་གནས་ཐོག་གཞི་ཚུགས་པ་བཅས་བྱ་རྒྱུར་སྐུལ་འདེད་བཏང་ཡོད། མིག་སྔའི་གནད་དོན་ཐག་གཅོད་དང་ཕུགས་ཕན་ལམ་སྲོལ་འཛུགས་རྒྱུ་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཉམས་མྱོང་དང་བྱ་ཐབས་ཡག་པོ་ལམ་ལུགས་ཀྱི་རྣམ་པའི་ཐོག་ནས་བརྟན་དུ་གཏོང་བ་དང་། རྫོང་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ལམ་ལུགས་3མེད་པར་བཟོ་བ་དང་56བཟོ་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བ། ལམ་ལུགས་31གསར་དུ་བཟོས་པ་དང་འབྲེལ་ཕུགས་ཕན་ལམ་སྲོལ་ཆགས་པ། ལམ་ལུགས་ཀྱི་གཅུན་སྡོམ་ལ་བརྟེན་ནས་ཏང་ཡོན་ལས་བྱེད་པར་འགག་སྒྲོལ་དཀའ་སེལ་དང་ལས་སྒྲུབ་ལས་གཏོད་ཀྱི་སྤྲོ་སེམས་འཕེལ་བ་བཅས་བྱེད་དགོས།

ལོ་ཙཱ་བ། ལྷ་ཆེན་རྒྱལ།