【ཐོག་མའི་སེམས་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ།】 སྲིད་གཞུང་གི་གཞུང་ལས་ཁང་གི་ཞབས་ཞུའི་འགན་ལེན་ཆུ་ཚད་ཧུར་ཐག་སྒོས་མཐོ་རུ་བཏང་བ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཉེ་སྔོན། རྨ་ལྷོ་ཁུལ་གྱི་ཁུལ་དཔོན་ཆའོ་ཞུའེ་ཀྲིས་ཏང་ཡོན་དཀྱུས་མའི་མིང་ཐོག་ནས་ཁུལ་སྲིད་གཞུང་གཞུང་དོན་ཁང་གི་ཏང་ཀྲི་པུའི་རྩ་འཛུགས་འཚོ་བའི་ཚོགས་འདུར་ཞུགས་པ་དང་། ཀྲི་པུའུ་ཏང་ཡོན་དང་བསམ་ཚུལ་བརྗེ་རེས་གཏིང་ཟབ་བྱས་ནས་བསམ་འཆར་དང་གྲོས་འགོ་ཉན་ནས་ཏང་ནང་གི་རྩ་འཛུགས་འཚོ་བའི་ཉམས་སད་དང་ལེན་བྱས་པ་རེད། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱེད་པ་དང་། རང་ནུས་སྦྱོང་བརྡར་བྱས་ནས་འཇོན་ཐང་ཆེ་རུ་གཏོང་བ། འགན་འཁྲི་འཁུར་ཕོད་པ་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པ། ཏང་ནན་པོས་སྐྱོང་བ་བཅས་བྱས་ཏེ་ལས་དོན་ཁག་ལ་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་བ་དང་ཞབས་ཞུ་འགན་ལེན་གྱི་ཆུ་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད། གཞུང་ལས་ཁང་གི་ལས་དོན་ལ་བླང་བྱ་གསར་པ་བཏོན་པ་སྟེ།

གཅིག་ནས་ཐོག་མཐའ་བར་གསུམ་དུ་“གཅིག་”མཐའ་འཁྱོངས་བྱེད་དགོས། ཏང་འཛུགས་སྐྱོང་གི་ལས་དོན་ཁག་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འགན་འཁྲི་ཡག་པོ་སྒྲུབ་པ། ཏང་འཛུགས་སྐྱོང་ལ་དམ་འཛིན་བྱེད་པ་ནི་རང་འཁྲིའི་ལས་འགན་ཡིན་པ་དང་། ཏང་འཛུགས་སྐྱོང་ལ་དམ་འཛིན་མི་བྱེད་པ་ནི་འགན་འཛོལ་ཡིན་པ། ཏང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་མི་བྱེད་པ་ནི་འགན་འཛོལ་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ། ཏང་འཛུགས་སྐྱོང་ལས་དོན་དང་ལས་སྒོའི་ལས་དོན་མཉམ་དུ་ཇུས་འགོད་དང་། མཉམ་དུ་བཀོད་སྒྲིག མཉམ་དུ་དོན་འཁྱོལ། མཉམ་དུ་ཞིབ་བཤེར་བཅས་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་ཏང་འཛུགས་སྐྱོང་དང་ལས་སྒོའི་ལས་དོན་ཕན་ཚུན་སྐུལ་འདེད་དང་ཕན་ཚུན་ཡར་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ལྷག་པར་དུ་ཀྲི་པུའུ་འཛུགས་སྐྱོང་དམ་འཛིན་ཡག་པོ་བྱེད་པ་དང་། ཏང་ཀྲི་པུའུ་ཡི་ལས་ཀའི་སྲོལ་ཡིག་དོན་འཁྱོལ་བྱེད་པ། ཀྲི་པུའུ་ཡིས་མི་མགོ་ལ་དོ་དམ་བྱེད་པའི་ཁྱད་ཆོས་འདོན་སྤེལ་བྱེད་པ། ཏང་ཡོན་ལ་སློབ་གསོ་དང་དོ་དམ་དང་ལྟ་སྐུལ་ནན་པོ་བྱེད་པ། “ཚོགས་འདུ་གསུམ་”གྱི་ལམ་ལུགས་དོན་འཁྱོལ་ཡག་པོ་བྱེད་པ། ཏང་ཡོན་ལ་དོ་དམ་ཡག་པོ་བྱེད་པ། ཏང་ཡོན་ཚང་མ་དར་ཆ་མཐོན་པོར་སྒྲེང་བའི་འཐབ་འཛིང་གི་བཙན་རྫོང་ཞིག་ཏུ་འགྱུར་བ་བཅས་བྱས་ཏེ་ཁུལ་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱི་ཏང་འཛུགས་སྐྱོང་བྱེད་པའི་ཁྲོད་མིག་དཔེ་འདོན་གང་ཐུབ་བྱེད་དགོས།

གཉིས་ནས་གཙོ་གནད་གཉིས་ཁྱོན་ཡོངས་ནས་ཁོང་དུ་ཆུད་པ་བྱེད་དགོས། ཆབ་སྲིད་ལ་སྣང་ཆེན་བྱེད་པའི་གཙོ་གནད་ཁོང་དུ་ཡག་པོ་ཆུད་པ་བྱེད་དགོས། ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱས་ཏེ་རང་རྟོགས་ངང་ཁུལ་ཨུད་དང་ཁུལ་སྲིད་གཞུང་གི་དབང་གྲགས་སྲུང་སྐྱོང་བྱས་ཏེ་ཁུལ་ཨུད་དང་ཁུལ་སྲིད་གཞུང་གིས་སྤྲད་པའི་ལས་འགན་ཇི་མ་ཇི་བཞིན་ལེགས་སྒྲུབ་བྱེད་དགོས། ཡིན་མིན་ཆེན་པོའི་མདུན་དུ་རིག་པ་དྭངས་གསལ་བྱ་དགོས་པ་དང་། སྒྲ་རྙོག་གིས་དཀྲུག་མི་རུང་བ། གཏམ་བཤད་ཀྱིས་རྨོངས་པར་མི་འགྱུར་བ། གཏམ་སྤྱོད་གཟབ་ནན་དང་ཁ་ཞེ་གཉིས་མེད་བྱེད་པ། ཤེས་པ་དང་ཉམས་ལེན་གཅིག་མཐུན་བཅས་བྱ་དགོས། སྒྲིག་ལམ་ལ་སྣང་ཆེན་བྱེད་པའི་གཙོ་གནད་ཁོང་དུ་ཡག་པོ་ཆུད་པ་བྱེད་དགོས། ཆབ་སྲིད་ཀྱི་ལངས་ཕྱོགས་ཇེ་མཐོར་གཏོང་བ་དང་ཆབ་སྲིད་ཀྱི་སྒྲིག་ལམ་བརྟན་སྲུང་བྱེད། རང་ཉིད་ཀྱི་གནས་བབ་གསལ་པོ་ཤེས་པ་དང་། རང་ཉིད་ཀྱི་གོ་གནས་གསལ་པོ་ཤེས་པ། འགན་འཁྲི་འཁུར་བ། གོ་རིམ་ལྟར་བྱ་བ་ནན་པོ་སྒྲུབ་པ། སྲིད་ཞུགས་སྲིད་གཉེར་མི་བྱེད་པ་དང་། རོགས་རམ་བྱེད་པར་རྙོག་དྲ་མི་བཟོ་བ། ཇུས་འགོད་པས་བར་ཆད་མི་བཟོ་བ། གཞོགས་འདེགས་པས་གོ་གནས་ལས་མི་བརྒལ་བ་བཅས་བྱེད་དགོས།

གསུམ་ནས་སྣེ་ཁྲིད་དེ་“མིག་དཔེ་གསུམ་”ཡག་པོ་བསྒྲུབ་དགོས། རང་ཉིད་ལ་བླང་བྱ་ནན་པོ་བཏོན་ནས་ཐོག་མཐའ་བར་གསུམ་དུ་ཏང་གཤིས་ལ་སྣང་ཆེན་དང་། ཀུན་སྤྱོད་ལ་མཐོང་ཆེན། མིག་དཔེ་བཟང་པོ་སྟོན་པ་བཅས་མཐའ་འཁྱོངས་བྱེད་དགོས། སློབ་སྦྱོང་གི་མིག་དཔེ་བྱེད་དགོས། སློབ་སྦྱོང་བྱ་རྒྱུ་དེ་འགན་འཁྲི་སྒྲུབ་པའི་དགོས་མཁོ་ཨང་དང་པོར་བརྩི་བ་དང་། སློབ་སྦྱོང་བྱ་རྒྱུ་དེ་འགན་འཁྲི་ཞིག་དང་། རེ་སྙེག་ཅིགབསམ་པའི་འཁྱེར་སོ་ཞིགདར་སྲོལ་ཞིག་བཅས་སུ་བརྩིས་ནས་རྒྱུན་ཆད་མེད་པར་སློབ་སྦྱོང་བྱེད་རིང་རང་ངོས་བསྒྱུར་བཀོད་དང་། རང་ངོས་གསར་གཏོད། རང་ངོས་མཐོར་གཏོང་བཅས་བྱས་ཏེ་རང་ངོས་ཀྱི་ཕྱོགས་བསྡུས་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས་དུས་བབ་གསར་པ་དང་། བླང་བྱ་གསར་པ། རེ་བ་གསར་པ་བཅས་དང་དེ་བས་འཚམ་པ་བྱེད་དགོས། མཐུན་སྒྲིལ་གྱི་མིག་དཔེ་བྱ་དགོས། འགན་འཁྲི་ཏན་ཏིག་སྒྲུབ་པ་དང་། སྣེ་ཁྲིད་དེ་མཐུན་སྒྲིལ་ལ་སྣང་ཆེན་བྱེད་པ། སྤྱི་ཡོངས་ལ་ལྟ་རྟོག་བྱེད་པ། སྤྱོད་བཟང་དར་སྤེལ་དང་རང་དཔེ་གཞན་སྟོན་བྱེད་པ། ལས་བྱེད་ལས་བཟོའི་བསམ་བློའི་ཐད་སྤེལ་རེས་མང་ཙམ་བྱེད་པ་དང་། བརྩེ་དུང་ཐད་འབྲེལ་གཏུག་མང་ཙམ་བྱེད་པ། ལས་ཀའི་ཐད་གྲོས་བསྡུར་མང་ཙམ་བྱེད་པ་བཅས་ཀྱི་ཐོག་ནས་གཞུང་ལས་ཁང་གི་སྤྱི་ཡོངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ལས་སྒྲུབ་ལས་གཏོད་ཀྱི་རྣམ་པ་བཟང་པོ་ཞིག་ཧུར་ཐག་ཆགས་པ་བྱེད་དགོས། སྤྱོད་གཙང་གི་མིག་དཔེ་བྱ་དགོས། སྒྲིག་ཁྲིམས་དང་སྒྲིག་ལམ་སྔོན་ལ་འཇོག་དགོས་པ་དང་། དུས་དང་རྣམ་པ་ཀུན་ཏུ་སྤྱོད་གཙང་རང་གཅུན་གྱི་རྒྱུད་དེ་དམ་པོར་འཛིན་དགོས་པ་ལས། “ལས་ཁུངས་ཀྱི་སྒོ་བྱང་ཆེ་བ་དང་། འགོ་ཁྲིད་ཀྱི་རྒྱབ་རྟེན་མཁྲེགས་པོར”སྙམ་ནས་བརྟེན་ས་ཡོད་པ་དང་། རྒྱབ་རྟེན་ཡོད་པ། འཇིགས་སྐྲག་མེད་པ་བཅས་གཏན་ནས་བྱེད་མི་རུང་ལ། འགོ་ཁྲིད་དང་གཞུང་ལས་ཁང་གི་མིང་གང་བྱུང་དུ་སྤྱད་ནས་སྒེར་གྱི་ཁེ་ཕན་དོན་གཉེར་དེ་བས་ཀྱང་བྱེད་མི་རུང་།

བཞི་ནས་“རྒྱུན་འཁྱོངས་བཞི་”ལ་བརྩི་སྲུང་ནན་པོ་ཞུ་དགོས། སྤུས་ཚད་དང་ལས་ཕྱོད་ནི་གཞུང་ལས་ཁང་གི་ལས་དོན་ལ་བསྡུར་ཞིབ་བྱེད་པའི་འགྱུར་མེད་དམིགས་ཚད་གཉིས་ཡིན་ཞིང་། གཞུང་ལས་ཁང་གི་ལས་ཀའི་སྤུས་ཚད་དང་ལས་ཕྱོད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཚེ་གཞི་ནས་གཞུང་ལས་ཁང་གི་འགན་ནུས་འདོན་སྤེལ་གང་ལེགས་ཐུབ་ནས་ཇུས་འདོན་ལས་རོགས་ཡག་པོ་ཞིག་བྱེད་ཐུབ། ཚད་ལྡན་དུ་གཏོང་བ་རྒྱུན་འཁྱོངས་བྱས། ཚད་ལྡན་ཅན་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། གཞུང་སྒྲུབ་བརྒྱུད་རིམ་ལམ་ལུགས་ཅན་དང་ལས་སྒྲུབ་བརྒྱུད་རིམ་ཚད་ལྡན་ཅན་མཐའ་འཁྱོངས་བྱས་ཏེ་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྦྲེལ་མཐུད་དང་ཕན་འབྲས་ཆེ་བའི་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས། ལས་ཆོད་ལ་དང་དོད་བྱ་རྒྱུ་རྒྱུན་འཁྱོངས་བྱས། ལས་ཆོད་དེ་མི་སྣ་ཡོངས་ཀྱི་ངོས་འཛིན་གཅིག་མཐུན་དང་རང་རྟོགས་ཀྱི་བྱ་སྤྱོད་དུ་བརྩིས་ནས། ལས་དོན་ཁག་ཚང་མ་ཐོག་ལྟར་དྲག་ལ་རླུང་ལྟར་མྱུར་བ་དང་། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པ། ལས་ཆོད་ཆེ་བ་དང་མྱུར་ཚད་མགྱོགས་པ། གྱོད་གཞི་ཕུང་གསོག་ཐེབས་མེད་པ་དང་། གནས་ཚུལ་ཞག་ལུས་མེད་པ་བཅས་བྱེད་དགོས། སྤུས་ཚད་ལ་དོ་སྣང་། “ཞིབ་ཚགས་དང་། ལེགས་སྐྱེས་འབུལ་བ། རང་འགན་ནན་སྒྲུབ་དང་གཟབ་ནན་ཞིབ་ཚགས་ཀྱི་“གཅུས་གཟེར་”སྙིང་སྟོབས་དར་སྤེལ་བཏང་སྟེ། བྱ་བ་སྒྲུབ་པ་ལས་ཁེ་ཕན་མི་གཉེར་བ་དང་། ལེགས་སྐྱེས་འབུལ་བ་ལས་ཁེ་ཕན་མི་གཉེར་བ་དང་། ལེགས་སྐྱེས་སུ་འབུལ་དགོས།

ལྔ་ནས་“ནུས་པ་ལྔ་”ཧུར་ཐག་གིས་མཐོ་རུ་གཏོང་དགོས། ལས་བྱེད་པའི་དཔུང་ཁག་གི་ཕྱོགས་བསྡུས་བྱང་ཚད་དང་ལས་སྒོའི་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ་དང་ལས་འགན་དེ་བས་ལེགས་པའི་སྒོ་ནས་ལེགས་སྒྲུབ་བྱེད་དགོས། ཡི་གེའི་ཞབས་ཞུའི་ནུས་པ་ཇེ་མཐོར་གཏོང་དགོས། ཡི་གེའི་རྩོམ་འབྲིའི་ནུས་པ་ནི་གཞུང་ལས་ཁང་གི་ལས་དོན་མི་སྣའི་གཞི་རྩའི་ནུས་པ་ཡིན་པས། སློབ་གསོ་དང་གསོ་སྦྱོང་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། ཡིག་རིགས་ཀྱི་དཔྱད་གཞིའི་ཆུ་ཚད་ལ་ཤུགས་སྣོན་རྒྱག་པ། གཞུང་ལས་ཁང་གིས་ཡི་གེ་ལ་བརྟེན་ནས་སྲིད་དོན་ལ་རམ་འདེགས་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས། ཕྱོགས་བསྡུས་མཐུན་སྦྱོར་གྱི་ནུས་པ་ཆེ་རུ་གཏོང་དགོས། གཞུང་ལས་ཁང་གིས་མཐུན་སྦྱོར་ཡག་པོ་བྱེད་དགོས་ལ་མཐུན་སྦྱོར་ཡང་ཡག་པོ་བྱེད་དགོས་པ་མ་ཟད། ནང་ཁུལ་གྱི་ལས་དོན་མཐུན་སྦྱོར་ཡག་པོ་བྱས་ཏེ་ཁོའོ་དང་ཁང་ཁག་གི་ལས་བགོས་དང་མཉམ་ལས་ཟུང་འབྲེལ་བྱས་ཏེ་འགོ་ཁྲིད་ཀྱི་དཀའ་ངལ་སེལ་རོགས་དང་སྲིད་གཞུང་ལ་དཀའ་ངལ་སེལ་རོགས་བྱེད་དགོས། ཇུས་འདོན་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་དགོས། སྤྱི་ཡོངས་ཀྱི་འདུ་ཤེས་འཛུགས་པ་དང་། བསམ་བློའི་མཐོང་རྒྱ་ཆེ་རུ་གཏོང་བ། ཞབས་ཞུའི་ཐབས་ཇུས་ཀྱི་སྔོན་དཔག་རང་བཞིན་དང་། སྔོན་བརྒལ་རང་བཞིན། ཚན་རིག་རང་བཞིན་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ་གནད་དོན་སྔོན་ལ་བསམ་བློ་གཏོང་བ་དང་ལས་དོན་སྔོན་ལ་བསྒྲུབ་ཐུབ་པ་བྱེད་དགོས། སྐུལ་འདེད་དོན་འཁྱོལ་གྱི་ནུས་པ་ཆེ་རུ་གཏོང་དགོས། ཏང་ཨུད་དང་སྲིད་གཞུང་གི་དབང་གྲགས་སྲུང་སྐྱོང་དང་། མཐོ་རུ་གཏོང་བ། སྲིད་བཀའ་ཤར་གཏོང་ཐུབ་པ་བཅས་ཀྱི་མཐོ་ཚད་ཐོག་ནས་ལྟ་སྐུལ་ཞིབ་བཤེར་ལས་དོན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་དགོས། ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་དང་མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་འདོན་པའི་གླེང་མང་བ་དང་དཀའ་གནད་ཆེ་བའི་གནད་དོན་སོགས་ལ་གཙོ་གནད་ཐོག་ལྟ་སྐུལ་ཞིབ་བཤེར་བྱེད་དགོས་པ་དང་། འཁོར་སྐྱོད་འགན་སྲུང་གི་ནུས་པ་ཆེ་རུ་གཏོང་དགོས། འཁོར་སྐྱོད་འགན་སྲུང་བྱེད་ནུས་ཆེ་རུ་ཏན་ཏིག་གཏོང་བ་དང་། རླངས་འཁོར་དང་། ནོར་དོན། རྒྱུ་ནོར། ཟ་ཁང་སོགས་རྒྱབ་ཕྱོགས་ཞབས་འདེགས་འགན་སྲུང་ལས་ཀ་ལེགས་པར་བསྒྲུབས་ཏེ། ཞབས་ཞུའི་རྒྱབ་སྐྱོར་ནུས་པ་འདོན་སྤེལ་སྔར་ལས་ལེགས་པ་བྱ་དགོས། བྱེད་སྒོ་གལ་ཆེན་དང་། ཚོགས་འདུ་གལ་ཆེན། སྣེ་ལེན་གལ་ཆེན་བཅས་སྒྲིག་འཛུགས་ཞིབ་ཚགས་དང་བཀོད་སྒྲིག་བྱས་ཏེ་འབྲེལ་ཡོད་ལས་དོན་གྱི“ནོར་འཛོལ་གཅིག་ཀྱང་མེད་པའི”འགན་ལེན་བྱས་ནས་སྲིད་གཞུང་གི་གཟུགས་བརྙན་དང་ཆུ་ཚད་མངོན་པར་བྱེད་དགོས།

ཀྲི་པུའུ་ཏང་ཡོན་གྱིས་དུས་འགོར་སློབ་སྦྱོང་དང་བགྲོ་གླེང་གཏིང་ཟབ་དང་། ཞིབ་བཤེར་དང་འཚོལ་ཞིབ། སྙིང་གཏམ་བཤད་རེས། བསམ་བློ་གཏིང་ཟབ་གཏོང་བ་བཅས་ཀྱི་རྨང་གཞིའི་ཐོག་བསམ་འཆར་རྒྱ་ཁྱབ་ངང་བསྡུ་ལེན་དང་། སྙིང་གཏམ་བཤད་རེས་དང་གླེང་མོལ་གཏིང་ཟབ་བྱེད་པ། དབྱེ་ཞིབ་དཔྱད་ཡིག་ནན་ཏན་འབྲི་བ་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་སྒོ་ནས་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་ཡག་པོ་འཚོག་རྒྱུར་གྲ་སྒྲིག་ཞིབ་ཚགས་བྱས་ཡོད།

ཚོགས་འདུའི་ཐོག་ཚང་མས་ཏང་ནང་ཞུགས་པའི་དམ་ཚིག་བསྐྱར་དྲན་བྱས་པ་དང་། ཏང་ཡོན་གྱི་ཁེ་དབང་དང་འོས་འགན་བསྐྱར་དུ་སློབ་སྦྱོང་བྱས་པ། ཕུལ་བྱུང་གུང་ཁྲན་ཏང་ཡོན་བློ་མཐུན་ཁུདཔོན་ཧྥུ་ཆིན་གྱི་དངོས་མཚོན་གློག་བརྙན་ལ་གཟིགས་པ་མ་ཟད། སྤེལ་རེས་གཏམ་བཤད་ཀྱང་གནང་བ། ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་མ་འཚོགས་གོང་གི་གྲ་སྒྲིག་གནས་ཚུལ་བརྡ་ཁྱབ་བཏང་བ་རེད། ཀྲི་པུའུ་ཚན་ཁག་དང་ཏང་ཡོན་ཁག་གིས་རེ་རེ་བཞིན་ཞིབ་བཤེར་དབྱེ་ཞིབ་བྱས་པ་དང་། ཚང་མས་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ《“འགན་འཁྲི་བློ་ལ་བརྟན་པོར་ངེས་པའི”སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་བདམས་བསྒྲིགས》དང《ཞི་ཅིན་ཕིང་གི་“འགན་འཁྲི་བློ་ལ་བརྟན་པོར་ངེས་དགོས་པའི”སྐོར་གྱི་ཞིས་ཅིན་ཕིང་གི་རྣམ་བཤད་གནད་བསྡུས》ཀྱི་གྲུབ་འབྲས་ལ་མྱོང་ཚོར་ཟབ་མོ་བྱུང་བ་དང་། ཏང་གི་སྒྲིག་ཡིག་དང《ཚད་གཞི》དང《སྲོལ་ཡིག》དང་དེ་བཞིན་མང་ཚོགས་ཀྱིས་བཏོན་པའི་བསམ་འཆར་དང་གྲོས་འགོ་དང་དག་ཐེར་བྱས་ཚུལ་དང་དེ་བཞིན་དག་ཐེར་བྱས་ཚུལ་དང་། ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱས་ཚུལ་གླེང་བ། དེ་བཞིན་གནས་པའི་གནད་དོན་གྱི་བསམ་བློའི་འབྱུང་རྩ་སྔོག་འདོན་གཏིང་ཟབ་བྱས་པ་རེད། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་པར་ལྷག་བསམ་ཟོལ་མེད་དང་། དངོས་ཐོག་བདེན་འཚོལ། བསམ་བློར་ཕོག་གཏུག་བཅས་བྱས་པས་མཐུན་སྒྲིལ་ཇེ་དམ་དུ་གཏོང་བ་དང་ལས་ཀ་ལེགས་བཅོས་བྱེད་པའི་དམིགས་ཡུལ་འགྲུབ་པ་རེད། དེའི་རིང་དམངས་གཙོའི་དཔྱད་མོལ་ཏང་ཡོན་གྱི་ལས་དོན་སྤེལ་ཡོད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།