མདོ་ལ་རྫོང་གིས་གནད་དོན་ལ་དམིགས་ནས་དག་ཐེར་ལ་དམ་འཛིན་དང་བྱ་ཐབས་ལ་ཤུགས་སྣོན་བརྒྱབ་ནས་དོན་འཁྱོལ་ལ་སྐུལ་འདེད་བཏང་བ།

རང་རེའི་དྲ་བའི་འཕྲིན། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། མདོ་ལ་རྫོང་གིས“སྒྱུར་བཅོས”ཞེས་པའི་ཡིག་འབྲུ་ཐོག་མཐའ་བར་གསུམ་དུ་ཁྱབ་པ་དང་། མང་ཚོགས་ཀྱི་དོ་ཁུར་ལ་དམ་པོར་དམིགས་པ། སྒྱུར་བཅོས་འཕེལ་རྒྱས་ལ་དམིགས་ནས་གནད་དོན་འཚོལ་བཤེར་གཏིང་ཟབ་བྱེད་པ། བྱེད་ཐབས་ཞིབ་ཕྲ་བཟོ་བ། ཇུས་འགོད་ནུས་པ་གནད་སྨིན་འདོན་པ་བཅས་བྱས་ནས་གནད་དོན་ཕྱོགས་ཡོངས་ནས་སྒྱུར་བཅོས་དང་། སྒྱུར་བཅོས་གཏིང་ཟབ། སྒྱུར་བཅོས་ནུས་ལྡན་བཅས་ཡོང་བའི་འགན་ལེན་བྱས་པ་དང་། བློ་རྩེ་གཅིག་སྒྲིམ་གྱིས་བརྗོད་དོན་གཙོ་བོའི་སློབ་གསོར་ཕན་འབྲས་དངོས་ཐོབ་རྒྱུར་སྐུལ་འདེད་བཏང་བ་རེད།

མང་ཚོགས་ཀྱི་དོ་ཁུར་ལ་དམ་པོར་དམིགས་ཏེ་དག་ཐེར་ལ་དམ་འཛིན་བྱེད་དགོས། རྫོང་དེ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་3000ལྷག་ཙམ་གྱིས་གཞི་རིམ་དུ་བསྐྱོད་པ་དང་མང་ཚོགས་ཁྲོད་བསྐྱོད་དེ“རྟ་དམར་གྱི་སེམས་དྲོ་བའི་བྱ་སྤྱོད”དང་། མང་ཚོགས་ལ་བྱ་བ་དངོས་ཤིག་སྒྲུབ་པ། འགལ་བ་དང་རྩོད་གཞི་ཞིག་འདུམ་འགྲིག་བྱེད་པ་སོགས“གཅིག་བཅུའི”བྱེད་སྒོ་ཏན་ཏིག་སྤེལ་བ་དང་། མང་ཚོགས་ལ་བྱ་བ་དངོས་དང་བྱ་བ་བཟང་པོ་5000ལྷག་ཙམ་སྒྲུབ་རོགས་བྱས་པ། འགལ་བ་དང་རྩོད་གཞི་སྣ་ཚོགས་550འདུམ་འགྲིག་བྱས་ཡོད། ཆེད་དོན་བཅོས་སྒྲིག་གིས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་གནད་དོན་ལ་སྣང་ཆུང་བྱེད་པ་དང་བཅོས་སྒྲིག་གི་གཙོ་གནད་ལ་དམིགས་ཏེ་སྣེ་ཁྲིད་ཚན་པ་བརྒྱུད་སྤྱི་ཡོངས་ལ་དམ་འཛིན་བྱེད་པ་དང་བཅོས་སྒྲིག་ཚན་པ་16སྒྲིག་འཛུགས་བྱས་ནས་ལས་དོན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་འཚོགས་ནས་དག་ཐེར་ལས་འགན་ཁག་12ལེགས་སྒྲུབ་བྱས་པ་རེད། མང་ཚོགས་ཀྱིས་ཡོངས་ཁྱབ་ཏུ་གོང་ཞུ་དང་རེ་སྒུག་བྱེད་པའི་དཀའ་གནད་འབུར་ཐོན་ལ་དམིགས་ཏེ། “ཉིང་གཅིག་ཕྲ་བཞི་”གཞི་རིམ་བཅོས་སྐྱོང་གི་དྲ་མིག་ཅན་གྱི་དོ་དམ་ལམ་སྲོལ་བེད་སྤྱོད་གང་ལེགས་བྱེད་པ་དང་། ཐོག་ཁང་གི་འགོ་འཛིན་དང་། སྲང་ལམ་གྱི་འགོ་འཛིན། སྲང་ལམ་གྱི་འགོ་འཛིན་བཅས་“དཔོན་གསུམ་ལམ་ལུགས”དང་། “སྡེ་ཁུལ་གྱི་ཏང་ཨུ་ཆེན་པོ་”དང་། ཞང་དང་གྲོང་རྡལ་གྱི་ཕྱོགས་བསྡུས་ཁྲིམས་བསྟར་ཞབས་ཞུ་རུ་ཁག་གི་མཐུན་སྦྱོར་ཞབས་ཞུའི་ནུས་པ་འདོན་སྤེལ་བྱེད་དགོས། དམངས་སྲིད་དང་། དབུལ་སྐྱོར། ཞིང་འབྲོགའགྲིམ་འགྲུལ། སློབ་གསོ་སོགས་དམངས་འཚོའི་ཁྱབ་ཁོངས་ཀྱི་སྡེ་ཚན་སྒྲིག་འཛུགས་བྱས་ནས་གཅིག་སྡུད་འགག་སྒྲོལ་བྱས་ཏེ“བྱ་བ་སྒྲུབ་དཀའ་བ”དང་། “སྨན་པ་བསྟེན་དཀའ་བ”“འགྲོ་སྐྱོད་དཀའ་བ”“སློབ་ཞུགས་དཀའ་བ”“དྲོད་རླངས་མཁོ་འདོན་བྱེད་ཚད་མི་འདང་བ”“གློག་མཁོ་འདོན་མི་འདང་བ”སོགས་དམངས་འཚོའི་བྱ་བ་དངོས་འབོར་ཆེན་ཞིག་ཐག་གཅོད་བྱས་པ་རེད། མ་དངུལ་སྒོར་ཁྲི་1699.37བཏང་ནས་ཆུ་གློག་ལམ་དང་། འཕྲིན་གཏོང་། སྡོད་ཁང་། སྨན་བཅོས། སྤྱི་ཚོགས་འགན་སྲུང་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་57གསབ་པ་དང་། ཤང་གྲོང་ཁག་དང་། སྡེ་ཚན་ཁགཚན་པ་ཁག་བཅས་ཀྱིས་དབུལ་སྒྲོལ་ཕན་འབྲས་ཡོངས་ཁྱབ་ཞིབ་བཤེར་ཆེ་མོ་དང་། མཉམ་འབྲེལ་ས་ཚིགས་གྲོང་ཚོར་རོགས་སྐྱོར། ས་གནས་ས་ཐོག་ཏུ་གཞུང་དོན་སྒྲུབ་པ་སོགས་ཀྱི་ཐབས་ལམ་བརྒྱུད་མ་དངུལ་སྒོར་ཁྲི་492.68བཏང་ནས་མང་ཚོགས་ལ་བྱ་བ་དངོས་301སྒྲུབ་རོགས་བྱས་པ་རེད།

བསྒྱུར་བཅོས་དང་འཕེལ་རྒྱས་ལ་དམིགས་ནས་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས། གཞི་རིམ་ཏང་འཛུགས་སྐྱོང་ཉམས་ཞན་དང་མིང་ཙམ་དུ་འགྱུར་བ་དང་། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་བྱེད་དཀའ་བ། གྲོང་གསེབ་དར་རྒྱས་དང་སྐུལ་འདེད་གཏོང་དཀའ་བ་སོགས་འཕེལ་རྒྱས་ཀྱི་དཀའ་གནད་བཅུ་ལ་དམིགས་ནས་བྱེད་ཐབས་ཞིབ་ཕྲ་ཁག་9ཞིབ་འཇུག་དང་གཏན་འབེབས་བྱས་པ་དང་མ་དངུལ་སྒོར་དུང་ཕྱུར་8.3དོན་འཁྱོལ་བྱས་པ། རིགས་13གྱི་འགག་རྩའི་ཁྱབ་ཁོངས་དང་ཉམས་ཞན་ལྷུ་ཚིགས་ཀྱི་གཙོ་གནད་རྣམ་གྲངས་72ལག་བསྟར་བྱས་ཡོད། 2019ལོར་རྫོང་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་8.17%འཕར་བ་དང་། གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་8%འཕར་བ། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་7.1%འཕར་བ། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་38.9%འཕར་བ་བཅས་རེད། རྫོང་གྲོང་གི“ཉིའུ་ཤིན་རི་བོའི”བྱང་འདབས་སྒྱུར་བཀོད་རིམ་སྤོར་བྱ་སྤྱོད་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་དག་ཐེར་གྱི“ཕྱིར་མིག་ལྟ་བའི”བྱ་སྤྱོད། དབུལ་སྒྲོལ་འགག་སྒྲོལ་གྱི“གཙང་སེལ”བྱ་སྤྱོད། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་རྫོང་གི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་གི་བྱ་སྤྱོད་སོགས“བྱ་སྤྱོད་བཞི”ལག་བསྟར་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར་4.8བཏང་ནས“ཉིའུ་ཤིན་རི་བོའི”བྱང་འདབས་ཀྱི་དུད་ཚང་886གི་ཁང་པ་བསྡུ་ལེན་དང་བཤིག་སྤོའི་ལས་དོན་ལེགས་སྒྲུབ་བྱས་པ་དང་། མ་དངུལ་སྒོར་དུང་ཕྱུར་1.8བཏང་ནས་མདོ་ལ་རིང་མོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་ཕྱོགས་བསྡུས་བཅོས་སྐྱོང་རྣམ་གྲངས་ལག་བསྟར་བྱས་པ། ཧྲན་ཏུང་རོགས་སྐྲུན་དང་ཀྲུང་དབྱང་གི་ཆེད་དོན་རོགས་སྐྱོར་མ་དངུལ་སྒོར་ཁྲི་7241བསྡུ་སྒྲིལ་བྱས་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་བྱས་ཡོད། ཡུལ་སྐོར་འཕེལ་རྒྱས་ཀྱི་འཆར་འགོད་20ལྷག་ཙམ་བཟོས་ནས་བཏོན་ཏེ་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ཡོད།

གྲུབ་འབྲས་གཞན་སྒྱུར་ལ་བརྟེན་ནས་ཕན་འབྲས་འགན་ལེན་བྱ་རྒྱུར་སྣང་ཆེན་བྱེད་དགོས། ཏང་ཡོན་ལས་བྱེད་པས་རང་འགན་གཙང་སྒྲུབ་དང་དངོས་འཛིན་དངོས་སྒྲུབ་ལ་སྐུལ་འདེད་གཏོང་བའི་ལམ་ལུགས་དང་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་བྱེད་པའི“འགན་འཁུར་དངོས་དཔེ+བཀག་རྒྱའི་གསལ་ཐོའི”ལམ་ལུགས་འཚོལ་ཞིབ་དང་ཁྱབ་གདལ་གཏོང་བ། ཏང་འཛུགས་སྐྱོང་དང་། སྤྱོད་ཚུལ་འཛུགས་སྐྱོང་། ལས་བྱེད་པ་དོ་དམ་སོགས་ཀྱི་ལས་ཀའི་ཁྱབ་ཁོངས་སུ《མདོ་ལ་རྫོང་གི་རྩ་འཛུགས་མ་ལག་འཛུགས་སྐྱོང་གི“366”གི་སྤུས་ཚད་མཐོ་རུ་གཏོང་བའི་བྱ་སྤྱོད་ལག་བསྟར་ཇུས་གཞི》དང《“ཉིང་གཅིག་ལེགས་བཅོས་བཞི་དང་ཆུང་བཅོས་བཞིའི”གཞི་རིམ་བཅོས་སྐྱོང་ལས་དོན་གྱི་ལག་བསྟར་བསམ་འཆར》སོགས་སྒྲིག་སྲོལ་ལམ་ལུགས་དང་། བྱ་ཐབས་བྱ་ཐབས། འཆར་འགོད་བསམ་འཆར་བཅས་45བཟོས་ནས་ལས་བྱེད་པས་བྱ་གཞག་ལ་འགན་འཁུར་བ་དང་རྩ་འཛུགས་ཀྱིས་ལས་བྱེད་པར་འགན་འཁུར་བའི་ལམ་སྲོལ་བཟང་པོ་ཞིག་ཆགས་པ་བྱས་ཡོད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།