རྨ་ལྷོ་ཁུལ་གྱིས་བསམ་བློའི་ཐུན་མོང་ངོས་འཛིན་གཅིག་ཏུ་བསྒྲིལ་ནས་འབད་འབུངས་སྟོབས་ཤུགས་གཅིག་སྡུད་བྱས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱེད་སྒོ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རུ་སྤེལ་འགོ་ཚུགས་ཚུན། ཁུལ་དང་རྫོང་གི་རིམ་ཁག་སྒྲོག་འགྲེལ་རྐང་འཛིན་པ་གཞི་རིམ་དང་། གྲོང་གསེབ། ལས་ཁུངས་བཅས་སུ་བསྐྱོད་དེ་སྒྲོག་འགྲེལ་བྱེད་སྟངས་རྒྱུན་ཆད་མེད་པར་གསར་གཏོད་དང་སྒྲོག་འགྲེལ་ཁྱབ་ཁོངས་རྒྱ་ཆེར་བཏང་བ་དང་། གཟུགས་བརྙན་གསོན་ཉམས་ལྡན་པའི་སྐད་ཆ་དང་། གཏིང་ཟབ་པའི་གསལ་འགྲེལ། དོན་དངོས་དང་ཉེ་བཅར་བཅས་ཀྱི་གསལ་འགྲེལ་ལ་བརྟེན་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སེམས་ལ་ཟུག་པ་དང་རྩ་བ་ཚུགས་རྒྱུར་སྐུལ་འདེད་བཏང་བས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློ་གཅིག་མཐུན་དང་ལས་སྒྲུབ་ལས་གཏོད་ཀྱི་ངར་ཤུགས་དང་སྤྲོ་སེམས་གཅིག་ཏུ་བསྒྲིལ་ཡོད།

རྨ་ལྷོ་ཁུལ་ཨུད་ཚན་ཁག་གི་ཁོངས་མི་དང་ཁུལ་རིམ་པ་གཞོན་པའི་འགོ་ཁྲིད་ལས་བྱེད་པས་གོང་གིས་འོག་ལ་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཏེ་ཤང་གྲོང་དང་ལས་བགོས་འགན་གཉེར་ཁྱབ་ཁོངས་ཀྱི་སྡེ་ཚན་དང་ཚན་པར་སྔོན་ལ་འབྲེལ་གཏུག་གཏིང་ཟབ་བྱས་ཏེ་ལས་བྱེད་པ་དང་མང་ཚོགས་ལ་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་རེད། རིམ་ཁག་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་རྫོང་དང་ཤང་དང་། གྲོང་སྡེ་ཚོགས་པ། ལས་ཁུངས་བཅས་སུ་བསྐྱོད་དེ་རྨ་ལྷོ་རྒྱུད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། ཁ་གཏད་བྱ་ཡུལ་མི་འདྲ་བའི་ཁྱད་ཆོས་ལ་གཞིགས་ཏེ་དམིགས་བྱ་ཅན་དང་། མི་མང་ཅན། མཉམ་འགུལ་ཅན་བཅས་ཀྱི་སྒྲོག་འགྲེལ་མངོན་གསལ་དོད་པོ་ཡོང་བ་བྱས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་གནད་དོན་གལ་ཆེན་གསལ་པོ་དང་གནད་ལ་འཁེལ་པོས་ཤོད་རྒྱུར་ཤུགས་སྣོན་བརྒྱབ་ཡོད། དེ་དང་ཆབས་ཅིག་སྒྲོག་འགྲེལ་གྱི་ཡིད་དབང་འགུག་ནུས་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་ལས་བྱེད་པ་དང་མང་ཚོགས་དང་སྤེལ་རེས་དང་མཉམ་འགུལ་བྱེད་རིང་དོགས་གནད་སེལ་བ་དང་ཐུན་མོང་གི་ངོས་འཛིན་ཟབ་ཏུ་གཏོང་དགོས།

ལས་རིགས་སྡེ་ཚན་ཁག་དང་། ཤང་དང་གྲོང་རྡལ་གྱི་གྲོང་ཚོ་དང་སྡེ་ཚན། སློབ་གྲྭདགོན་སྡེ་སོགས་ཀྱིས་རང་སོ་སོའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་སྒོ་རྩར་སློབ་སྦྱོང་བྱེད་པ་དང་། གཅིག་སྡུད་སློབ་སྦྱོང་བྱེད་པ། བཞུགས་མོལ་སྤེལ་རེས་བྱེད་པ། དྲ་ཐོག་སློབ་སྦྱོང་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་གསར་གཏོད་རང་བཞིན་གྱི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད། གཅན་ཚ་རྫོང་གཅན་ཚ་ཐང་ཤང་དང་མདོ་རྒྱལ་དོན་གཅོད་ཁྲུའུ་རུ་སྒྲོག་འགྲེལ་ཚོགས་པས་གྲོང་གསེབ་ཀྱི་ཏང་ཡོན་ལས་བྱེད་པ་དང་། ཞིང་འབྲོག་པའི་ཏང་ཡོན། མང་ཚོགས་ཀྱི་འཐུས་མི་བཅས་300ལྷག་ཙམ་ལ་སྒྲོག་འགྲེལ་སྙན་ཞུ་བྱས་པ་དང་། མང་ཚོགས་ཀྱི་སྐད་ཆའི་ཐོག་ནས་དཔེ་མཚོན་གསར་པ་བཤད་པ། གཞི་རིམ་གྱི་ཡོངས་ཁྱབ་དོ་ཁུར་དང་དོ་ཁུར་བྱེད་པའི་གནད་དོན་ལ་ལན་བཏབ་པ། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཉན་འདོད་པ་དང་། གོ་ཐུབ་པ། ཐུན་མོང་གི་བསམ་འདུན་ཡོད་པ་བཅས་བྱས་ཡོད། ཁུལ་ཏང་དང་མང་ཚོགས་ཁོངས་གཏོགས་ཀྱི་སྒྲོག་འགྲེལ་བྱ་ཡུལ་དུ་ལྟད་མོ་བ་མང་པོ་ཡོད་པ་དང་། གར་སྟེགས་ཐོག་བརྗོད་སྐབས་གསོན་ཉམས་དོད་ལ་ངོ་མཚར་ཆེ་བ། གར་སྟེགས་འོག་གི་ཟིན་ཐོ་ནན་ཏན་ངང་བཀོད་པ། སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་བརྗོད་དོན་གཙོ་བོར་དམིགས་ནས་ཕུགས་བསམ་དད་སེམས་ཇི་ལྟར་བརྟན་དུ་གཏོང་བ་དང་། ལམ་ལུགས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ། འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བ་བཅས་ཕྱོགས་གསུམ་ནས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པར་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གསལ་འགྲེལ་དང་གསལ་འགྲེལ་བྱས་པ་རེད།

མིག་སྔའི་བར་སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་རྫོང་ཁག་གི་ཤང་གྲོང་དང་། གྲོང་ཚོ། ཁུལ་ཐད་གཏོགས་ཁོངས་གཏོགས་ཚན་པ་ཁག་གཅིག་ཏུ་བསྐྱོད་དེ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཐེངས་25ལ་གཅིག་སྡུད་ཐོག་སྒྲོག་འགྲེལ་བྱས་པ་དང་མང་ཚོགས་4700ལྷག་ཙམ་ལ་ཐད་ཀར་སྒྲོག་འགྲེལ་བྱས་པ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།