【“ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི”བརྗོད་དོན་སློབ་གསོ་སྤེལ་སྐབས།】 ལིག་ཐའོ་ཡིས་རྨ་ལྷོ་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས་པ།

མཚོ་སྔོནཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཉེ་སྔོན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིག་ཐའོ་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་དང་སོག་རྫོང་དུ་སོང་ནས་གྲ་སྒྲིག་སློབ་གསོ་དང་མི་རིགས་སློབ་གསོ། ཞིང་སྡེའི་གློག་ཚོང་འཕེལ་རྒྱས་སུ་གཏོང་བ། ཚོང་རའི་མཁོ་འདོན་འགན་སྲུང་སོགས་གནས་ཚུལ་ལ་རྟོག་ཞིབ་བྱས། རྟོག་ཞིབ་བྱེད་སྐབས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། “ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་པའི”བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་པ། མི་དམངས་ཡིད་ཚིམ་པའི་སློབ་གསོ་བསྒྲུབ་པ། མང་ཚོགས་ཀྱི་ཉེ་འགྲམ་གྱི་གློག་ཚོང་འཕེལ་རྒྱས་སུ་བཏང་སྟེ། རྒྱུན་མ་ཆད་པར་མི་དམངས་མང་ཚོགས་ཀྱི་མཛེས་སྡུག་འཚོ་བའི་ཐད་ཀྱི་དགོས་མཁོ་བསྐང་ནས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་སྐུལ་འདེད་གཏང་དགོས་ཞེས་ནན་གྱིས་བསྟན་པ་རེད།

ལིག་ཐའོ་རྩེ་ཁོག་རྫོང་དུང་དཀར་གཞིས་ཁུལ་བྱིས་གཉོར་ཁང་དང་མི་རིགས་སློབ་འབྲིང་དང་པོ། སོག་རྫོང་མི་རིགས་སློབ་འབྲིང་བཅས་སུ་སོང་ནས། སློབ་གསོ་སློབ་ཁྲིད་དང་དགེ་སློབ་ཚོའི་བཟའ་བཏུང་དང་ཉལ་ཁང་གི་འགན་སྲུང་གནས་ཚུལ་ལ་རྒྱུས་ལོན་གསལ་པོ་བྱས་པ་དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པར་ཡོང་བའི་ཐེན་ཅིན་གྱི་དགེ་རྒན་དང་མཚོ་སྔོན་ལྷོ་རྒྱུད་ཀྱི་སློབ་གསོར་རོགས་སྐྱོར་བྱེད་པར་ཡོང་བའི་དགེ་རྒན་ཚོར་འཚམས་འདྲི་བྱས་ནས། ཁོ་ཚོའི་བྱ་བ་དང་འཚོ་བའི་གནས་ཚུལ་གསལ་པོར་དྲིས་པར་མ་ཟད། ཁོ་ཚོས་འགན་འཁྲི་ཕྲག་ཏུ་བླངས་ནས། རོགས་སྐྱོར་བྱེད་སའི་སློབ་གསོའི་སྤུས་ཚད་མཐོར་འདེགས་གཏང་རྒྱུའི་སྐུལ་མ་བཏང་བ་རེད།

གློག་ཚོང་ཁེ་ལས་ལ་རྟོག་ཞིབ་བྱས་རྗེས། ལིག་ཐའོ་ཡིས་ནན་གྱིས་བསྟན་དོན། ཞིང་སྡེའི་གློག་ཚོང་འཕེལ་རྒྱས་ཀྱི་ཆོས་ཉིད་གཞིར་བཟུང་ནས། སྐྱེད་སྲིང་དང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏང་བ་དང་། སྤུས་ལེགས་ཐོན་རྫས་བསྡུ་རུབ་བྱེད་པ། མཁོ་འདོན་འགན་སྲུང་ལ་ཤུགས་སྣོན་པ། ཉོ་ཚོང་ཚོང་ར་རྒྱ་བསྐྱེད་དེ། དྲ་ཐོག་དྲ་འོག་ནས་མཉམ་བསྲེས་སྒོས་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏང་བར་སྐུལ་འདེད་གཏང་དགོས་ལ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་གློག་རྡུལ་ཚོང་ལས་རྣམ་གསར་པ་འཚོལ་ཞིབ་བྱེད་པ་དང་། ཐོན་ལས་ཚུལ་བསྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ། ཐོན་སྐྱེད་བྱེད་སྣེ་གཞི་ཁྱོན་ཅན་དུ་བསྒྱུར་བ་དང་སིལ་འཚོང་བྱེད་སྣེ་སྣ་མང་ཅན་དུ་བསྒྱུར་ནས། གློག་རྡུལ་ཚོང་དོན་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བ་དང་། ཧུར་ཐག་གིས་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དང་མང་ཚོགས་ཀྱི་ཐོབ་ཚོར་ཇེ་དྲག་ཏུ་གཏོང་དགོས་ཟེར།