མཚོ་སྔོན་ཞིང་ཆེན་གྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་སྡོམ་ཚོགས་ཆེན་འཚོགས་པ།

རང་རེའི་དྲ་བའི་འཕྲིན། ཟླ1ཚེས10ཉིན་ཞིང་ཆེན་ཡོངས་ཀྱི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་སྡོམ་ཚོགས་ཆེན་ཟི་ལིང་དུ་འཚོགས་ཤིང་། ཞིང་ཨུད་ཀྱི་ཧྲུའུ་ཅི་ཞིང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝང་ཅན་ཅུན་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་སྡོམ་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་རྒྱུན་གཏན་གྱི་ཞིབ་འཇུག་བྱ་གཞི་དང་ཏང་ཡོན་དང་ལས་བྱེད་པ་ཡོངས་ཀྱི་ཚེ་གང་གི་ཞིབ་འཇུག་བྱ་གཞིར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་ཁྲོད་ཆགས་པའི་རིགས་པའི་གཞུང་ལུགས་དང་། ལག་ལེན། ལམ་ལུགས་བཅས་ཀྱི་གྲུབ་འབྲས་ལ་ཕྱོགས་སྡོམ་ནན་ཏན་བྱས་ཏེ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”ལམ་ལུགས་ལག་བསྟར་དང་དོན་འཁྱོལ་ལ་དུས་བསྟུན་བྱ་རྒྱུར་དུས་བསྟུན་གྱིས་སྐུལ་འདེད་གཏོང་དགོས་པའི་ནན་བཤད་བྱེད་དགོས་ཞེས་ནན་བཤད་བྱེད་དགོས་ཞེས་ནན་བཤད་བྱེད་དགོས་ཞེས་ནན་བཤད་བྱེད་དགོས་ཞེས་ནན་བཤད་གནང་བ་གནང་བ་རེད།

ཀྲུང་དབྱང་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་དང་པོའི་ཙུའུ་ཀྲང་ཕུང་ལུས་སྦྱོང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲེང་ཀྲང་ལིའུ་ཉིང་གིས་སྲིད་དོན་གཙོ་སྐྱོང་གནང་བ།

མཐུན་ཚོགས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་དང་ཀྲུང་དབྱང་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་དང་པོའི་ཙུའུ་ཀྲང་གཞོན་པ་ཧྥན་ཞའོ་ཅན་ཚོགས་འདུར་ཕེབས་ཡོད་པ་རེད། ཞིང་ཨུད་ཀྱི་རྒྱུན་ཨུ་དང་། རྩ་འཛུགས་པུའུ་ཀྲང་། ཞིང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་རྒྱུན་ལས་ཙུའུ་ཀྲང་གཞོན་པ་ཝང་ཡུས་ཡན་གྱིས་ཀྲུང་དབྱང་གི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ཕྱོགས་སྡོམ་ཚོགས་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་རེད།

ཝང་ཅན་ཅུན་གྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་ནི་དུས་རབས་གསར་པར་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བའི་ཚན་རིག་དང་མཐུན་པའི་ཕྱོགས་སྟོན་དང་རྩ་བའི་གཞི་འཛིན་ས་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ཐོག་མའི་བསམ་འདུན་མ་བརྗེད་པ་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི་རིགས་པའི་གཞུང་ལུགས་ཀྱི་འབྱུང་རྩ་དང་། ལག་ལེན་གྱི་རྨང་གཞི། དུས་རབས་ཀྱི་ཁྱད་ཆོས་བཅས་ལ་གོ་བ་གཏིང་ཟབ་བླངས་ནས་སློབ་སྦྱོང་དང་། བསམ་བློ། བཀོལ་སྤྱོད་བཅས་འབྲེལ་མཐུད་དང་། ཤེས་རྟོགས་དང་ཡིད་རྟོན་གཅིག་གྱུར་ཡོང་བ་བྱེད་དགོས། ཐོག་མའི་བསམ་འདུན་སྲུང་བ་དང་འགན་འཁྲི་འཁུར་བའི་ངོ་བོ་ནི་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་གྲུབ་འབྲས་གསར་ཤོས་ལ་བརྟེན་ནས་བསམ་བློ་གཅིག་གྱུར་བྱེད་པར་ཁྲིད་སྟོན་བྱེད་པ། དོན་སྙིང་ནི“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ་དང་། ལངས་ཕྱོགས་ནི་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཡིན་པ། ཐབས་ལམ་ནི་དུས་རབས་གསར་པ་དང་འགན་འཁྲི་གསར་པ་འཁུར་བ་དང་བྱས་རྗེས་གསར་པ་འཇོག་པ། མཚོན་རྟགས་ནི་རང་ངོས་གསར་བརྗེའི་སྙིང་སྟོབས་དར་སྤེལ་གཏོང་བ། འགག་རྩ་ནི་འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་རྒྱུ་མཐའ་འཁྱོངས་བྱེད་པ། དུས་བསྟུན་མདུན་སྐྱོད་ཀྱིས་ལམ་ལུགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་ཡིན་པ་བཅས་ལ་གོ་བ་གཏིང་ཟབ་ལེན་དགོས།

ཝང་ཅན་ཅུན་གྱིས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་གཞིར་བཟུང་ཞིང་ཆེན་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་གཙོ་རྐང་དང་རྩ་བའི་ལས་འགན་ལ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཡོད། “སློབ་སྦྱོང་བཞི་”དང་“མདུན་དུ་སྐྱོད་པ་བཞི་”དང་། “གཤིབ་བསྡུར་བཞི་”དང་། “མདོ་འདུ་བཞི་”ལ་བརྟེན་ནས་སློབ་སྦྱོང་སློབ་གསོ་དང་། བརྟག་དཔྱད་ཞིབ་འཇུགགནད་དོན་ལ་ཞིབ་དཔྱད། དག་ཐེར་དོན་འཁྱོལ་བཅས་གཅིག་འདོམས་བྱས་པས། རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་གྲུབ་འབྲས་གསར་པ་ཐོབ་པ་དང་། བསམ་བློ་དང་ཆབ་སྲིད་ལ་ཉམས་སད་ཐེབས་པར་ཤུགས་སྣོན་གསར་པ་ཐེབས་པ། ལས་སྒྲུབ་ལས་སྐྲུན་གྱིས་འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་གསར་པ་འཇོག་ཕོད་པ། དམངས་ལ་ཞབས་འདེགས་ཞུས་ནས་དཀའ་གནད་སེལ་རྒྱུར་ཕན་འབྲས་གསར་པ་ཐོབ་པ་དང་། གཞུང་དྲང་སྤྱོད་གཙང་གིས་མིག་དཔེ་སྟོན་ནས་གཟུགས་བརྙན་གསར་པ་བཏོད་པ། བརྗོད་དོན་གཙོ་བོའི་སློབ་གསོའི་ལས་འགན་ཁག་སྤུས་ཚད་མཐོ་པོས་ལེགས་སྒྲུབ་བཅས་བྱས་པར་གྲུབ་འབྲས་གལ་ཆེན་ཐོབ་ཡོད། ཀྲུང་དབྱང་གི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་དང་པོ་དང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་མཛུབ་ཁྲིད་ཞིབ་ཚགས་དང་ལྟ་སྐུལ་མཛུབ་ཁྲིད་ནན་པོ་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་སྤུས་ཚད་མཐོ་བའི་འགན་ལེན་བྱ་ཆེད་རྒྱབ་སྐྱོར་ནུས་ལྡན་དང་འགན་ལེན་བརྟན་པོ་བྱས་ཡོད།

ཝང་ཅན་ཅུན་གྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་བླང་བྱ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས“རྒྱུན་གཏན་གྱི་ཞིབ་འཇུག་བྱ་གཞི”དང“ཚེ་གང་ཞིབ་འཇུག་བྱ་གཞིའི”ལམ་ལུགས་འཛུགས་སྐྱོང་ལ་ལན་གསར་པ་འདེབས་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱ་རྒྱུ་དེ་རྩ་བའི་ལས་འགན་དུ་བརྩི་དགོས། བརྗོད་དོན་གཙོ་བོའི་སློབ་གསོའི་ཁྲོད་སྤྱོད་གོ་ཆོད་པའི་སློབ་སྦྱོང་བྱེད་ཐབས་དེ་ལམ་ལུགས་སུ་རིམ་སྤོར་བྱས་ནས་ལམ་ལུགས་ལ་བརྟེན་ནས་ཏང་ཡོན་ལས་བྱེད་པའི་རྒྱུན་གཏན་ཅན་གྱི་སློབ་སྦྱོང་དང་མི་རིགས་ཁག་གི་མང་ཚོགས་ཀྱི་ཁྱབ་གདལ་རང་བཞིན་གྱི་སློབ་སྦྱོང་ལ་སྐུལ་འདེད་བཏང་སྟེ་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་འབད་འཐབ་ཀྱི་བསམ་བློའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་ཡོད། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱ་རྒྱུ་དེ་རྩ་བའི་གཞི་འཛིན་སར་བྱེད་དགོས། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཐབས་ཇུས་བཅས་ལག་བསྟར་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་དོན་འཁྱོལ་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་སྐུལ་འདེད་བཏང་ནས་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་ཏང་ཡོན་ལས་བྱེད་པའི་ལྷག་བསམ་རྣམ་དག་དང་སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་ཆབ་སྲིད་གཤིས་རྒྱུད་དེ་རྩ་བའི་བླང་བྱར་བརྩི་དགོས། ཏང་ཡོན་ལས་བྱེད་པའི་བསམ་བློ་སྦྱོང་བརྡར་དང་། ཆབ་སྲིད་སྦྱོང་བརྡར། ལག་ལེན་སྦྱོང་བརྡར། ཆེད་ལས་སྦྱོང་བརྡར་སོགས་ཀྱི་ལམ་ལུགས་ཁག་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། ལམ་ལུགས་ཀྱིས་ཏང་ཡོན་ལས་བྱེད་པས་འགན་འཁུར་ཕོད་པ་དང་། འགན་འཁུར་ཕོད་པ། བྱ་བ་སྒྲུབ་མཁས་པ་བཅས་ཚད་ལྡན་དུ་གཏོང་བ་དང་ཁྲིད་སྟོན་བྱེད་དགོས། དུས་རབས་ཀྱི་འཕེལ་ཕྱོགས་དང་མཐུན་པ། འཕེལ་རྒྱས་ཀྱི་ཆོས་ཉིད་དང་མཐུན་པ། མི་དམངས་ཀྱི་སྙིང་ཐག་པ་ནས་བརྩི་བཀུར་ཐོབ་པ་བཅས་རྩ་བའི་ཚད་གཞིར་འཛིན་དགོས། ཏང་ཡོན་ལས་བྱེད་པས་མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱེད་པའི་ལམ་ལུགས་ཁག་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། དྲ་སྦྲེལ་དུས་རབས་ཀྱི་མང་ཚོགས་ལས་ཀའི་ལམ་སྲོལ་གསར་གཏོད་བྱས་ནས་མི་རིགས་ཁག་གི་མང་ཚོགས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ལ་དོ་དམ་དང་ཏང་ནན་སྐྱོང་དང་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་གཟབ་ནན་དུ་གཏོང་རྒྱུ་དེ་རྩ་བའི་དམིགས་འབེན་དུ་འཛིན་དགོས། ལམ་ལུགས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་ཉམས་མྱོང་གལ་ཆེན་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འགན་འཁྲིའི་ལམ་ལུགས་འཐུས་ཚང་དང་དོན་འཁྱོལ་བྱེད་པ། དབང་གྲགས་ནུས་ཆེའི་ལམ་ལུགས་ལག་བསྟར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་རང་ངོས་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

ཧྥེང་ཅན་ཕིང་གིས་མཚོ་སྔོན་ཞིང་ཨུད་ཀྱི་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་བ་དང་བསམ་བློའི་ངོས་འཛིན་དོན་ཐོག་ཏུ་འཁྱོལ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་ཕྱོགས་ཡོངས་ནས་དམིགས་ཚད་དང་རེའུ་མིག“དམིགས་སར་སླེབས་བཞི”བསྡུར་བ་དང་། “སློབ་སྦྱོང་བཞི་”དང་“མདུན་དུ་སྐྱོད་པ་བཞི་”དང་། “གཤིབ་བསྡུར་བཞི་”“མདོ་འདུ་བཞི་”བཅས་ཀྱིས་སློབ་སྦྱོང་དང་སློབ་གསོ་དང་། བརྟག་དཔྱད་ཞིབ་འཇུགགནད་དོན་ལ་ཞིབ་ལྟ། དག་ཐེར་ཡོ་བསྲང་དོན་འཁྱོལ་བཅས་བྱེད་ཐབས་གཙོ་བོ་བཞི་རྒྱུན་འཁྱོངས་བྱས་ཏེ། འགོ་ཁྲིད་ལ་ཤུགས་སྣོན་དང་། སྒྲིག་འཛུགས་ཞིབ་ཚགས། སྐུལ་འདེད་ཏན་ཏིག་བཅས་བྱས། བརྗོད་དོན་གཙོ་བོའི་སློབ་གསོ་ཧྲིལ་པོར་བརྗོད་དོན་གཙོ་བོ་དང་གཙོ་རྐང་ལ་དམིགས་པ་དང་། སྒྲིག་འཛུགས་དང་འགོ་ཁྲིད་ནུས་ལྡན་བྱེད་པ། “མཐོང་ཆེན་བཞི”མཐའ་འཁྱོངས་བྱེད་པ། དག་ཐེར་དོན་འཁྱོལ་ལ་དམ་འཛིན་བྱེད་པ་བཅས་ཀྱི་མངོན་གསལ་དོད་པའི་ཁྱད་ཆོས་མངོན་ནས་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ཁོང་གིས་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”ལམ་ལུགས་བཙུགས་ནས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་རྒྱུན་གཏན་གྱི་ཞིབ་འཇུག་བྱ་གཞི་དང་ཏང་ཡོན་ལས་བྱེད་པའི་ཚེ་གང་གི་ཞིབ་འཇུག་བྱ་གཞི་རྟག་ཏུ་དམ་འཛིན་བྱེད་དགོས། རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱས་ནས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བསམ་བློའི་རྨང་གཞི་བརྟན་དུ་གཏོང་དགོས། རང་རྟོགས་ངང་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་ཐུབ་པ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད། ས་ཁུལ་དེ་ག་དང་ཁྱབ་ཁོངས་དེ་གའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་བྱས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས། ཏང་གི་རང་ངོས་གསར་བརྗེའི་ཕུན་སུམ་ཚོགས་པའི་གྲུབ་འབྲས་བེད་སྤྱོད་གང་ལེགས་བྱས་ཏེ་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་ཀྱིས་དུས་རྒྱུན་དུ་ཐོག་མའི་བསམ་འདུན་གྱི་འགན་འཁྲི་དང་འགལ་བའི་གནད་དོན་ལ་ཞིབ་ལྟ་དང་ཐག་གཅོད་བྱེད་དགོས། དག་ཐེར་དོན་འཁྱོལ་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོའི་ནང་གཏན་འཁེལ་བྱས་པའི་དག་ཐེར་ལས་འགན་དང་ལྷག་པར་དུ་ཆེད་དོན་བཅོས་སྒྲིག་ལས་དོན་དོན་ཐོག་ཏུ་འཁྱོལ་རྒྱུའི་འགན་ལེན་བྱེད་དགོས། བརྗོད་བྱ་གཙོ་བོའི་སློབ་གསོའི་ཁྲོད་ཆགས་པའི་ཉམས་མྱོང་དང་བྱ་ཐབས་ནུས་ལྡན་དུས་ཐོག་ཏུ་ཕྱོགས་སྡོམ་དང་གདམ་གསེས་བྱས་ནས་ཕུགས་ཕན་འཕྲུལ་ཆས་འཛུགས་རྒྱུར་ཞིབ་འཇུག་བྱེད་དགོས་པ་བསྟན་པ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།