ཟི་ལིང་གིས་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་པའི་གནད་དོན་ཐག་གཅོད་བྱས་པ།

རང་རེའི་དྲ་བའི་འཕྲིན། ས་སྙིགས་སྐྱེལ་འདྲེན་རླངས་འཁོར་གྱི་མྱུར་ཚད་དང་ཐེག་ཚད་ལས་བརྒལ་བ་སོགས་ཀྱི་གནད་དོན་ཡོད་པའི་གྲོང་མིའི“ཞུ་གཏུག་གཅིག་ཀྱང་མེད་པ”དང་། གྲོང་ཁུལ་གཙོ་བོའི་ཁྲིམས་འགལ་གྱི་བརྡ་ཁྱབ་ཆུང་གྲས“མིག་གཅལ”གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་བ། སྔ་རྗེས་སུ་མི་58ཁྲོམ་སྒྲོལ་གྱི་སྒྲིག་བཀོད་བསྐྲུན་ཟིན་པ་བཅས་རེད། མཁའ་ཟམ་30ལ་ནུས་རྒྱུ་གྲོན་ཆུང་གི་གློག་སྐས་58བརྒྱབ་པ་སོགས་ཁག་གཉིས་པའི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། རང་རེའི་གྲོང་ཁྱེར་གྱི་ཚན་པ་ཁག་གིས་བསམ་བློ་ལྷོད་གཡེང་མི་གཏོང་བ་དང་། ཚད་གཞི་དམའ་རུ་མི་གཏོང་བ། ཤུགས་ཚད་ཆུང་དུ་མི་གཏོང་བ་བཅས་མཐའ་འཁྱོངས་བྱས་ནས་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་ལ་མུ་མཐུད་དམ་འཛིན་ཡག་པོ་དང་བྱེད་པོའི་འགན་འཁྲི་དོན་འཁྱོལ་ཡག་པོ་བྱས་ཡོད། གོང་འོག་མཉམ་འགུལ་གྱིས་ཆེད་དོན་བཅོས་སྒྲིག་དང་གནད་དོན་བཅོས་སྒྲིག་ལ་སྐུལ་འདེད་བཏང་སྟེ་བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་དེ་འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་པ་དང་རང་འགན་གཙང་སྒྲུབ་ཀྱི་བྱ་སྤྱོད་ངོ་མའི་ཐོག་དོན་འཁྱོལ་བྱས་པས་མང་ཚོགས་ཀྱི་སེམས་ཁྲལ་ཆེ་ཤོས་དང་རེ་སྒུག་ཆེ་ཤོས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་འབོར་ཆེན་ཞིག་ཐག་གཅོད་ཐུབ་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོར་འགྱུར་ལྡོག་གསར་པ་དང་ཕན་འབྲས་གསར་པ་དངོས་འབྲེལ་ཚོར་ཐུབ་པ་བྱུང་ཡོད།

གྲོང་ཁྱེར་གྲོང་ཁྱེར་དོ་དམ་ཅུས་ཀྱིས་མང་ཚོགས་ཀྱི་སེམས་ཁྲལ་ཆེ་ཤོས་ཀྱི་གནད་དོན་ལ་དམ་པོར་དམིགས་ཏེ་དག་ཐེར་བྱ་རྒྱུར་དམ་འཛིན་བྱེད་དགོས། མང་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་པའི་ས་སྙིགས་སྐྱེལ་འདྲེན་རླངས་འཁོར་གྱི་མྱུར་ཚད་དང་ཐེག་ཚད་ལས་བརྒལ་བ་སོགས་ཀྱི་གནད་དོན་ལ་དམིགས་ནས“མིང་ཐོ་ནག་པོ”བཅོས་སྒྲིག་དང་། སྐོང་འདྲི་དང་འགན་འཁྲི་བདའ་འདེད། གནད་དོན“མངག་བཀོད་མངག་ཐོའི་ཐོ་ཡིག”ཁེ་ལས་ཀྱི་འོས་བབ་ཞིབ་བཤེར་དཔྱད་དཔོག་སོགས་ཀྱི་ལམ་སྲོལ་བཙུགས་པ་བརྒྱུད་ས་སྙིགས་རླངས་འཁོར་བཅོས་སྒྲིག་གི་དམ་བསྒྲགས་རྣམ་པ་མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད། མིག་སྔའི་བར་ས་སྙིགས་རླངས་འཁོར་ཁྲི་4.9ལྷག་ཙམ་ལ་ཞིབ་བཤེར་བྱས་པ་དང་སྒྲིག་འགལ་ཁེ་ལས(རླངས་འཁོར)2600ལྷག་ཙམ་ལ་ཆད་པ་བཅད་ནས་གྲོང་མིར“ཞུ་གཏུག་གཅིག་ཀྱང་མི་བྱ་རྒྱུ”མངོན་འགྱུར་བྱུང་ཡོད། གྲོང་མིས་ཉེ་བའི་ལོ་ཤས་རིང་གྲོང་ཁྱེར་གྱི་སྒྲིག་འགལ་བརྡ་ཁྱབ་བཀོད་སྒྲིག་གོ་རིམ་མེད་པའི་གནད་དོན་ཐེར་འདོན་བྱས་པར་དམིགས་ཏེ་སྒྲིག་འགལ་ངང་བཙུགས་པའི་ཕྱི་རོལ་བརྡ་ཁྱབ་ལ་གཅིག་སྡུད་ཐོག་གཙང་བཤེར་བཅོས་སྒྲིག་བྱས་པ་དང་། ཁྲིམས་འགལ་སྒྲིག་འགལ་ངང་ཕྱི་རོལ་བརྡ་ཁྱབ་སྨི་ངོས་གྲུ་ཁྲི་7.4བཀོད་སྒྲིག་བྱས་པ་དང་། སྒོ་སྒོ་ཁྲི་14གཙང་བཤེར་བཅོས་སྒྲིག་བྱས་པ། ཁྲིམས་འགལ་གྱི་བརྡ་ཁྱབ་ཆུང་རིགས་ལ་རྡུང་རྡེག་ཚ་ནན་བཏང་བ། གྲོང་ཁྱེར་དོ་དམ་གྱི་ཁོར་ཡུག་གཙང་སྦྲའི་ལམ་སྲོལ་བཙུགས་པ་བཅས་ཀྱི་ཐོག་ནས་གྲོང་ཁུལ་གཙོ་བོའི“གཙང་སྦྲ”གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་ཡོད་པ་རེད། མང་ཚོགས་ཀྱིས་མཚན་མོ་གསང་སྤྱོད་རྒྱག་པའི་གནད་དོན་ལ་དམིགས་ཏེ་ཐད་ཀར་དོ་དམ་བྱེད་པའི་སྤྱི་པའི་གསང་སྤྱོད་ལ་རྒྱུན་གཏན་དང་ནར་འགྱངས་ཀྱི་རིགས་དབྱེའི་སྒོ་དབྱེའི་དོ་དམ་བྱ་རྒྱུ་དང་། མི་རྒྱུན་གཅིག་སྡུད་ས་ཁོངས་དང་འགྲིམ་འགྲུལ་གྱི་འགག་གནད་དུ་ཆུ་ཚོད་24རིང་སྤྱི་པའི་གསང་སྤྱོད་53སྒོ་དབྱེ་རྒྱུའི་གཏན་འཁེལ་བྱ་རྒྱུ། གཙོ་གནད་ཚོང་ལས་འཁྲུག་ཆ་དོད་པའི་ས་ཁོངས་སུ་ནར་འགྱངས་དུས་ཚོད་ནས་ཐོ་རེངས་ཆུ་ཚོད་12བར་གྱི་སྤྱི་པའི་གསང་སྤྱོད་25གཏན་འཁེལ་བྱས་པས་གྲོང་མི་མང་ཚོགས་ཀྱི་མཚན་མོའི་སྟབས་བདེའི་དགོས་མཁོ་སྐོང་ཐུབ་ཡོད། མང་ཚོགས་ཀྱིས་ཚད་ལྡན་མིན་པའི་ཁྱི་གསོ་བ་དང་། ཁ་ལུད་གང་སར་འཕེན་པ། ཐ་མག་གང་བྱུང་དུ་འཕེན་པ་སོགས་ཚུལ་མིན་བྱེད་སྤྱོད་ལ་ཞུ་གཏུག་གཅིག་སྡུད་བྱས་པར་དམིགས་ནས“དོ་དམ་ནན་པོ་དང་ཆད་གཅོད་ནན་པོ་བྱེད་པའི་དཔེ་སྟོན་ཁྲོམ་གཞུང”གཏོད་པ་དང་རྒྱུན་གཏན་གྱི་ལྟ་ཞིབ་དཔྱད་ཞིབ་ལ་ཤུགས་སྣོན་བརྒྱབ་པ་བརྒྱུད་ལས་ཀའི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ཞིང་། ན་ནིང་ཟླ་9པ་ནས་བཟུང་ཚུལ་མིན་བྱེད་སྤྱོད་སྣ་ཚོགས་ཁྲི་5.6ལ་ཆད་པ་བཅད་ཡོད།

གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱིས་དམངས་འཚོའི་རེ་སྒུག་ལ་དམིགས་ནས་དག་ཐེར་བྱ་རྒྱུར་དམ་འཛིན་བྱེད་དགོས། བརྒྱད་གཅིག་ལམ་གྱི་ཕྱོགས་བསྡུས་རིམ་སྤོར་སྒྱུར་བཀོད་ལས་གྲྭའི་སྤྱི་ལེ་2ཙམ་ལ་རླངས་འཁོར་ཤར་གཏོང་ཐུབ་ནས་གྲོང་ཁྱེར་གྱི་སྤྱི་ཡོངས་ཀྱི་གཟུགས་བརྙན་ལེགས་སུ་ཕྱིན་ནས་མང་ཚོགས་ཀྱི་འགྲིམ་འགྲུལ་ཕྱིར་སྐྱོད་ཆ་རྐྱེན་སྔར་བས་ལེགས་སུ་ཕྱིན་ཡོད་པ་རེད། ཤིས་ཀོན་ཟམ་པ་ཉིན་10ཡི་སྔ་སྣུར་དུ་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དེས་འགྲིམ་འགྲུལ་གྱི་གནོན་ཤུགས་ཞི་ལྷོད་དུ་གཏོང་བ་དང་། གྲོང་ཁྱེར་གྱི་ལམ་དྲའི་བཀོད་པ་འཐུས་སྒོ་ཚང་དུ་གཏོང་བ། གྲོང་ཁྱེར་གྱི་འགྲོ་ལམ་ཤར་གཏོང་ཐུབ་ཚད་མཐོ་རུ་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། རྒྱལ་སྟོན་གུང་གསེང་རིང་ལས་དུས་འཕར་མ་བྱས་ཏེ་ཁུ་ནུ་ལམ་དང་མིང་ཤིང་ལམ་སོགས་གྲོང་སྲིད་འགྲོ་ལམ་གྱི་རླངས་འཁོར་འགྲོ་ལམ་དང་། མི་བགྲོད་ལམ་ལ་གཏོར་སྐྱོན་ཕོག་པའི་ནད་སྐྱོན། གྲོང་ཁྱེར་གྱི་གློག་སྒྲོན་སྒྲིག་བཀོད་སོགས་ལ་དུས་ཐོག་ཏུ་ཉམས་བཟོ་བྱས་པ་རེད། “གཤམ་སྤྲོད་དང་། དོ་དམ། ཞབས་ཞུ་”བཅས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ལས་གྲྭ་འཛུགས་སྐྲུན་རྣམ་གྲངས་ལ་ཞིབ་མཆན་འགོད་པའི་ལམ་ལུགས་སྒྱུར་བཅོས་ཁྱོན་ཡོངས་ནས་སྤེལ་བ། མེ་གསོད་མེ་འགོག་ཇུས་འགོད་ཞིབ་བཤེར་རྩིས་ལེན་གྱི་འགན་འཁྲི་རྩིས་སྤྲོད་དང་འབྲེལ་མཐུད་ལས་དོན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ནས་དམངས་བདེ་དང་དམངས་ཕན་ཞབས་ཞུའི་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས། གྲོང་ཁྱེར་དབུས་ཁུལ་གྱི་ཐོན་སྐྱེད་ཁྲོམ་གཞུང་ཨང་22པའི་དུས་རབས་ཐོག་བརྩེགས་ཁང་ཆེན་གྱི་ཁྲོ་ཐབ་ཁང་པའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དང་ཧའེ་ཧུའུ་ཁུལ་གསར་གྱི་ཁུལ་ཆུང་13གྱི་དུད་ཚང་ཁྲི་1ལྷག་ཙམ་གྱི་དྲོད་ལེན་གནད་དོན་ཐག་གཅོད་ཏན་ཏིག་བྱས་པ་རེད། སྔ་རྗེས་སུ་མི་སྐྱོད་ཁྲོམ་གཞུང་གི་སྒྲིག་བཀོད་58བསྐྲུན་པ་དང་། གནམ་ཟམ་30ལ་ནུས་རྒྱུ་གྲོན་ཆུང་གི་གློག་སྐས་58བརྒྱབ་ཡོད་པ་རེད། ལེགས་གྲུབ་ཟིན་པའི་རེབ་གོང་ལམ་ཡུར་ཅན་དང་མི་དམངས་སྤྱི་གླིང་གི་ས་འོག་བགྲོད་ལམ་ལས་གྲྭ་སོགས་རྣམ་གྲངས་9ལ་དུས་ཚོད་ཀྱི་མཚམས་ཚིགས་གཞིར་བཟུང་རེ་རེ་བཞིན་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་བྱས་ཏེ་དུས་མཇུག་གི་རྣམ་གྲངས་ཁག་རྩིས་སྤྲོད་ལས་དོན་ལ་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།

གྲོང་ཁྱེར་གྱི་གྲངས་གཞི་ཆེ་མོའི་ཞབས་ཞུ་དོ་དམ་ཅུས་ཀྱིས་མང་ཚོགས་ཀྱི་དགོས་མཁོ་ཆེ་ཤོས་དང་། སེམས་ཁྲལ་ཆེ་ཤོས། རེ་སྒུག་ཆེ་ཤོས་བཅས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་སྣང་ཆེན་བྱས་ཏེ“དྲ་སྦྲེལ+སྲིད་དོན་ཞབས་ཞུའི”རྣམ་གྲངས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། གྲོང་ཁྱེར་རིམ་པའི་ལས་སྟེགས་བཀོད་སྒྲིག་ལེགས་གྲུབ་བྱུང་བ། དྲ་ཐོག་རེ་ཞུ་དང་། དྲ་ཐོག་སྒྲུབ་གཉེར། ལན་སྤྲོད་སོགས་ཀྱི་ལས་སྒོའི་བརྒྱུད་རིམ་ཧྲིལ་པོའི་བདག་སྤྲོད་ཆ་རྐྱེན་རགས་ཙམ་ལྡན་ཡོད་པ་རེད། “རིམ་བཞི་མཉམ་བཞིའི”བླང་བྱ་གཞིར་བཟུང་གྲོང་ཁྱེར་ཡོངས་ཀྱི་སྲིད་དོན་ཞབས་ཞུའི་དོན་ཚན་ལག་བསྟར་གསལ་ཐོ་ཁྲི་1.9ལྷག་ཙམ་ཕབ་འཇུག་བྱས་པ་དང་། སྲིད་དོན་ཞབས་ཞུའི་ནུས་པ་ཕྱོགས་གསུམ་པའི་ཚོད་སྐོར་བླང་བྱ་གཞིར་བཟུང་རེ་ཞུའི་དོན་ཚན་615དྲ་ཐོག་བཀོད་སྒྲིག་ལས་དོན་ལེགས་སྒྲུབ་བྱས་ནས་སྲིད་འཛིན་ཆོག་འཐུས་དོན་ཚན་དྲ་གཉེར་བྱེད་ཚད་79%ཟིན་པ་དང་། འཕྲལ་དུ་སྒྲུབ་པའི་དོན་ཚན་132དང་འགུལ་ཚད་མཐོ་བའི་དོན་ཚན་106གསེད་དཀྲོལ་བྱས་ནས“ཆ་འཕྲིན་མང་དུ་གཏོང་བ་དང་མང་ཚོགས་ཉུང་དུ་གཏོང་བའི”འབད་བརྩོན་བྱས་ཡོད།

གྲོང་ཁྱེར་རང་བྱུང་ཐོན་ཁུངས་དང་འཆར་འགོད་ཅུས་ཏང་ཙུའུ་ཡིས“སྒྱུར་བཅོས”ཐོག་མཐའ་བར་གསུམ་དུ་ཁྱབ་པ་དང་འབྲེལ་བརྟག་དཔྱད་ཞིབ་འཇུག་དང་གནད་དོན་ལ་ཞིབ་ལྟ་དང་ཟུང་འབྲེལ་དང་འབྲེལ་མཐུད་བྱས་ཏེ་གཏན་འཇགས་རྒྱུ་ནོར་ཐོ་འགོད་ཀྱི་དམངས་ཕན་ཞབས་ཞུར་མུ་མཐུད་སྐུལ་འདེད་བཏང་བ་རེད། “ནུས་ཆེའི་1113”ཞབས་ཞུའི་སྤུས་རྟགས་ཧུར་ཐག་བཏོད་པ་དང་། གྲོང་ཁྱེར་རིམ་པའི་གཏན་འཇགས་རྒྱུ་ནོར་ཐོ་འགོད་ཆ་འཕྲིན་དོ་དམ་གྱི་རྨང་གཞིའི་ལས་སྟེགས་བསྐྲུན་པ། “དྲ་སྦྲེལ་+གཏན་འཇགས་རྒྱུ་ནོར་ཐོ་འགོད་ཆ་འཕྲིན”ཞབས་ཞུའི་ལས་སྟེགས་བསྐྲུན་པ། དྲ་ཐོག་རེ་ཞུ་དང་། དྲ་ཐོག་སྔོན་མངགས། དྲ་ཐོག་ཚོད་ལྟས་ར་སྤྲོད་བཅས་བྱས་པ། མྱུར་ཚད་འདྲི་རྩད་སོགས་དྲ་སྦྲེལ་ཞབས་ཞུ་མངོན་འགྱུར་བྱུང་ནས་ཞབས་ཞུའི་ཆུ་ཚད་དང་ལས་ཕྱོད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད། ས་ཁང་བདག་ཁོངས་གསར་སྤེལ་རྣམ་གྲངས་ཀྱི་ཤུལ་ལུས་གནད་དོན་ལ་དམིགས་ཏེ། རིགས་དབྱེ་དབྱེ་འབྱེད་ཀྱིས་བྱེ་བྲག་གི་བྱེད་ཐབས་ཞིབ་འཇུག་བྱས་ཏེ། གཏན་འཇགས་རྒྱུ་ནོར་ཐོ་འགོད་ཀྱི་འགལ་བ་སེལ་པ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།