“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་སློབ་གསོ་མང་ཚོགས་དང་འབྲེལ་འདྲིས་ཐུབ་པ་བྱས་པ།

རང་རེའི་དྲ་བའི་འཕྲིན། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཁྲོད་ཚྭ་འདམ་ཆེ་གྲས་ཀྱིས་རྩིས་ཐོ་གསལ་སྟོན་དང་། ཕན་འབྲས་མངོན་པ། རེ་སྒུག་ལ་གདེང་འཇོག་བཅས་བྱས་པ་བརྒྱུད་གཞི་རིམ་ཏང་རྩ་འཛུགས་ཀྱི་རྩ་འཛུགས་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་ནས་རྒྱ་ཆེའི་མང་ཚོགས་ཚོས་བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་དང་འགྱུར་ལྡོག་ཏན་ཏིག་ཚོར་ཐུབ་པ་བྱས་ཡོད།

གསལ་ཐོ་དང་འགན་འཁྲི་གསལ་སྟོན། ཆེད་མངགས་ལས་དོན་མི་སྣ་མངགས་ནས་ཁོངས་གཏོགས་ཁུལ་གྱི་ཏང་ཀྲི་པུའུ་ཁག་གིས་སློབ་སྦྱོང་སློབ་གསོ་དང་། དག་ཐེར་ལ་ཞིབ་དཔྱད། འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་ལས་ཀའི་བཀྲག་མདངས་འཚེར་ས་འདོན་རྒྱུར་ཁྲིད་སྟོན་བྱེད་པ་དང་། ཏང་ཡོན་གྱིས་རང་འཁྲིའི་ལས་འགན་ལ་གཞི་ཚུགས་པ་དང་ཁས་ལེན་ལ་བརྟེན་ནས་ཁོང་ཚོར“གསལ་པོ་ཡོང་བ”དང“གསལ་པོ་ཡོང་བ”བྱེད་པར་ཁྲིད་སྟོན་བྱེད་པ། ཡོངས་བསྒྲགས་ཁས་ལེན་གྱི་རྩིས་ཁྲ་བཟོས་ནས་ཏང་ཀྲི་པུའུ་ཚན་ཁག་གི་ཁོངས་མིས“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”སྤྱད་དེ་གར་སྟེགས་ཐོག་བསྐྱོད་དེ་འཆར་གཞི་དང་། དམིགས་ཚད། ཁས་ལེན་བཅས་བྱེད་དགོས་པའི་བླང་བྱ་བཏོན་པ། ཏང་ཡོན་སྒྲིག་འཛུགས་བྱས་ནས་ཁས་ལེན་ཡི་གེ་བྲིས་ཏེ་ཏང་ཡོན་གྱིས་ཡོངས་བསྒྲགས་སྦྱར་ཡིག་དང་ཡོངས་བསྒྲགས་གྱང་ངོས་སུ་སྦྱར་ཏེ་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱ་རྒྱུའི་ཁས་ལེན་བྱས་པ། འགོ་ཁྲིད་ཚན་ཁག་གིས་འཕྲལ་མར་ཏང་ཡོན་དཀྱུས་མའི་ཐོབ་ཐང་ཐོག་ནས་ཁས་ལེན་བྱས་པ་དང་མང་ཚོགས་ཀྱི་བདེ་ཐང་འཚོ་བའི་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས།

ཕན་འབྲས་ཐོན་པ་དང་འགན་འཁུར་ཕོད་པ་བྱེད་དགོས། དུས་ཐོག་ཏུ་དོན་འཁྱོལ་དང་དུས་ཐོག་ཏུ་དག་ཐེར་ཡོ་བསྲང་བྱེད་ཐུབ་པའི་ཁས་ལེན་དོན་ཚན་ལ་ཏང་ཡོན་གྱིས་འཕྲལ་མ་ཉིད་དུ་ལེགས་སྒྲུབ་བྱས་ཚུལ་ཏང་ཀྲི་པུའུ་ལ་སྙན་སེང་ཞུ་དགོས་པ་དང་། ཏང་ཀྲི་པུའུ་ཡིས་ཡོངས་བསྒྲགས་སྒྲོམ་སྟེགས་བརྒྱུད་དེ་འཕྲལ་དུ་ཉི་མར་ལྡེ་དགོས། གནས་སྐབས་དོན་འཁྱོལ་བྱས་མེད་པའམ་ཡང་ན་སྐབས་ཤིག་རིང་དོན་འཁྱོལ་བྱེད་དཀའ་བའི་ཁས་ལེན་དོན་ཚན་གཞི་རིམ་ཏང་ཨུད་ཏང་ཙུའུ་ཚན་པར་བྱས་ཏེ་དུས་ཐོག་ཏུ་རྗེས་འདེད་བཀོད་གཏོང་ལ་ཤུགས་སྣོན་རྒྱག་པ་དང་། ཨང་རྟགས་སུབ་ནས་ཞིབ་བཤེར་རྩིས་ལེན་དོ་དམ་བྱེད་པ། མྱུར་ཚད་རྗེས་ལུས་ཡིན་པའི་བརྡ་ཁྱབ་གཏོང་བའི་ལམ་ལུགས་འཛུགས་པ་བཅས་བྱས་ཏེ་ལས་འགན་ཁག་གི་བླང་བྱ་དོན་ཐོག་ཏུ་འཁྱོལ་རྒྱུ་འགན་ལེན་བྱེད་དགོས་པ། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རིང་ཐོན་པའི་སྔོན་ཐོན་དཔེ་མཚོན་གྱི་བྱས་རྗེས་དང་དེ་བཞིན་ཉམས་མྱོང་ཡག་པོ་དང་བྱ་ཐབས་ཡག་པོ་དུས་ཐོག་ཏུ་གསེད་བཀྲོལ་དང་ཕྱོགས་སྡོམ་བྱས་ནས་དོན་འཁྱོལ་ལ་དམ་འཛིན་དང་སྔོན་ཐོན་བརྩོན་ལེན་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱེད་དགོས།

“དཔྱད་འཇོག་”བྱས་ནས་སྤྱོད་ཚུལ་དང་རེ་སྒུག་བྱུང་བ་རེད། ལྗང་མདོག་སྐར་ཁུང་བཙུགས་ནས་དཔྱད་མོལ་ཐད་སྦྲེལ་ཁ་པར་དང་བསམ་འཆར་སྒམ་བཙུགས་ཏེ་ཏང་ཡོན་དང་མང་ཚོགས་ལ་གཞི་རིམ་ཏང་ཀྲི་པུའུ་དང་ཏང་ཡོན་གྱིས་ཁས་ལེན་ལག་བསྟར་བྱས་ཚུལ་ལ་དམིགས་ཏེ་མང་ཚོགས་ཀྱི་མྱོང་ཚོར་ངོ་མ་དང་ཏང་ཡོན་ལས་བྱེད་པའི་མཚོན་ཚུལ་ངོ་མ་ཁོང་དུ་ཆུད་པ་བྱེད་དགོས་པའི་ལྕག་སྐུལ་བྱས་པ། རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་དང་ཏང་ཡོན་ལ་དམངས་གཙོའི་དཔྱད་མོལ་བྱེད་པ་དང་ཟུང་འབྲེལ་བྱས་ཏེ་ཁས་ལེན་ལག་བསྟར་དང་། གནད་དོན་དག་ཐེར། ནུས་པ་འདོན་སྤེལ་སོགས་ཀྱི་གནས་ཚུལ་དཔྱད་མོལ་གྱི་དམིགས་ཚད་གལ་ཆེན་དུ་བརྩིས་ནས“མང་ཚོགས་ཀྱི་འཐུས་མིས་དཔྱད་བསྡུར། ཏང་ཡོན་གྱི་དམངས་གཙོའི་དཔྱད་བསྡུར། ཏང་རྩ་འཛུགས་ཀྱིས་དཔྱད་དཔོག”བཅས་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཕྱི་རོལ་ཡུལ་གྱི་དཔྱད་འདེམས་བསམ་འཆར་ཕྱོགས་བསྡུས་ངང་ཆགས་པ་བྱེད་དགོས། དཔྱད་བསྡུར་གཏན་འབེབས་བྱས་འབྲས་དེ་གཞི་རིམ་ཏང་ཀྲི་པུའི་ལོ་མཇུག་གི་ལས་རྗེས་དཔྱད་ཞིབ་ཀྱི་གཞི་འཛིན་ས་གལ་ཆེན་ཞིག་ཏུ་བརྩིས་ནས“ཁས་ལེན་གསལ་སྟོན་དང་། གྲུབ་འབྲས་ངོམ་པ། ཕན་འབྲས་དངོས་ལ་དཔྱད་དཔོག”བཅས་ཀྱི་བྱེད་སྒོ་བརྟན་དུ་གཏོང་བ་དང་མཐའ་འཁྱོངས་བྱས་ཏེ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”ཏང་ཡོན་ལས་བྱེད་པའི་ཚེ་གང་གི་ཞིབ་འཇུག་བྱ་གཞི་དེ་རྒྱུན་གཏན་དང་ཕུགས་ཕན་ལ་སྐུལ་འདེད་གཏོང་དགོས།

ལོ་ཙཱ་བ། ལྷ་ཆེན་རྒྱལ།